ད་ལོར་རྒྱལ་ཡོངས་ཀྱི་མི3024ལ་ལྔ་གཅིག་ངལ་རྩོལ་གྱི་གཟེངས་རྟགས་གནང་རྒྱུ་རེད།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དྲ་བ། ལོ་ཙཱ་བ། ཁོན་ཐར་འཚོ།

2026ལོའི་ལྔ་གཅིག་རྒྱལ་སྤྱིའི་ངལ་རྩོལ་དུས་ཆེན་སླེབས་ལ་ཉེ་བའི་ཆར། རྒྱལ་ཡོངས་སྤྱི་ཁྱབ་བཟོ་ཚོགས་ཀྱིས་ཟླ4ཚེས28ཉིན་ལ་གཟེངས་རྟགས་ཚོགས་ཆེན་བསྡུས་ཏེ། རྒྱལ་ཡོངས་ཀྱི་དཔེ་བཟང་མི་སྣ3024ལ་མཉམ་དུ་ལྔ་གཅིག་ངལ་རྩོལ་གཟེངས་རྟགས་གནང་། དེའི་ནང་རྒྱལ་ཡོངས་ལྔ་གཅིག་ངལ་རྩོལ་གཟེངས་ཡིག379དང་རྒྱལ་ཡོངས་ལྔ་གཅིག་ངལ་རྩོལ་གཟེངས་རྟགས1462། རྒྱལ་ཡོངས་བཟོ་བའི་གདོང་ལེན་པའི་མཚན་སྙན་ཐོབ་མཁན1183ཡོད་པ་རེད། 
  ཐེངས་འདིའི་གཟེངས་རྟགས་གནང་ཡུལ་ལ་ཁྱད་ཆོས་གང་དག་ཡོད་ཅེ་ན། གཟེངས་གནང་ཐོབ་མཁན་ཁྲོད་དུ། ཐོན་ལས་བཟོ་པ་དང་། ལས་རྐང་གི་ལས་བཟོ་བ་དང་ཆེད་ལས་ལག་རྩལ་པའི་བསྡུར་ཚད་སུམ་ཆའི་གཉིས་ལ་ཉེ་བ་དང་། མངག་ཟོས་སྐྱེལ་མཁན་སོགས་ལས་རིགས་གསར་པའི་ངལ་རྩོལ་བས་ཀྱང་བསྡུར་ཚད་ངེས་ཅན་བཟུང་ཡོད། ཁྱབ་ཁོངས་ཀྱི་ཆ་ནས་གཙོ་བོ་ནུས་ཁུངས་གསར་པ་དང་། མིས་བཟོས་རིག་ནུས།  འདུས་གྲུབ་གློག་ལམ།  ཚད་རྡུལ་གློག་འཕྲིན་སོགས་རྒྱལ་ཁབ་ཀྱི“ལོ་ལྔའི་འཆར་འགོད་བཅུ་བཞི་བ”དང“ལོ་ལྔའི་འཆར་འགོད་བཅོ་ལྔ་བའི”འཆར་འགོད་ཀྱི་གཙོ་གནད་ཁྱབ་ཁོངས་དང་། རྒྱལ་ཁབ་ཀྱི་ཆེད་དོན་ལས་གཞི་གལ་ཆེན་ལ་ཁ་ཕྱོགས་ཡོད།  གཟེངས་རྟགས་གནང་ཡུལ་རྒྱལ་དམངས་དཔལ་འབྱོར་གྱི་ལས་རིགས་མི་འདྲ་བ19ལ་ཁྱབ་ཡོད་ཅིང་།  སྤྱི་གཞུང་མ་ཡིན་པའི་ལམ་ལུགས་དང་། མི་རིགས་གྲངས་ཉུང་ལ་སོགས་ཀྱི་འཐུས་མིའི་གྲངས་འབོར་སྔོན་ཆད་དང་བསྡུར་ན་ཅུང་ཙམ་འཕར་ཡོད་དོ། །

མཐར་གཟེངས་རྟགས་ཐོབ་མཁན་རྣམས་ལ་རྟེན་འབྲེལ་ཞུ། 

    •  
རྩོམ་སྒྲིག་པ། : ཁོན་ཐར་འཚོ།