​དམངས་ཡོངས་ཀྱི་དཔེ་ཀློག་ཚོགས་ཆེན་སྐབས་ལྔ་པ་ནན་ཁྲང་དུ་འཚོགས།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

དམངས་ཡོངས་ཀྱི་དཔེ་ཀློག་ཚོགས་ཆེན་སྐབས་ལྔ་པ་ཚེས20ཉིན་ཅང་ཞིས་ནན་ཁྲང་དུ་འཚོགས་པ་དང་ཆབས་ཅིག2026ལོའི“དམངས་ཡོངས་ཀྱི་དཔེ་ཀློག་བྱེད་སྒོའི་གཟའ་འཁོར”སྤེལ་འགོ་ཚུགས་པ་རེད། ཚོགས་ཞུགས་སྐུ་མགྲོན་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྔར་ནས་ད་བར་དཔེ་ཀློག་ལ་མཐོང་ཆེན་དང་དར་སྤེལ་གནང་ཞིང་། དམངས་ཡོངས་ཀྱི་དཔེ་ཀློག་ལ་སྣེ་ཁྲིད་དང་སྐུལ་འདེད་གཏོང་རྒྱུ་དེ་རྒྱལ་ཁབ་ཀྱི་འཐབ་ཇུས་དང་རྒྱལ་ཁབ་ཀྱི་འདུ་ཤེས་སུ་གྱུར་ནས་དམངས་ཡོངས་ཀྱི་དཔེ་ཀློག་ལ་སྐུལ་འདེད་གཏོང་བའི་བྱ་བར་སྔར་བྱུང་མྱོང་མེད་པའི་འཕེལ་རྒྱས་ཀྱི་གོ་སྐབས་འཕྲད་ཡོད་པ་བསྟན། ཚོགས་ཞུགས་སྐུ་མགྲོན་ཚོས《དམངས་ཡོངས་ཀྱི་དཔེ་ཀློག་སྐུལ་སྤེལ་སྲོལ་ཡིག》དོན་འཁྱོལ་ཡག་པོ་བྱས་ནས་རིག་གནས་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་ཁྲོད་ཀྱི་དམངས་ཡོངས་ཀྱི་དཔེ་ཀློག་གི་ནུས་པ་གལ་ཆེན་འདོན་སྤེལ་གང་ལེགས་བྱེད་པ་དང་། མི་རིགས་ཡོངས་ཀྱི་རིག་གནས་གསར་གཏོད་དང་གསར་སྐྲུན་གྱི་གསོན་ཤུགས་སྐུལ་སློང་བྱེད་དགོས་ཤིང་། དམངས་ཡོངས་ཀྱི་དཔེ་ཀློག་བྱེད་སྒོ་རྒྱུན་མཐུད་ངང་གཏིང་ཟབ་སྤེལ་ནས་དམངས་ཡོངས་ཀྱི་དཔེ་ཀློག་སྒྲིག་བཀོད་འཛུགས་སྐྲུན་དང་དོ་དམ་ཆུ་ཚད་མཐོ་རུ་གཏོང་དགོས་པ་དང་། དཔེ་ཀློག་ལ་དགའ་བའི་སྤྱི་ཚོགས་ཀྱི་དར་སྲོལ་གསོ་སྐྱོང་བྱས་ནས་མི་རྣམས་ལ་ཚེ་གང་དཔེ་ཀློག་གི་གོམས་གཤིས་ཆགས་སུ་འཇུག་དགོས་པར་འདོད། ཐེངས་འདིའི་ཚོགས་ཆེན་ཐོག“དམངས་ཡོངས་ཀྱི་དཔེ་ཀློག་ལ་མཉམ་དུ་སྐུལ་འདེད་གཏོང་བ་དང་དཔེ་ཀློག་གི་སྤྱི་ཚོགས་མཉམ་སྐྲུན་བྱེད”ཅེས་པ་བརྗོད་དོན་གཙོ་བོར་བྱས་ཡོད། 

རྩོམ་སྒྲིག་པ། : ཨ་གཡང་སྐྱིད།