སྤྱི་པའི་དཔེ་མཛོད་ཁང་གི་ཞབས་ཞུའི་དྲིལ་བསྒྲགས་གཟའ་འཁོར་དང་དམངས་ཡོངས་ཀྱི་དཔེ་ཀློག་བྱེད་སྒོའི་གཟའ་འཁོར་འགོ་བརྩམས།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

 

ཟླ4པའི་ཚེས21ཉིན། 2026ལོའི“ཟླ4པའི་ཚེས23ཉིན་གྱི་འཛམ་གླིང་དཔེ་ཀློག་ཉིན་མོ”དང་དམངས་ཡོངས་ཀྱི་དཔེ་ཀློག་བྱེད་སྒོའི་གཟའ་འཁོར་གྱི་འགོ་རྩོམ་མཛད་སྒོ་མཚོ་སྔོན་ཞིང་ཆེན་དཔེ་མཛོད་ཁང་དུ་སྤེལ།

ཐེངས་འདིའི་བྱ་འགུལ་གྱི་གཞི་ཁྱོན་ཆེ་བ་དང་ཁྱབ་རྒྱ་ཆེ་བ། རྣམ་པ་གསར་པ་ཞིག་ཡིན། མཚོ་སྔོན་ཞིང་ཆེན་དཔེ་མཛོད་ཁང་གིས་གྲངས་འཛིན་དཔེ་ཀློག་དངAIལས་མིའི་མཉམ་འགུལ་ཉམས་ལེན།  དཔེ་ཆའི་ཚོང་འགྲེམ། ས་གནས་ཀྱི་ཚད་ལྡན་ཡིག་ཆའི་འགྲེམ་སྤེལ་སོགས་ཁྱད་ཆོས་ལྡན་པའི་བྱེད་སྒོ167སེམས་ཞིབ་མོས་ཇུས་འགོད་བྱས་པ་དང་། རིམ་པ་སོ་སོ་དང་རིགས་སོ་སོའི་སྤྱི་པའི་དཔེ་མཛོད་ཁང་དང་མཉམ་འགུལ་བྱས་ཏེ་དཔེ་ཀློག་བྱེད་སྒོ212སྤེལ། བྱེད་སྒོའི་ཞབས་ཞུ་དེ་ལས་ཁུངས་དང་སློབ་གྲྭ། སྡེ་ཁུལ། རོང་འབྲོག་ཁུལ་དུ་ཁྱབ་ཡོད་པ་དང་། ན་གཞོན་དང་རྒན་པ། ལོང་པའི་མི་ཚོགས་སོགས་ཚོགས་པ་རེ་རེར་ཁྱབ་ཡོད་པ་དང་། དཔེ་ཀློག་ཞབས་ཞུ་དེ་ཚོགས་པ་རེ་རེ་དང་གྲུ་ཟུར་རེ་རེར་ཁྱབ་པར་སྐུལ་འདེད་བཏང་། ནུས་ཤུགས་ཡོད་རྒུས་དཔེ་ཀློག་ཁྱབ་གདལ་དུ་གཏོང་བ་དང་དྲིལ་སྒྲོག་ལ་ཞབས་ཞུ་བྱེད་པ། རིག་གནས་འགྲེམ་སྟོན་སོགས་སྲོལ་རྒྱུན་གྱི་ཞབས་ཞུ་སྤེལ་བའི་རྨང་གཞིའི་སྟེང་། གྲངས་འཛིན་དཔེ་ཀློག་དང་རིག་ནུས་མཉམ་འགུལ། གནད་འཁེལ་ཞབས་ཞུ་སོགས་རྣམ་པ་གསར་པའི་ཁྲོད་ཧུར་ཐག་གིས་འདྲེས་པར་བྱས་ཏེ། སྲོལ་རྒྱུན་དཔེ་ཀློག་དང་དེང་རབས་ཚན་རྩལ་མཉམ་འདྲེས་གཏིང་ཟབ་བྱེད་པ་མངོན་འགྱུར་བྱས་པ་མ་ཟད། སྤྱི་པའི་རིག་གནས་ཞབས་ཞུའི་འགུག་ཤུགས་དང་དངོས་འབྲས་རང་བཞིན་ཕྱོགས་ཡོངས་ནས་མཐོ་རུ་ཕྱིན་པས། དཔེ་ཀློག་མཚོ་སྔོན་འཛུགས་སྐྲུན་བྱེད་ཆེད་སྟོབས་ཤུགས་འབུལ་དགོས།

འགོ་རྩོམ་མཛད་སྒོའི་སྟེང་། མཚོ་སྔོན་ཞིང་ཆེན་དཔེ་མཛོད་ཁང་གིས་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་ཐུན་རིན་གྲོང་ཁྱེར་དཔེ་མཛོད་ཁང་དང་། མཚོ་ཤར་གྲོང་ཁྱེར་མིན་ཧོ་ཧོས་རིགས་རང་སྐྱོང་རྫོང་གི་དཔེ་མཛོད་ཁང་། ཟི་ལིང་གྲོང་ཁྱེར་རྟ་ཐང་ཧོས་རིགས་ཧོར་རིགས་རང་སྐྱོང་རྫོང་གི་དཔེ་མཛོད་ཁང་། མཚོ་ཤར་གྲོང་ཁྱེར་ཧུའུ་ཀྲུའུ་ཧོར་རིགས་རང་སྐྱོང་རྫོང་གི་དཔེ་མཛོད་ཁང་། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཁྲི་ཀ་རྫོང་གི་དཔེ་མཛོད་ཁང་བཅས་རྫོང་རིམ་པའི་དཔེ་མཛོད་ཁང་ལྔ་ལ་དཔེ་ཆ་ཁྲི་གསུམ་ཞལ་འདེབས་སུ་ཕུལ་བ་དང་། མཚོ་སྔོན་སློབ་ཆེན་དང་མཚོ་སྔོན་མི་རིགས་སློབ་ཆེན། མཚོ་སྔོན་ཞིང་ཆེན་དྲུག་གཅིག་བྱིས་སྐྱོང་ཁང་སོགས་ཀྱི་དང་བླངས་ཞབས་ཞུའི་རུ་ཁག་ལ་དར་ཆ་བྱིན། གྲོང་ཁྱེར་གྱི་ལས་རིགས་ལག་རྩལ་སློབ་གླིང་དང་མཚོ་སྔོན་ཞིང་ཆེན་དམིགས་བསལ་སློབ་གྲྭ མཚོ་སྔོན་དགེ་ཐོན་སློབ་ཆེན། མཁར་ནུབ་ཁུལ་སློབ་གསོ་ཅུའུ་སོགས་ལས་ཁུངས་ཀྱི་དཔེ་ཀློག་ལ་དགའ་མཁན་རྣམས་ཀྱིས་རིག་རྩལ་འཁྲབ་སྟོན་དང་། དཔེ་ཀློག་མཉམ་སྤྱོད། གྱེར་འདོན་སོགས་བྱས།

མཚོ་སྔོན་ཞིང་ཆེན་དཔེ་མཛོད་ཁང་གིས་ཐེངས་འདིའི་བྱེད་སྒོ་གོ་སྐབས་སུ་བྱས་ནས། “དཔེ་ཀློག་གི་མཚོ་སྔོན་འཛུགས་སྐྲུན་བྱས་ཏེ། བསམ་པའི་མཐོ་ས་མཉམ་དུ་བསྐྲུན་དགོས”ཞེས་པ་སྤྱིའི་དམིགས་འབེན་དུ་བྱེད་པར་དམ་པོར་དམིགས་ནས། སྤྱི་ཕན་གྱི་ཁོངས་གཏོགས་བརྟན་སྲུང་དང་ཞབས་ཞུའི་རྣམ་པ་གསར་གཏོད།  དཔེ་ཀློག་གཏིང་ཟབ་པར་ཁྱབ་གདལ་དུ་གཏོང་བ། སྤྱི་པའི་རིག་གནས་ཞབས་ཞུའི་མ་ལག་མུ་མཐུད་འཐུས་ཚང་དུ་གཏོང་བ་བཅས་བྱས་ནས།     དཔེ་ཀློག་བྱེད་སྒོའི་ཐབས་ལམ་རྒྱུན་ཆད་མེད་པར་ཕུན་སུམ་ཇེ་ཚོགས་སུ་བཏང་སྟེ། མཚོ་སྔོན་གྱི་གཏམ་རྒྱུད་ཡག་པོ་བཤད་པ་དང་རྨ་ཙོང་རིག་གནས་རྒྱུན་འཛིན་ཡག་པོ་བྱས་ཏེ། དཔེ་དེབ་ཀྱི་དྲི་ཞིམ་གཙང་འགོའི་ས་གཞི་ཆེན་པོར་ཁྱབ་པ་དང་དཔེ་ཀློག་དེ་དམངས་ཡོངས་ཀྱི་འཚོ་བའི་གོམས་གཤིས་སུ་འགྱུར་བར་བྱེད་དགོས།

རྩོམ་སྒྲིག་པ། : ཨ་གཡང་སྐྱིད།