མཚོ་སྔོན་གྱིས་འཛམ་གླིང་སའི་གོ་ལའི་ཉིན་མོའི་དྲིལ་སྒྲོག་བྱེད་སྒོ་སྤེལ།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

 

ཟླ4ཚེས22ཉིན་གྱི་སྔ་དྲོར། ཞིང་ཆེན་རང་བྱུང་ཐོན་ཁུངས་ཐིང་དང་ཟི་ལིང་གྲོང་ཁྱེར་རང་བྱུང་ཐོན་ཁུངས་དང་འཆར་འགོད་ཅུའུ་ཡིས་གཙོ་སྒྲུབ་དང་། མཁར་བྱང་ཆུས་མི་དམངས་སྲིད་གཞུང་དང་ཞིང་ཆེན་རང་བྱུང་ཐོན་ཁུངས་ཐིང་ཆ་འཕྲིན་ལྟེ་གནས། མཁར་བྱང་ཆུས་རང་བྱུང་ཐོན་ཁུངས་དང་ནགས་ལས་ཅུའུ་ཡིས་འགན་སྒྲུབ་བྱས་པའི་འཛམ་གླིང་སའི་གོ་ལའི་ཉིན་མོའི་མཚོ་སྔོན་གྱི་ཚོགས་ར་གཙོ་བོའི་དྲིལ་སྒྲོག་བྱེད་སྒོ་མཁར་བྱང་ཆུས་པེ་ཁྲོན་གྱི་ཐང་མཁར་ཅཱ་ཉན་ཧྭ་གྲོང་རྡལ་དུ་སྤེལ་མགོ་བརྩམས།

བྱེད་སྒོའི་སྟེང་ཡུལ་དངོས་ནས་ཤེས་བྱའི་དྲི་བར་ལན་འདེབས་པ་དང་རིག་རྩལ་འཁྲབ་སྟོན་སོགས་མང་ཚོགས་རང་བཞིན་གྱི་བྱ་འགུལ་སྤེལ་བ་དང་། བརྗོད་དོན་འགྲེམ་པང་དང་འཕྲེད་བྱང་སྟེང་རང་བྱུང་ཐོན་ཁུངས་སྐོར་གྱི་རྒྱལ་ཁབ་ཀྱི་གནས་ཚུལ་དང་རྒྱལ་ཇུས། རྒྱལ་ཁྲིམས་བཅས་ཁྱབ་བརྡལ་བཏང་བ་དང་། སྤྱི་ཚོགས་ཡོངས་ནས་སའི་གོ་ལའི་ཐོན་ཁུངས་དང་ཁོར་ཡུག་ལ་གཅེས་སྤྲས་བྱེད་པར་སྐུལ་འདེད་བཏང་། མཚོ་སྔོན་ཞིང་ཆེན་རང་བྱུང་ཐོན་ཁུངས་རྟེན་མཛོད་ཁང་ལས་བཟོ་བ་མཁར་བྱང་ཆུས་ཅེང་ཡཱ་སློབ་ཆུང་དུ་སོང་ནས་ཞིབ་འཇུག་སློབ་ཁྲིད་དང་ཆེད་མཁས་པའི་སློབ་ཁྲིད། དམར་དཔེ་འགྲེམ་སྟོན་སོགས་ཀྱི་ཚན་རིག་ཤེས་བྱ་ཁྱབ་བརྡལ་གྱི་བྱེད་སྒོ་སྤེལ།

རྒྱུས་ལོན་བྱུང་བ་ལྟར་ན། ཟླ4པའི་ཚེས20ཉིན་ནས་ཟླ4པའི་ཚེས24ཉིན་བར་ནི་འཛམ་གླིང་སའི་གོ་ལའི་ཉིན་མོའི་བྱེད་སྒོའི་གཟའ་འཁོར་ཡིན་ལ། དེའི་རིང་ཞིང་ཆེན་རང་བྱུང་ཐོན་ཁུངས་ཐིང་གིས་ཕྲེང་སྟར་བརྗོད་དོན་བྱེད་སྒོ་འཆར་འགོད་བྱས་ལ། དེའི་ཁྲོད་ཕྲེང་སྟར་ཆེད་སྒྲིག་གསར་འགྱུར་གཅིག་དང་བརྙན་རིས་ཐུང་གྲས་གཅིག ཆེད་སྒྲིག་ཐད་གཏོང་གཅིག རང་བྱུང་ཐོན་ཁུངས་བརྙན་རིས་བརྩམས་ཆོས་འགྲེམ་སྟོན་བཅས་འདུས་ཡོད།

རྩོམ་སྒྲིག་པ། : ཨ་གཡང་སྐྱིད།