ཝུའུ་ཞའོ་ཅུན་ལྔ་བཞིའི་ལས་འགུལ་སྤེལ་ནས་ལོ107འཁོར་བར་དྲན་གསོ་ཞུ་བའི་གུང་གཞོན་ཚོགས་པའི་བརྗོད་དོན་གཙོ་བོའི་བྱེད་སྒོའི་བཞུགས་མོལ་ཚོགས་འདུར་ཞུགས།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

ལྔ་བཞིའི་ན་གཞོན་དུས་ཆེན་སླེབས་ལ་ཉེ་བའི་སྐབས་སུ། ཟླ4པའི་ཚེས27ཉིན་གྱི་སྔ་དྲོར། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཝུའུ་ཞའོ་ཅུན་མཚོ་སྔོན་རང་བྱུང་རིག་པ་དང་བཟོ་སྐྲུན་རིག་པའི་སློབ་གླིང་དུ་སོང་ནས། ལྔ་བཞིའི་ལས་འགུལ་སྤེལ་ནས་ལོ107འཁོར་བར་དྲན་གསོ་ཞུ་བའི་གུང་གཞོན་ཚོགས་པའི་བརྗོད་དོན་གཙོ་བོའི་བྱེད་སྒོའི་བཞུགས་མོལ་ཚོགས་འདུར་ཞུགས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ན་གཞོན་བྱ་བའི་སྐོར་གྱི་རྒྱས་བཤད་གལ་ཆེན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། ལྔ་བཞིའི་སྙིང་སྟོབས་རྒྱུན་འཛིན་དང་དར་སྤེལ་གཏོང་བ། བློ་བརྟན་འགྱུར་མེད་སྒོས་ཏང་གི་བཀའ་དྲིན་ཚོར་བ་དང་ཏང་གི་གསུང་ལ་ཉན་པ། ཏང་གི་རྗེས་སུ་འབྲངས་ཏེ།     ཕུགས་བསམ་རྒྱང་རིང་བ་དང་དད་སེམས་བརྟན་པོའི“འགན་འཁྲི་འཁུར་མཁན”དང་།     མིག་རྒྱང་རིང་བ་དང་ཏན་ཏིག་གི“འབད་འཐབ་མཁན།”སློབ་སྦྱོང་ལ་བརྩོན་འགྲུས་དང་འཇོན་ཐང་ལྡན་པའི“གསར་གཏོད་མཁན།” གཤིས་རྒྱུད་བཟང་བ་དང་བསམ་སྦྱོར་བླ་ན་མེད་པའི“བྱས་རྗེས་འཇོག་མཁན”བཅས་བྱས་ནས། དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པར་ལང་ཚོའི་སྟོབས་ཤུགས་འབུལ་དགོས་པ་ནན་གྱིས་བསྟན།

བཞུགས་མོལ་ཚོགས་འདུའི་སྟེང་། གུང་གཞོན་ཚོགས་པ་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་འགན་འཁུར་བློ་མཐུན་གྱིས་འབྲེལ་ཡོད་གནས་ཚུལ་སྙན་ཞུ་བྱས། མཚོ་སྔོན་ཞིང་ཆེན་རི་སྐྱེས་སྲོག་ཆགས་མྱུར་སྐྱོབ་གསོ་སྤེལ་ལྟེ་གནས་ཀྱི་འགན་འཁུར་བ་ཆི་ཞིན་ཀྲང་དང་།  སློབ་ཆེན་སློབ་མའི་ནུབ་རྒྱུད་འཆར་གཞིའི་དང་བླངས་པ་ཀྲེང་ཡུང་ཕན། སྡེ་བར་ལས་ཀ་སྒྲུབ་པའི་སློབ་ཆེན་སློབ་མ་ཞུས་ཅིང་ཅིང་། པེ་ཅིང་སློབ་ཆེན་ཞིབ་འཇུག་སློབ་མའི་སློབ་གསོ་རོགས་སྐྱོར་ཚོགས་པའི་ཁོངས་མི་ཧོང་ཧྲི་རུང་།  རང་གཉེར་སྨྱན་བྱད་སྤེལ་མཁན་ཀྲང་ཀྲན་ཕིང་། ཧྲུན་ཧྥུན་མྱུར་སྐྱེལ་པ་ཡན་ཁྲེང་། མཚོ་སྔོན་རང་བྱུང་རིག་པ་དང་བཟོ་སྐྲུན་རིག་པའི་སློབ་གླིང་གི་དགེ་རྒན་ཕན་ཞང་། མཚོ་སྔོན་རང་བྱུང་རིག་པ་དང་བཟོ་སྐྲུན་རིག་པའི་སློབ་གླིང་གི་སློབ་མ་ཧན་ཡུང་ཞང་།  མཚོ་སྔོན་སློབ་ཆེན་གྱི་སློབ་མ་ལི་ཙི་ཡན་སོགས་ཁྱབ་ཁོངས་མི་འདྲ་བ་ནས་ཡོང་བའི་ན་གཞོན་འཐུས་མི9ཡིས་གཏམ་བཤད།

ཝུའུ་ཞའོ་ཅུན་གྱིས་ནན་ཏན་གྱིས་གཏམ་བཤད་ལ་ཉན་པ་དང་། སྐབས་རེར་གླེང་མོལ་བརྗེ་རེས་བྱས་པ་མ་ཟད། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཚབ་བྱས་ནས་ཞིང་ཆེན་ཡོངས་ཀྱི་རིགས་སོ་སོའི་ན་གཞོན་རྣམས་ལ་དུས་ཆེན་གྱི་འཚམས་འདྲི་བྱས། ཁོས་བསྟན་དོན། མཚོ་སྔོན་གྱིས་ནུས་ཤུགས་ཡོད་རྒུས་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་དང་། ཐོན་ལས་ཀྱི“གནས་བཞི”འཛུགས་སྐྲུན།     སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས། ཞིང་ཆེན་ཡོངས་ཀྱི་ན་གཞོན་ཚོས་འཇོན་ཐང་མངོན་པར་གར་སྟེགས་རྒྱ་ཆེན་པོ་ཞིག་འདོན་སྤྲོད་བྱས་ཡོད། རྒྱ་ཆེའི་ན་གཞོན་རྣམས་དུས་སྐབས་བཟང་པོར་སྐྱེས་པ་དང་འགན་འཁྲི་ཕྲག་ཏུ་བབས་ཡོད་པས། ཀྲུང་ཧྭ་མི་རིགས་ཀྱི་བསྐལ་བརྒྱའི་བྱ་གཞག་རླབས་ཆེན་ལ་འབད་པ་དང་། རྒྱུན་འཁྱོངས་ལྷོད་མེད་སྒོས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པས་བློ་སྒྲིལ་སེམས་སྐྱེད་བྱེད་པ། མི་སྒེར་གྱིས་འབད་འཐབ་བྱས་ཏེ་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་དུས་རབས་ཀྱི་རླབས་རྒྱུན་ནང་འདྲེས་པར་བྱེད་དགོས། “རྒྱལ་དོན་གྱི་ཆེ་ཕྱོགས”སེམས་སུ་བཅངས་ནས་སྐྱེ་ཁམས་སྲུང་སྐྱོབ་དང་ཐོན་ལས་རིམ་སྤོར། གྲོང་གསེབ་དར་སྤེལ།     མི་རིགས་མཐུན་སྒྲིལ། དམངས་འཚོ་འགན་སྲུང་སོགས་གཡུལ་ས་གཙོ་བོའི་ནང་རང་འགུལ་གྱིས་ཞུགས་ཏེ། ལང་ཚོའི་ཕུགས་འདུན་མཐོ་སྒང་གི་ས་གཞི་ཆེན་པོའི་སྟེང་མངོན་དགོས། ཚེ་གང་བོར་སློབ་སྦྱོང་བྱེད་པ་རྒྱུན་འཁྱོངས་བྱས་ནས། རང་འགུལ་ངང་ཤེས་བྱ་གསར་པ་སློབ་སྦྱོང་དང་རྩལ་ནུས་གསར་པ་ཁོང་དུ་ཆུད་པར་བྱས་ཏེ། ཤེས་བྱའི་གྲུབ་ཆ་རྒྱུན་ཆད་མེད་པར་ཇེ་ལེགས་སུ་གཏོང་བ་དང་ཆེད་ལས་ཀྱི་བྱང་ཚད་མཐོ་རུ་གཏོང་དགོས། འཇིག་རྟེན་ལྟ་བ་དང་མི་ཚེའི་ལྟ་བ། རིན་ཐང་ལྟ་བ་བཅས་ཡང་དག་འཛུགས་པ་དང་། སྤྱོད་བཟང་དང་བླ་ན་མེད་པའི་གཤིས་རྒྱུད། དངོས་སྒྲུབ་སྤྱོད་ཚུལ་བཅས་གསོ་སྐྱོང་བྱས་ཏེ། ཐོག་མཐའ་བར་གསུམ་དུ་ཡོན་ཏན་རྟོགས་པ་དང་སྤྱི་པའི་སྤྱོད་བཟང་སྲུང་བ། རང་སྤྱོད་ནན་མོ་ཡོང་བ་བྱ་དགོས།   

ཝུའུ་ཞའོ་ཅུན་གྱིས་རིམ་སོ་སོའི་ཏང་ཨུ་དང་ཏང་ཙུའུ། རིམ་པ་སོ་སོའི་གུང་གཞོན་ཚོགས་པའི་རྩ་འཛུགས་བཅས་ཀྱིས་ན་གཞོན་གྱི་ཕུགས་འདུན་ལ་དོ་ཁུར་དང་ན་གཞོན་གྱི་འཕེལ་རྒྱས་ལ་རོགས་རམ། ན་གཞོན་གྱི་ལས་གཏོད་ལ་རྒྱབ་སྐྱོར་བཅས་བྱས་ཏེ། རྒྱ་ཆེའི་ན་གཞོན་འཚར་ལོངས་འབྱུང་བ་དང་འཇོན་མིར་འགྱུར་བ། གསར་གཏོད་བྱེད་པ། བྱས་རྗེས་འཇོག་པ་བཅས་ཀྱི་ཞབས་ཞུའི་འགན་སྲུང་ཡག་པོར་སྒྲུབ་ནས། སྤྱི་ཚོགས་ཡོངས་ཀྱིས་མཉམ་དུ་ན་གཞོན་ལས་དོན་ལ་དོ་ཁུར་བྱེད་པའི་ཁོར་ཡུག་བཟང་པོ་བསྐྲུན་དགོས་པ་ནན་གྱིས་བསྟན།

ལིའུ་ཆི་ཧྥན་གྱིས་འགོ་འཛིན་བྱས་པ་དང་དབྱང་ཀྲི་ཝུན་ཚོགས་འདུར་ཞུགས།

ཚོགས་འདུའི་སྔོན་ལ། ཝུའུ་ཞའོ་ཅུན་གྱིས་མཚོ་སྔོན་རང་བྱུང་རིག་པ་དང་བཟོ་སྐྲུན་རིག་པའི་སློབ་གླིང་དུ་རྟོག་ཞིབ་བྱས་པ་དང་། རིག་ནུས་སློབ་གླིང་སྟེགས་བུ་བརྒྱུད་དེ་སློབ་གྲྭའི་སློབ་བསྡུ་དང་ཤེས་ལྡན་མི་སྣའི་ནང་འདྲེན། རིག་ཚན་འཛུགས་སྐྱོང་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་བྱས་པ་དང་། ཁ་གཏད་རོགས་སྐྱོར་གྱི་ཁྱད་སྟོབས་འདོན་སྤེལ་བྱས་ནས་དམིགས་སའི་རང་བཞིན་ལྡན་པའི་སྒོ་ནས་རིག་ཚན་གཏོད་པ་དང་ཤེས་ལྡན་མི་སྣའི་ནང་འདྲེན། སློབ་མ་གསོ་སྐྱོང་བཅས་ཀྱི་བྱ་བ་ཡག་པོ་བསྒྲུབ་དགོས་པ་ནན་གྱིས་བསྟན།  གཏམ་བརྗོད་ཟློས་གར《ལང་ཚོའི་མེ་ལྕེ་སྟེ་ཚའེ་ཧོ་སེན》ཞེས་པ་འཁྲབ་སྦྱོང་བྱས་པར་བལྟས་རྗེས། ཝུའུ་ཞའོ་ཅུན་གྱིས་ན་གཞོན་སློབ་མ་དང་བརྗེ་རེས་གཏིང་ཟབ་བྱས་ནས། ཚང་མར་གསར་བརྗེ་རྒན་རབས་པའི་ལྷད་མེད་བརྩེ་སེམས་དང་དངོས་སྒྲུབ་སྙིང་སྟོབས་རྒྱུན་འཛིན་དང་དར་སྤེལ་བཏང་སྟེ། རང་ཉིད་ཀྱི་ལང་ཚོར་བརྟེན་ནས་མཐོ་སྒང་གི་ས་གཞི་ཆེན་པོའི་སྟེང་སྔར་ལས་ངོ་མཚར་བའི་ལེའུ་འབྲི་དགོས་པའི་སྐུལ་ལྕག་བྱས།

རྩོམ་སྒྲིག་པ། : ཡེ་ཤེས་སྒྲོལ་མ།