གུང་གཞོན་ཚོགས་པ་མཚོ་སྔོན་ཞིང་ཆེན་ཏང་ཨུ་ཡོན་ལྷན་ཁང་གིས་འགན་ཁུར་གཙོ་བོ་དང་ལས་ཀ་གཙོ་བོར་དམིགས་ནས་ན་གཞོན་གྱི་བསམ་བློ་ཆབ་སྲིད་སྣེ་ཁྲིད་ཤུགས་དྲག་ཏུ་བཏང་ལ། ད་ལོའི་ཟླ4པའི་བར་ཕྱོགས་སོ་སོའི་བྱ་བ་སྒྲུབ་ཐབས་ལ་ཕན་འབྲས་མངོན་གསལ་བླངས་བ་དང་། རང་རེའི་ཞིང་ཆེན་གྱི་ན་གཞོན་རྣམས་ཀྱི་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གྱི་ལག་ལེན་ཁྲོད་ཀྱི་ཁག་ཁུར་མངོན་པར་བྱས།
གུང་གཞོན་ཚོགས་པ་མཚོ་སྔོན་ཞིང་ཆེན་ཏང་ཨུ་ཡོན་ལྷན་ཁང་གིས་རྩ་འཛུགས་ཀྱི་ལེགས་ཆ་གཟེངས་སུ་བཏོན་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གྱི་ལེའུ་འབྲི་བར་ལང་ཚོའི་ཁག་ཁུར་མངོན་ཞེས་པ་བརྗོད་དོན་དུ་བྱས་པའི་ལག་ལེན་བྱེད་སྒོ་སྤེལ་ནས། མཚོ་སྔོན་གུང་གཞོན་ཚོགས་པའི་ན་གཞོན་བསམ་བློ་ཆབ་སྲིད་སློབ་ཁྲིད་དང་སློབ་སྦྱོང་ལ་དགའ་བའི་སློབ་མ་སོགས་ཟོང་རྟགས་བསྐྲུན་ནས་ན་གཞོན་རྣམས་ཀྱི་འདུ་ཤེས་གཅིག་མཐུན་ཆགས་པར་བྱས། མཚོ་སྔོན་ཞིང་ཆེན་གྱི་སློབ་གྲྭ་ཆེ་འབྲིང་ཆུང་གསུམ་རྡུལ་ཕྲན་མཁར་དུ་བསྐྱོད་པའི་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་བྱེད་སྒོ་མཉམ་འབྲེལ་སྒོས་སྤེལ་བ་དང་། མཚོ་སྔོན་འཕེལ་རྒྱས་ཀྱི་ལག་ལེན་བསམ་བློ་ཆབ་སྲིད་སློབ་ཁྲིད་ཁྲོད་སིམ་པར་སྐུལ་འདེད་བཏང་། གུང་གཞོན་ཚོགས་པའི་ཁོངས་གཏོགས་སྨྱན་སྦྱོར་གསར་བས་བརྗོད་བྱ་གཏིང་ཟབ་ཏུ་བཏང་ནས་བསམ་བློ་ཆབ་སྲིད་སློབ་ཁྲིད་རྒྱུན་འབྱམས་སུ་གྱུར་ལ། ཞིང་ཆེན་རིམ་པའི་གུང་གཞོན་ཚོགས་པའི་སྨྱད་སྦྱོར་གསར་བའི་ཞེན་མི་ས་ཡ་གཉིས་ལས་བརྒལ་བ་དང་། སྐད་འཕྲིན་དང་བརྙན་རིས་ཐུང་བའི་ལོ་རེའི་བརྩམས་ཆོས་སྤེལ་ཚད་ཉིས་ཁྲི་ལྷག་ལ་བུད་ཅིང་ཀློག་གྲངས་དུང་ཕྱུར་གཉིས་ལས་བརྒལ།
གུང་གཞོན་ཚོགས་པ་མཚོ་སྔོན་ཞིང་ཆེན་ཏང་ཨུས་ན་གཞོན་གྱི་འབད་འཐབ་བསམ་བློའི་རྨང་རྐང་སྲ་བརྟན་དུ་བཏང་ནས་བསམ་བློ་ཆབ་སྲིད་སློབ་ཁྲིད་དང་སྤྱི་ཚོགས་སློབ་ཁྲིད་གཉིས་སྦྲེལ་མཐུད་ཡོང་བར་སྐུལ་འདེད་བཏང་། དུས་རབས་གསར་བའི་ན་གཞོན་གྱིས་ལས་རྐང་དུ་བྱས་རྗེས་འཇོག་པའི་བྱེད་སྒོ་སྤེལ་ནས་ཞིང་ཆེན་ཡོངས་ཀྱི་ན་གཞོན་རྣམས་ཐོན་ལས་ཀྱི་གནས་བཞི་འཛུགས་སྐྲུན་དང་ལྗང་མདོག་རྩིས་ནུས་འཕེལ་རྒྱས་བྱ་བའི་ཁྲོད་འབད་པས་ཞུགས་པར་སྣེ་ཁྲིད་བྱས། རྨ་འབྲི་རྫ་གསུམ་ཁུལ་ཁོངས་ཀྱི་གྲོང་ཁྱེར་དང་ཁུལ་བརྒལ་བའི་སྲོང་སྐྱོབ་དང་བླངས་བྱེད་སྒོ་དང་སྐྱེ་ཁམས་ལྗོངས་ཁུལ་གྱི་མྱོང་ཁྲིད་གསར་སྤེལ་བྱས་ནས་གུང་གཞོན་ཚོགས་པའི་སྐྱེ་ཁམས་དཔལ་ཡོན་སློབ་གསོ་དང་སྐྱེ་ཁམས་དང་བླངས་ཞབས་ཞུ། སྐྱེ་ཁམས་དཔལ་ཡོན་ལག་ལེན་བྱ་བའི་མ་ལག་ཆགས་པར་ཧུར་བརྩོན་བྱས།