ཞིང་ཆེན་ཡོངས་ཀྱི་རྫོང་དང་ཞང་རིམ་པ་གཉིས་ཀྱི་དམངས་ཆེན་སྐབས་བརྗེ་འདེམས་བསྐོའི་བྱ་བའི་བཀོད་སྒྲིག་ཚོགས་འདུ་བསྡུས།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

 

ཟླ4པའི་ཚེས21ཉིན། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གཞུང་སྒྲུབ་ཐིང་གིས་ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་དང་། ཞིང་ཆེན་ཏང་ཨུའི་དྲིལ་སྒྲོག་པུའུ་དང་མཉམ་དུ་ཞིང་ཆེན་ཡོངས་ཀྱི་རྫོང་དང་ཞང་རིམ་པ་གཉིས་ཀྱི་དམངས་ཆེན་སྐབས་བརྗེ་འདེམས་བསྐོའི་བྱ་བའི་བཀོད་སྒྲིག་ཚོགས་འདུ་བསྡུས། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཧྲུའུ་ཅི། ཀྲུའུ་རེན་གཞོན་པ་དབྱང་ཧྥེང་ཁྲུན་དང་། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། རྩ་འཛུགས་པུའུ་ཡི་པུའུ་ཀྲང་ཚའོ་ཅུན་གྲོས་ཚོགས་སུ་ཞུགས་པ་མ་ཟད་གཏམ་བཤད། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཧྲུའུ་ཅི་གཞོན་པ། ཀྲུའུ་རེན་གཞོན་པ་ཀྲང་ཧོང་ཡོན་གྱིས་འགོ་འཛིན་བྱས།

གྲོས་ཚོགས་ལས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་ཞིང་ཆེན་ཏང་ཨུའི་བྱ་བའི་བཀོད་སྒྲིག་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཏེ། ས་གནས་སོ་སོས“ཏང་གི་འགོ་ཁྲིད་དང་མི་དམངས་རང་ཁྱིམ་རང་བདག ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་བཅས་གཅིག་གྱུར་རྒྱུན་འཁྱོངས་བྱེད་པ”དེ་སྐབས་བརྗེའི་བྱ་བའི་ཕྱོགས་སོ་སོའི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པར་སྐུལ་འདེད་གཏོང་བ་དང་།   སྐབས་བརྗེའི་འདེམས་བསྐོའི་བྱ་བའི་ཆབ་སྲིད་རང་རྟོགས་དང་བསམ་བློའི་རང་རྟོགས། བྱ་སྤྱོད་རང་རྟོགས་བཅས་མཐོར་འདེགས་གཏོང་བ་དང་དམ་འཛིན་ཡག་པོ་བྱེད་དགོས། སྙན་ཞུ་ཡར་ཞུའི་ལམ་ལུགས་གཟབ་ནན་སྒོས་དངོས་འབེབ་བྱེད་པ་དང་།   རིམ་པ་སོ་སོའི་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་འགན་ནུས་འདོན་སྤེལ་གང་ལེགས་བྱེད་པ། རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་པ།     ཁྲིམས་ལྟར་བྱ་བ་ནན་ཏན་གྱིས་བསྒྲུབ་པ།     འདེམས་དམངས་ཀྱི་ཐོ་འགོད་ནན་ཏན་གྱིས་སྤེལ་བ། ཚན་རིག་དང་མཐུན་ཞིང་ལུགས་མཐུན་གྱི་སྒོ་ནས་འདེམས་ཁུལ་དབྱེ་འབྱེད་བྱེད་པ། འདེམས་ཤོག་འཕངས་ནས་འདེམས་བསྐོ་བྱེད་པའི་བྱ་བ་ཞིབ་ཚགས་བཅས་བྱས་ཏེ་སྐབས་བརྗེ་འདེམས་བསྐོའི་གོ་རིམ་ཁྲིམས་མཐུན་དང་བརྒྱུད་རིམ་ཡོངས་བསྒྲགས།  འབྲས་བུ་ནུས་ལྡན་ཡིན་པ།     འདེམས་བསྐོའི་མཇུག་འབྲས་མི་དམངས་ཀྱིས་ཡིད་ཚིམས་པར་བྱེད་དགོས་ཞེས་བསྟན།

གྲོས་ཚོགས་ལས་ཏང་གི་འགོ་ཁྲིད་ཞིང་ཆེན་ཡོངས་ཀྱི་རྫོང་དང་ཞང་རིམ་པ་གཉིས་ཀྱི་དམངས་ཆེན་སྐབས་བརྗེའི་འདེམས་བསྐོའི་བརྒྱུད་རིམ་ཧྲིལ་བོར་ཁྱབ་པར་བྱས་ཏེ། འོས་མིའི་མིང་འདོན་འོས་སྦྱོར་གྱི་འགག་སྒོ་དམ་སྲུང་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཏང་རྩ་འཛུགས་ཀྱི་གཙོ་ཁྲིད་ནུས་པ་འདོན་སྤེལ་བྱས་པས། འདེམས་བསྐོ་བྱ་བའི་འགོ་ཁྲིད་དབང་ཆ་དང་རང་འགུལ་དབང་ཆ་དམ་འཛིན་ནན་མོ་བྱེད་དགོས། མཉམ་འབྲེལ་རྟོག་ཞིབ་ཞིབ་བཤེར་རྐྱེན་སྲོལ་འཐུས་ཚང་དུ་བཏང་ནས། རྫོང་དང་ཞང་གི་དམངས་ཆེན་འཐུས་མིའི་འོས་མིའི་ཆབ་སྲིད་ཀྱི་འགག་སྒོ་དང་བྱང་ཚད་ཀྱི་འགག་སྒོ། སྤྱོད་གཙང་གི་འགག་སྒོ།     གྲུབ་ཚུལ་གྱི་འགག་སྒོ་བཅས་གཟབ་ནན་སྒོས་དམ་འཛིན་ནན་མོ་བྱ་དགོས། མི་བཀོལ་བའི་ཁྲིད་ཕྱོགས་ཡང་དག་པ་རྒྱུན་འཁྱོངས་བྱེད་པ་དང་། ས་ཁུལ་མི་འདྲ་བའི་བྱེད་ལས་ཀྱི་ངེས་གནས་དང་འཐབ་ཇུས་བཀོད་སྒྲིག ཐོན་ཁུངས་ཀྱི་སྐྱེས་སྟོབས། ཐོན་ལས་ཀྱི་གྲུབ་ཚུལ།     གཙོ་གནད་ཁྱད་པར་ཅན་འཕེལ་རྒྱས་གཏོང་བ་བཅས་དང་ཟུང་འབྲེལ་བྱས་ནས་ཚན་ཁག་བཀོད་སྒྲིག་བྱས་ཏེ། ཚན་ཁག་གི་གྲུབ་ཚུལ་ནུས་པ་ཇེ་དྲག་ཏུ་གཏོང་དགོས། སྒྲིག་ཁྲིམས་ཀྱི་སྒྲིག་ལམ་གཟབ་ནན་དུ་གཏོང་བ་དང་། བསམ་བློའི་ཁྲིད་སྟོན་བྱེད་ཤུགས་ཆེ་རུ་གཏོང་བ།     ལྟ་སྐུལ་ཞིབ་བཤེར་ཐག་གཅོད་ནན་མོ་བྱེད་པ་བཅས་བྱས་ནས། སྐབས་བརྗེ་སྤྱོད་གཙང་གཞུང་དྲང་ལ་ཁག་ཐེག་བྱ་དགོས་པ་ནན་གྱིས་བསྟན།

རྩོམ་སྒྲིག་པ། : ཨ་གཡང་སྐྱིད།