ཉེ་ལམ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མཛུབ་སྟོན་གལ་ཆེན་གནང་སྟེ་བསྟན་དོན། དབྱི་ཝུའུ་ཡི་ཚོང་ཟོག་ཆུང་བ་ལས་ཁྲོམ་ར་ཆེན་པོ་བསྐྱེད་པ་དང་ཐོན་ལས་ཆེན་པོ་རུ་སྒྲུབ་ནས། “དབྱི་ཝུའུ་འཕེལ་རྒྱས་ཀྱི་ཉམས་མྱོང་”གྲུབ་ཡོད་ལ། དེ་ནི་ཡུལ་བབ་དང་བསྟུན་པའི་རྫོང་ཁོངས་དཔལ་འབྱོར་འཕེལ་རྒྱས་ཀྱི་རྒྱལ་ཁའི་ལག་ལེན་ཞིག་རེད།
ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། སྲིད་འབྲས་ལྟ་བ་ཡང་དག་འཛུགས་པ་དང་ལག་ལེན་དུ་བསྟར་བའི་སློབ་སྦྱོང་སློབ་གསོར་ཟུང་འབྲེལ་བྱས་ཏེ།“དབྱི་ཝུའུ་ཡི་འཕེལ་རྒྱས་ཉམས་མྱོང་”ཕྱོགས་བསྡོམས་དང་བེད་སྤྱོད་སྔར་ལས་ཡག་པོ་བྱས་ནས། ས་ཁུལ་སོ་སོའི་རང་ངོས་ཀྱི་ཐོན་ཁུངས་དགེ་མཚན་ལ་རྐང་འཛུགས་པར་སྣེ་ཁྲིད་དགོས་ལ། གཞི་རིམ་དང་མང་ཚོགས་ཀྱི་གསར་གཏོད་ཀྱི་སྙིང་སྟོབས་ལ་བརྩི་འཇོག་སྒོས། བཅོས་བསྒྱུར་གསར་གཏོད་དང་དམ་པ་དོན་གཉེར། རྒྱུན་འཁྱོངས་ལྷོད་མེད་བཅས་བྱས་ཏེ། རང་སོ་སོའི་དོན་དངོས་དང་འཚམ་པའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལམ་བུ་འཚོལ་ཞིབ་བྱས་ནས། རྒྱལ་ཡོངས་འཕེལ་རྒྱས་ཀྱི་སྤྱི་ཡོངས་ལ་སྔར་ལས་ཞབས་འདེགས་ལེགས་པོ་ཞུ་བ་དང་མཉམ་འདྲེས་ཐུབ་པར་བྱེད་དགོས།
ཞི་ཅིན་ཕིང་གིས་ཀྲེ་ཅང་དུ་ཕྱག་ལས་གནང་སྐབས། དབྱི་ཝུའུ་རུ་ཐེངས་མང་པོར་རྟོག་ཞིབ་མཛད་ནས། དབྱི་ཝུའུ་ཡི་འཕེལ་རྒྱས་ཉམས་མྱོང་ཕྱོགས་སྡོམ་དང་ཁྱབ་གདལ་བཏང་། ལོ་འདི་དག་གི་རིང་། དབྱི་ཝུའུ་ཡིས“ཚོང་ཟོག་ཆུང་ངུ་དང་ཁྲོམ་ར་ཆེན་པོའི”ལེའུ་གསར་པ་རྒྱུན་ཆད་མེད་པར་བརྩམས་ཏེ། ད་ལྟ་ཚོང་ཟོག་ཆུང་བའི་ཚོང་རའི་གཉེར་སྐྱོང་བྱེད་པོ་ས་ཡ་གཅིག་འབུམ་གཉིས་ཁྲི་དྲུག་ལས་བརྒལ་ནས། རྒྱལ་ཁབ་དང་ས་ཁུལ230ལྷག་དང་ཉོ་ཚོང་འགྲོ་འོང་ཡོད་ལ། 2025ལོར་ཕྱི་ཕྱོགས་ཉོ་ཚོང་གི་ཕྱིར་གཏོང་གྲངས་འབོར་རྒྱལ་ཡོངས་ཀྱི་རྫོང་དང་གྲོང་ཁྱེར་དང་ཆུས་བཅས་ཀྱི་ཨང་དང་པོར་གནས་ཡོད།