ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཏང་ཙུའུ་གྲོས་ཚོགས་བསྡུས།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

ཟླ4པའི་ཚེས28ཉིན། ཞིང་ཆེན་དམངས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཏང་ཙུའུ་གྲོས་ཚོགས་ཐེངས་རེ་གསུམ་པ་བསྡུས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཉེ་དུས་ཀྱི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོངབྱས་པ་དང་།     ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་།     ཞིང་ཆེན་སྒྲིག་ཁྲིམས་ཨུ་ཡོན་ལྷན་ཁང་དང་ལྟ་སྐུལ་ཨུ་ཡོན་ལྷན་ཁང་གིས་ཁྱབ་བསྒྲགས་བྱས་པའི་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་དང་འགལ་བའི་དཔེ་མཚོན་གྱོད་དཔེ་བཞི་བཅས་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཧྲུའུ་ཅི། ཀྲུའུ་རེན་གཞོན་པ་དབྱང་ཧྥེང་ཁྲུན་གྱིས་འགོ་འཛིན་བྱས། ཀྲང་ཧོང་ཡོན་དང་ཝང་ཅིན་ཀྲའེ། ཁྲེན་ཏུང་ཁྲང་བཅས་ཚོགས་འདུར་ཞུགས།

གྲོས་ཚོགས་ལས“དབྱི་ཝུའུ་འཕེལ་རྒྱས་ཀྱི་ཉམས་མྱོང”སྔར་ལས་ཕྱོགས་སྡོམ་ཡག་པོ་དང་བཀོལ་སྤྱོད་ཡག་པོ་བྱེད་པ་སོགས་ཀྱི་བླང་བྱར་དམིགས་ཏེ། སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་།     དེའི་ལྟེ་བའི་དོན་སྙིང་དང་ལག་ལེན་བླང་བྱ་ཤེས་རྟོགས་གཏིང་ཟབ་བྱེད་པ།     མཚོ་སྔོན་གྱི་དོན་དངོས་ལ་གཞི་ཚུགས་པ།     དམངས་ཆེན་གྱི་ནུས་པ་འདོན་སྤེལ་བྱེད་པ།     བརྟན་ཐོག་ཡར་འཕེལ་དང་བདེན་སྲུང་གསར་སྐྲུན། དངོས་སྒྲུབ་སྔོན་བརྩོན་བཅས་བྱས་ནས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གྱི་ལེའུ་འབད་བརྩོན་ཆེན་པོས་འབྲི་ཆེད་བྱས་རྗེས་གསར་པ་འཇོག་དགོས་ཞེས་བསྟན།    

གྲོས་ཚོགས་ལས་སྲིད་འབྲས་ལྟ་བ་ཡང་དག་འཛུགས་པ་དང་ལག་བསྟར་བྱེད་པའི་སློབ་སྦྱོང་སློབ་གསོར་མུ་མཐུད་སྐུལ་འདེད་བཏང་ནས། ཆེད་དོན་ཞིབ་འཇུག་བགྲོ་གླེང་དང་ཉེན་བརྡའི་སློབ་གསོ།     ཞིང་ཆེན་རིམ་པའི་ཏང་ཡོན་འགོ་ཁྲིད་ལས་བྱེད་པས་རྟོག་ཞིབ་མཛུབ་ཁྲིད་སོགས་འབྲེལ་ཡོད་བྱ་བ་གོ་རིམ་ལྡན་པ་དང་ནུས་ལྡན་ངང་ཡག་པོ་སྤེལ་དགོས།     ཞིང་ཆེན་ཡོངས་ཀྱི་རྫོང་དང་ཞང་རིམ་པ་གཉིས་ཀྱི་དམངས་ཆེན་འཐུས་མིའི་སྐབས་བརྗེ་འདེམས་བསྐོའི་བྱ་བ་ཏན་ཏིག་ངང་ལེགས་པར་བསྒྲུབས་ནས། སྐབས་བརྗེ་འདེམས་བསྐོ་ཚད་ལྡན་གོ་རིམ་ཡོད་པ་དང་ཁྲིམས་ལྟར་སྤེལ་བར་ཁག་ཐེག་བྱེད་དགོས། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་དང་སྒྲིག་ཁྲིམས་ལམ་ལུགས་སྣ་སོ་སོའི་བླང་བྱ་དོན་འཁྱོལ་ནན་མོ་བྱས་ཏེ།     གྱོད་དོན་དཔྱད་གཞིར་འཛིན་པ་དང་གྱོད་དོན་ལ་བརྟེན་ནས་འགན་འཁྲི་གསལ་པོ་བཟོ་རྒྱུ་རྒྱུན་འཁྱོངས་བྱས་ནས།     གུང་གསེང་ལས་རེས་དང་བདེ་འཇགས་སྲུང་སྐྱོང་།     སྤྱོད་གཙང་སྒྲིག་སྲུང་བཅས་ཀྱི་བྱ་བ་གཅིག་གྱུར་གྱིས་དམ་འཛིན་ཡག་པོ་བྱ་དགོས། རྒྱུན་ལས་ཨུ་ཡོན་ལྷན་ཁང་གི“གཙོ་གནད་གཅིག་དང་འཆར་གཞི་གསུམ”དང“དོན་དངོས་བཅུ”ཡག་པོར་སྒྲུབ་པའི་བླང་བྱར་དམ་པོར་དམིགས་ཏེ།     “རྟག་ཏུ་སེམས་བདེ་ལ་འབབ་མི་ཐུབ་པ”དང་།     “བྱ་བ་ཚང་མར་སེམས་སུ་གདེང་ཚོད་ཡོད་པ།” “དོན་དག་རེ་རེ་དོན་འཁྱོལ་ཐུབ་པ།” “གང་སར་ཡག་ཐོག་ཡག་བརྩེགས”བཅས་ཀྱི་འགན་འཁྲི་ལ་བརྟེན་ནས། བྱ་བ་སྣ་ཚོགས་གོ་རིམ་ལྡན་པའི་སྒོ་ནས་སྤེལ་བར་སྐུལ་འདེད་བཏང་སྟེ་ཕན་འབྲས་དངོས་ཐོབ་པར་བྱེད་དགོས་པ་ནན་གྱིས་བསྟན།    

རྩོམ་སྒྲིག་པ། : ཡེ་ཤེས་སྒྲོལ་མ།