“ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”སྐབས་སུ་མཚོ་སྔོན་ཞིང་ཆེན་གྱིས་ཤེས་བྱའི་ཐོན་དབང་གིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ནུས་པ་བསྩལ།

ཡོང་ཁུངས། རྒྱང་སྒྲོག་བརྙན་འཕྲིན་ཁང་།

ཉེ་ཆར།    གསར་འགོད་པས་ཞིང་ཆེན་སྲིད་གཞུང་གསར་འགྱུར་གཞུང་སྒྲུབ་ཁང་གིས་བསྡུས་པའི2026ལོའི་མཚོ་སྔོན་ཞིང་ཆེན་གྱི་ཤེས་བྱའི་ཐོན་དབང་བྱ་བའི་ཆེད་དོན་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་རྒྱུས་ལོན་བྱུང་བ་ལྟར་ན།   ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་སྐབས་སུ།   རང་ཞིང་གིས་ཞིང་ཆེན་ཡོངས་ཀྱི་འཕེལ་རྒྱས་ཀྱི་སྤྱི་ཡོངས་ལ་དམ་པོར་དམིགས་ནས་ཤེས་བྱའི་ཐོན་དབང་བྱ་བ་དེ་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཁྱབ་ཁོངས་སོ་སོ་དང་ལས་རིམ་སོ་སོར་མཉམ་འདྲེས་ཟབ་མོ་ཡོང་བར་སྐུལ་འདེད་གཏོང་བ་དང་།  ཤེས་བྱའི་ཐོན་དབང་ལ་བརྟེན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཤུགས་བསྣན་ཏེ་དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་ཐད་གསར་གཏོད་སྒུལ་ཤུགས་ཆེན་པོ་འདོན་སྤྲོད་བྱེད་རྒྱུ་རེད།

འཐབ་ཇུས་ཁྲིད་སྟོན་ལ་ཤུགས་བསྣན་ཏེ་ཚན་རིག་དང་མཐུན་པའི་སྒོ་ནས་འཕེལ་རྒྱས་རྣམ་པར་ཇུས་འགོད་བྱེད་དགོས།  སྤུས་ཚད་མཐོན་པོསམཚོ་སྔོན་ཞིང་ཆེན་གྱི་ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་ཤེས་བྱའི་ཐོན་དབང་སྲུང་སྐྱོབ་དང་འཁོར་སྐྱོད་འཆར་འགོདསྒྲིག་བཟོ་གཏན་འབེབས་དང་ལག་བསྟར་བྱེད་པ་དང་།    ཚྭ་མཚོ་དང་ནུས་ཁུངས་གསར་པ།   སྐྱེ་ལྡན་ཞིང་ཕྱུགས་སོགས་ཁྱད་ལྡན་དགེ་མཚན་ཁྱབ་ཁོངས་ལ་དམིགས་ཏེ། སྔར་ལས་ལྷག་པའི་སྒོ་ནས་སྲིད་ཇུས་མ་ལག་འཐུས་ཚང་དུ་གཏོང་བ་དང་དམིགས་འབེན་འགན་འཁྲིའི་དཔྱད་ཞིབ་ཇེ་དྲག་ཏུ་བཏང་ནས། ཤེས་བྱའི་ཐོན་དབང་བྱ་བ་དང་ཞིང་ཆེན་ཡོངས་ཀྱི་འཕེལ་རྒྱས་འཐབ་ཇུས་གནད་འཁེལ་སྦྲེལ་མཐུད་དང་མཉམ་འདྲེས་ཟབ་མོ་ཡོང་བར་སྐུལ་འདེད་གཏོང་དགོས།

གསར་སྐྲུན་སྤུས་ཚད་ཇེ་ལེགས་སུ་བཏང་ནས་རིན་ཐང་ཆེ་བའི་ཤེས་བྱའི་ཐོན་དབང་གསོ་སྐྱོང་བྱེད་དགོས།   རིན་ཐང་ཆེ་བའི་ཆེད་ཁེའི་གསོ་སྐྱོང་འཆར་གཞི་ལག་བསྟར་ཟབ་མོ་བྱེད་པ་དང་ཐོན་ལས་གནས་བཞི་འཛུགས་སྐྲུན་བྱེད་པར་དམིགས་ནས། སྟོབས་ཤུགས་གཅིག་བསྡུས་སྒོས་ཆེད་ཁེའི་སྡེབ་སྒྲིག་གཙོ་བོ་སྐོར་ཞིག་གསར་སྐྲུན་བྱས་ཏེ། ཐོན་ལས་ཀྱི་གསར་སྐྲུན་རྨང་གཞི་སྲ་བརྟན་དུ་གཏོང་དགོས་པ་དང་།   ས་ཁམས་མཚོན་རྟགས་ཀྱིས་གྲོང་གསེབ་དར་སྤེལ་ལ་རོགས་འདེགས་བྱེད་པའི་འགུལ་སྐྱོད་རྒྱུན་མཐུད་ངང་གཏིང་ཟབ་ཏུ་སྤེལ་བ་དང་།     ས་ཁོངས་གཅིག་ལ་ཁྱད་ལྡན་གཅིག་གི་ཟོང་རྟགས་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ།   མཚོ་སྔོན་རྟགས་མའི་ཐོན་ལས་ཁྱུ་ཚོགས་སྟོབས་ཆེར་གཏོང་བ།   ཁྱད་ལྡན་ཐོན་རྫས་སྔར་ལས་མང་པོ་ཀྲུང་གོ་དང་ཡོ་རོབ་གླིང་གི་ཕན་ཚུན་ཁས་ལེན་དང་ཕན་ཚུན་སྲུང་སྐྱོབ་བྱེད་པའི་མིང་ཐོའི་ཁྲོད་ཚུད་པར་སྐུལ་འདེད་གཏོང་བ་བཅས་བྱས་ནས་མཐོ་སྒང་ཟོང་རྟགས་ཀྱི་ཁྲོམ་རའི་འགྲན་རྩོད་ནུས་པ་ཇེ་ཆེར་གཏོང་དགོས།

ཚུལ་སྒྱུར་བེད་སྤྱོད་གཏིང་ཟབ་ཏུ་བཏང་ནས་ཐོན་ལས་ཀྱི་སྤུས་འདེགས་ནུས་སྤེལ་ལ་ཤུགས་སྣོན་དགོས།   ཚྭ་མཚོ་དང་འོད་བརྟེན་སོགས་ཆེད་ཁེའི་ཕྱོགས་སྟོན་རྟེན་གཞི་འཛུགས་སྐྲུན་ལ་མགྱོགས་མྱུར་སྒོས་སྐུལ་འདེད་གཏོང་བ་དང་།   ཤེས་བྱའི་ཐོན་དབང་ཚོང་གཉེར་ལྟེ་གནས་ཀྱི་བྱེད་ནུས་རྒྱུན་མཐུད་ངང་འཐུས་ཚང་དུ་བཏང་ནས་ཆེད་ཁེའི་སྒོ་འབྱེད་ཆོག་འཐུས་དང་སྤོ་སྒྱུར་ཚུལ་སྒྱུར་ལ་སྐུལ་འདེད་གཏོང་དགོས།    ཤེས་བྱའི་ཐོན་དབང་གི་གཏའ་འཇོག་མ་དངུལ་བསྡུ་སྒྲིལ་གཞི་ཁྱོན་རྒྱུན་མཐུད་ངང་རྒྱ་བསྐྱེད་པ་དང་།   གསར་གཏོད་གྲུབ་འབྲས་སྣ་ཚོགས་དངོས་ཡོད་ཀྱི་ཐོན་སྐྱེད་ནུས་ཤུགས་སུ་བསྒྱུར་ནས། གསར་གཏོད་མུ་ཕྲེང་དང་ཐོན་ལས་མུ་ཕྲེང་གི་སྦྲེལ་མཐུད་བྱེད་ཐབས་གེགས་མེད་ཡོང་བར་བྱེད་དགོས།

སྲུང་སྐྱོབ་མ་ལག་འཐུས་ཚང་དུ་བཏང་ནས་སྤྱི་པའི་ཞབས་ཞུའི་ཕན་ནུས་ལེགས་སྒྱུར་བྱེད་དགོས་པ་དང་།     སྟོབས་ཤུགས་ཡོད་རྒུས་རྒྱལ་ཁབ་རིམ་པའི་ཤེས་བྱའི་ཐོན་དབང་སྲུང་སྐྱོབ་ལྟེ་གནས་འཛུགས་སྐྲུན་བྱས་ནས། ཤེས་བྱའི་ཐོན་དབང་མགྱོགས་མྱུར་མཐུན་སྦྱོར་གྱི་སྲུང་སྐྱོབ་རྐྱེན་སྲོལ་འཐུས་ཚང་དུ་གཏོང་དགོས།    ཤེས་བྱའི་ཐོན་དབང་གི་ཁྲིམས་བསྟར་ནུས་པ་ཤུགས་ཆེན་པོས་ཇེ་ཆེར་གཏོང་བ་དང་། ཕྱི་ཕྱོགས་དང་འབྲེལ་བ་ཡོད་པའི་ཤེས་བྱའི་ཐོན་དབང་གི་ཉེན་ཁ་སྔོན་འགོག་ཚོད་འཛིན་ལ་ཤུགས་བསྣན་ནས་ཤེས་བྱའི་ཐོན་དབང་གི་སྲུང་སྐྱོབ་འགོག་ཐིག་བརྟན་པོར་འཛུགས་དགོས།   ཤེས་བྱའི་ཐོན་དབང་གི་སྤྱི་པའི་ཞབས་ཞུའི་དྲ་རྒྱ་ཕྱོགས་ཡོངས་ནས་རིམ་སྤོར་བྱེད་པ་དང་ཤེས་བྱའི་ཐོན་དབང་ཞབས་ཞུའི་ལེ་དབར་ཁྲི་ཡི་བྱེད་སྒོ་གཏིང་ཟབ་ཏུ་སྤེལ་ནས། ཆེད་ལས་ལ་མཁས་པ་དང་བཅའ་ཁྲིམས་ཤེས་པ།  དཔལ་འབྱོར་ལ་མཁས་པའི་སྣ་འཛོམས་ཅན་གྱི་འཇོན་མིའི་དཔུང་སྡེ་མགྱོགས་མྱུར་སྒོས་གསོ་སྐྱོང་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་ཤེས་བྱའི་ཐོན་དབང་ལས་དོན་གྱི་འཕེལ་རྒྱས་ཐད་འགན་སྲུང་སྟོབས་ལྡན་འདོན་སྤྲོད་བྱེད་དགོས།

རྩོམ་སྒྲིག་པ། : ཨ་གཡང་སྐྱིད།