ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཀྲུའུ་རེན་གྲོས་ཚོགས་བསྡུས།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

 

ཟླ4པའི་ཚེས21ཉིན། ཞིང་ཆེན་དམངས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཀྲུའུ་རེན་གྲོས་ཚོགས་ཐེངས་རེ་ལྔ་པ་བསྡུས། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཧྲུའུ་ཅི། ཀྲུའུ་རེན་གཞོན་པ་དབྱང་ཧྥེང་ཁྲུན་གྱིས་འགོ་འཛིན་བྱས། ལིའུ་ཐུང་ཏི་དང་། ཀྲང་ཧོང་ཡོན། ཝང་ཅིན་ཀྲའེ། ཁྲེན་ཏུང་ཁྲེང་བཅས་གྲོས་ཚོགས་སུ་ཞུགས།

གྲོས་ཚོགས་ལས་ཞིང་ཆེན་དམངས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ཉེར་གཉིས་པའི་བསམ་འཆར་གྲོས་གཞི་དང་འཚོགས་པའི་དུས་ཡུན་སྐོར་གྱི་སྙན་ཞུར་ཉན། 《མཚོ་སྔོན་ཞིང་ཆེན་གྱི་ས་ཞིང་དོ་དམ་སྲོལ་ཡིག་འཆར་ཟིན་གྱི་ཐེངས་གཉིས་པའི་གྲོས་ཞིབ་མ་ཡིག》གཅིག་གྱུར་ཞིབ་བཤེར་བྱ་བའི་གྲ་སྒྲིག་གནས་ཚུལ་སྐོར་གྱི་སྙན་ཞུར་ཉན། 《མཚོ་སྔོན་ཞིང་ཆེན་གྱི་བརླན་ས་སྲུང་སྐྱོབ་སྲོལ་ཡིག(བཟོ་བཅོས་འཆར་ཟིན)》དང་། 《མཚོ་སྔོན་ཞིང་ཆེན་གྱིས〈ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བཟོ་ཚོགས་བཅའ་ཁྲིམས〉ལག་བསྟར་བྱེད་ཐབས་ཀྱི(བཟོ་བཅོས་འཆར་ཟིན)གྲ་སྒྲིག་གནས་ཚུལ་ལ་གྲོས་ཞིབ་བྱེད་པའི་སྐོར་གྱི་སྙན་ཞུར་ཉན། 《ཟི་ལིང་གྲོང་ཁྱེར་གྱི་བདེ་འཇགས་ཐོན་སྐྱེད་སྲོལ་ཡིག》དང་། 《མཚོ་ཤར་གྲོང་ཁྱེར་གྱི་གྲོང་གསེབ་ཡུལ་སྐོར་སྲོལ་ཡིག》 《མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་དག་གཙང་ནུས་ཁུངས་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྲོལ་ཡིག》 《མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱི་བོད་བརྒྱུད་ནང་བསྟན་ལས་དོན་སྲོལ་ཡིག》 《རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་ཐུན་རིན་ལོ་རྒྱུས་རིག་གནས་གྲོང་ཁྱེར་གྲགས་ཅན་སྲུང་སྐྱོབ་སྲོལ་ཡིག》 《ཧི་ནན་སོག་རིགས་རང་སྐྱོང་རྫོང་གི་མཁར་གྲོང་གི་རྣམ་པའི་དོ་དམ་སྲོལ་ཡིག》སོགས་ཀྱི་གྲ་སྒྲིག་གནས་ཚུལ་ལ་ཞིབ་བཤེར་བྱེད་པའི་སྐོར་གྱི་སྙན་ཞུར་ཉན།《མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་གྱི་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅོ་ལྔ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་སོ་གཅིག་པའི〈མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་གྱི་འཕང་འབྲས་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྲོལ་ཡིག〉བཀོལ་མཚམས་འཇོག་པའི་སྐོར་གྱི་ཆོད་དོན》དང་། 《ཧུའུ་ཀྲུའུ་ཧོར་རིགས་རང་སྐྱོང་རྫོང་གི་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅོ་བརྒྱད་པའི་གྲོས་ཚོགས་ཐེངས་དྲུག་པའི〈ཧུའུ་ཀྲུའུ་ཧོར་རིགས་རང་སྐྱོང་རྫོང་གི་ཆུ་བེད་བཟོ་སྐྲུན་དོ་དམ་གྱི་སྲོལ་ཡིག〉བཀོལ་མཚམས་འཇོག་པའི་སྐོར་གྱི་ཆོད་དོན།》 《ཞུན་ཧྭ་ཟ་ལར་རིགས་རང་སྐྱོང་རྫོང་གི་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅོ་བརྒྱད་པའི་གྲོས་ཚོགས་ཐེངས་བརྒྱད་པའི〈ཞུན་ཧྭ་ཟ་ལར་རིགས་རང་སྐྱོང་རྫོང་གི་ཆུ་བེད་བཟོ་སྐྲུན་སྒྲིག་བཀོད་དོ་དམ་གྱི་སྲོལ་ཡིག〉བཀོལ་མཚམས་འཇོག་པའི་སྐོར་གྱི་ཆོད་དོན》བཅས་ཀྱི་གྲ་སྒྲིག་གནས་ཚུལ་ལ་ཞིབ་བཤེར་བྱས་པའི་སྐོར་གྱི་སྙན་ཞུར་ཉན། 《མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གི2026ལོའི་ས་གནས་སྲིད་གཞུང་གི་བུན་འཛིན་སྟེར་བ་དང་དེར་བསྟུན་གྱི་གཏོང་ཡོང་སྔོན་རྩིས་སྙོམས་སྒྲིག་བྱེད་པའི་སྐོར་གྱི་སྙན་ཞུའི》གྲ་སྒྲིག་གནས་ཚུལ་སྐོར་གྱི་སྙན་ཞུར་ཉན། 《མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གི2025ལོའི་ཞིང་ཆེན་ཡོངས་ཀྱི་སྐྱེ་ཁམས་ཁོར་ཡུག་གནས་ཚུལ་དང་ཁོར་ཡུག་སྲུང་སྐྱོབ་དམིགས་འབེན་ཡོངས་འགྲུབ་གནས་ཚུལ་སྐོར་གྱི་སྙན་ཞུ》དང་། 《མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གི་ཁྲིམས་སྐྱོང་དྲིལ་སྒྲོག་སློབ་གསོའི་བྱ་བའི་གནས་ཚུལ་སྐོར་གྱི་སྙན་ཞུ》བཅས་ཀྱི་གྲ་སྒྲིག་གནས་ཚུལ་ལ་གྲོས་ཞིབ་བྱེད་པའི་སྐོར་གྱི་སྙན་ཞུར་ཉན། མི་དོན་བསྐོ་འཇོག་གྲོས་གཞི་གྲ་སྒྲིག་གནས་ཚུལ་སྐོར་གྱི་སྙན་ཞུར་ཉན། 《མཚོ་སྔོན་ཞིང་ཆེན་ཁོངས་གཏོགས་ཀྱི་གྲོང་ཁྱེར་དང་རང་སྐྱོང་ཁུལ་གྱི་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཁོངས་མིའི་མི་གྲངས་གཏན་འབེབས་སྐོར་གྱི་ཆོད་དོན(འཆར་ཟིན)》གྱི་གྲ་སྒྲིག་གནས་ཚུལ་སྐོར་གྱི་སྙན་ཞུར་ཉན། ཀྲུའུ་རེན་གྲོས་ཚོགས་སྟེང་གོང་གི་སྙན་ཞུ་དག་ལ་འཐད་པ་བྱུང་བར་མ་ཟད། རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཀྱི་གྲོས་གཞིའི་གྲས་སུ་བཞག 

རྩོམ་སྒྲིག་པ། : ཨ་གཡང་སྐྱིད།