ཞི་ཅིན་ཕིང་གིས་ཡོ་ནན་གུང་ཁྲན་ཏང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི་སུའུ་ལིན་དང་གྲོས་མོལ་མཛད།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

ཟླ4པའི་ཚེས15ཉིན་གྱི་སྔ་དྲོར།  ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོ་རུ་ཀྲུང་གོར་རྒྱལ་དོན་འཚམས་འདྲིར་ཡོང་བའི་ཡོ་ནན་གུང་ཁྲན་ཏང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི་སུའུ་ལིན་དང་གྲོས་མོལ་མཛད། འདི་ནི་གྲོས་མོལ་སྔོན་ལ། ཞི་ཅིན་ཕིང་དང་ལྕམ་མོ་ཕིན་ལི་ཡོན་གྱིས་སུའུ་ལིན་དང་ལྕམ་མོ་ཝུའུ་ཧྥང་ལི་དང་མཉམ་པར་བསྐྱོན་པའི་རྣམ་པ་རེད། 

ཟླ4པའི་ཚེས15ཉིན་གྱི་སྔ་དྲོར།  ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོ་རུ་ཀྲུང་གོར་རྒྱལ་དོན་འཚམས་འདྲིར་ཡོང་བའི་ཡོ་ནན་གུང་ཁྲན་ཏང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི་སུའུ་ལིན་དང་གྲོས་མོལ་མཛད། 

ཞི་ཅིན་ཕིང་གིས་སུའུ་ལིན་སླར་ཡང་ཡོ་ནན་རྒྱལ་ཁབ་ཀྱི་ཀྲུའུ་ཞིར་བདམས་ཐོན་བྱུང་བར་བཀྲ་ཤིས་རྟེན་འབྲེལ་ཞུས། ཞི་ཅིན་ཕིང་གིས་བསྟན་དོན། ཁྱེད་རང་ཡོ་ནན་རྒྱལ་ཁབ་ཀྱི་ཀྲུའུ་ཞིར་བདམས་རྗེས་འཕྲལ་མར་ཀྲུང་གོར་འཚམས་འདྲིར་ཕེབས་པ་འདིས་ཀྲུང་གོ་དང་ཡོ་ནན་གྱི་འབྲེལ་བ་འཕེལ་རྒྱས་གཏོང་རྒྱུར་ཚད་མཐོའི་མཐོང་ཆེན་གནང་བཞིན་པ་མཚོན་ཐུབ། བློ་མཐུན་སུའུ་ལིན་གཙོ་བྱས་པའི་ཡོ་ནན་གུང་ཁྲན་ཏང་ཀྲུང་དབྱང་གི་འགོ་ཁྲིད་བརྟན་པོའི་འོག ཡོ་ནན་སྤྱི་ཚོགས་རིང་ལུགས་ཀྱི་བགྲོད་ལམ་དུ་བློ་བརྟན་འགྱུར་མེད་སྒོས་བསྐྱོད་དེ། ཏང་འཛུགས་རྒྱལ་འཛུགས་ཀྱི“བརྒྱ་ལོ་གཉིས”ཀྱི་འབད་འཐབ་དམིགས་འབེན་ཕྱོགས་སུ་འབད་འབུངས་ཡར་བརྩོན་བྱེད་ཐུབ་པར་ཡིད་ཆེས་ཡོད། རྒྱལ་སྤྱིའི་གནས་བབ་ལ་འགྱུར་ལྡོག་ཇི་ལྟར་བྱུང་རུང་། ཀྲུང་གོའི་ཕྱོགས་ནས་ཐོག་མཐའ་བར་གསུམ་དུ་ཡོ་ནན་མཐའ་འཁོར་ཕྱི་འབྲེལ་གྱི་ཁ་ཕྱོགས་གཙོ་བོར་བཟུང་སྟེ། ཡོ་ནན་ཕྱོགས་དང་ཐོག་མའི་དམ་བཅའ་མི་བརྗེད་པར་མཛའ་བརྩེ་རྒྱུན་འཁྱོངས་དང་། མཐུན་སྒྲིལ་མཉམ་ལས། ཕན་ཚུན་རྒྱབ་སྐྱོར་བཅས་བྱས་ཏེ། མུ་མཐུད་དུ“སྔར་ལས་ལྷག་པ་དྲུག”གི་སྤྱིའི་དམིགས་འབེན་ལ་དམིགས་ནས། ཁྱོན་ཡོངས་འཐབ་ཇུས་མཉམ་ལས་ལ་སྤུས་ཚད་མཐོ་བའི་སྐུལ་འདེད་གཏོང་བ་དང་། ཆུ་ཚད་སྔར་ལས་མཐོ་བའི་འཐབ་ཇུས་ཀྱི་དོན་སྙིང་ལྡན་པའི་ཀྲུང་གོ་དང་ཡོ་ནན་གྱི་ལས་སྐལ་གཅིག་མཐུན་ཚོགས་པ་གང་མགྱོགས་སྒོས་བསྐྲུན་ནས། མིའི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པ་བསྐྲུན་ཆེད་སྔར་ལས་ལྷག་པའི་བྱས་རྗེས་ཆེན་པོ་འཇོག་འདོད་ཡོད། 

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཏང་གི་འགོ་ཁྲིད་ནི་སྤྱི་ཚོགས་རིང་ལུགས་ཀྱི་ངོ་བོའི་ཁྱད་ཆོས་དང་དགེ་མཚན་ལེགས་ཤོས་དེ་ཡིན། སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་དང་གུང་ཁྲན་ཏང་གི་སྲིད་སྐྱོང་གོ་གནས་ལ་སྲུང་སྐྱོབ་བྱ་རྒྱུ་ནི་ཀྲུང་གོ་དང་ཡོ་ནན་ཏང་གཉིས་ཀྱི་ཐུན་མོང་གི་འཐབ་ཇུས་ཁེ་ཕན་ཆེ་ཤོས་དེ་ཡིན། ཕྱོགས་གཉིས་ཀྱིས་ཚད་མཐོ་བའི་འཐབ་ཇུས་ཀྱི་རིགས་ལམ་གསལ་བོ་དང་འཐབ་ཇུས་ཀྱི་ངེས་ཤུགས་ཆེན་པོ་རྒྱུན་འཁྱོངས་བྱས་ཏེ། ཐོག་མཐའ་བར་གསུམ་དུ་བགྲོད་ལམ་གྱི་གདེང་ཚོད་དང་ལམ་ལུགས་ཀྱི་གདེང་ཚོད་ཇེ་བརྟན་དུ་བཏང་ནས། བཅོས་སྒྱུར་བྱས་རུང་ཁ་ཕྱོགས་མི་འགྱུར་བ་དང་འཕོ་འགྱུར་བྱུང་རུང་ངོ་བོ་མི་འགྱུར་བ་རྒྱུན་འཁྱོངས་བྱེད་དགོས།

ཕྱོགས་གཉིས་ཀྱིས་ཏང་བར་གྱི་ཐབས་ལམ་གྱི་དམིགས་བསལ་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། མཐོ་རིམ་འགྲོ་འོང་གཏིང་ཟབ་ཏུ་སྤེལ་བ་དང་ཆབ་སྲིད་ཐད་ཕན་ཚུན་ལ་ཡིད་ཆེས་བྱེད་ཤུགས་ཆེ་རུ་གཏོང་དགོས། མཐོ་རིམ་ཐུག་འཕྲད་དང་། གཞུང་ལུགས་ཞིབ་གྲོས། ལས་བྱེད་གསོ་སྐྱོང་། ཁ་གཏད་བརྗེ་རེས། ས་གནས་མཉམ་ལས་སོགས་ཀྱི་ལམ་སྲོལ་བེད་སྤྱོད་ལེགས་པོ་བྱས་ནས། རེས་སྐོར་གསར་པའི་ཀྲུང་གོ་གུང་ཁྲན་ཏང་དང་ཡོ་ནན་གུང་ཁྲན་ཏང་གི་མཉམ་ལས་འཆར་གཞི་ལག་བསྟར་བཟང་པོ་བྱེད་པ་དང་། ཏང་དང་རྒྱལ་ཁབ་སྐྱོང་བའི་གཞུང་ལུགས་དང་ཉམས་མྱོང་བརྗེ་རེས་དང་ཕན་ཚུན་དཔེ་གཞིར་འཛིན་པའི་ལས་དོན་གཏིང་ཟབ་ཏུ་སྤེལ་དགོས། ཆབ་སྲིད་ཀྱི་བདེ་འཇགས་སྲུང་སྐྱོང་བྱ་རྒྱུ་དེ་གཙོ་བོར་བཟུང་སྟེ། ཕྱི་འབྲེལ་དང་། རྒྱལ་སྲུང་། སྤྱི་བདེ་བཅས་ཀྱི་འཐབ་ཇུས་གླེང་མོལ་རྐྱེན་སྲོལ་བེད་སྤྱོད་ལེགས་པོ་བྱས་ནས། རྒྱལ་ཁབ་གཉིས་ཀྱི་གཞོན་ནུའི་མི་རབས་ཀྱི་ཕུགས་བསམ་དང་དད་མོས་སློབ་གསོར་མུ་མཐུད་དུ་ཤུགས་སྣོན་དགོས། 

ཕྱོགས་གཉིས་ཀྱིས་རྡོག་རྩ་གཅིག་སྒྲིལ་དང་ལག་གདང་སྦྲེལ་ནས་དེང་རབས་ཅན་གྱི་བགྲོད་ལམ་ཐོག་བསྐྱོད་དགོས། འཐབ་ཇུས་འབྲེལ་མཐུད་མགྱོགས་མྱུར་འཕེལ་རྒྱས་བཏང་སྟེ་རྨང་གཞིའི་སྒྲིག་བཀོད་ཀྱི་ཕན་ཚུན་སྦྲེལ་མཐུད་ལ་སྐུལ་འདེད་གཏོང་དགོས། མིས་ཐབས་རིག་ནུས་དང་། འདྲེན་གཟུགས་ཕྱེད་མ། ཟོག་སྦྲེལ་དྲ་བ་སོགས་གསར་དར་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་དགོས། ཀྲུང་གོའི་ཕྱོགས་ནས་ཡོ་ནན་གྱི་སྤུས་ལེགས་ཐོན་རྫས་སྔར་ལས་མང་པོ་ཀྲུང་གོའི་ཁྲོམ་རར་ཞུགས་པར་དགའ་བསུ་ཞུས་པ་ཡིན། ཕྱོགས་གཉིས་ཀྱིས་ཡུལ་སྐོར་དང་། རིག་གནས། སྨྱན་སྦྱོར། སློབ་གསོ། འཕྲོད་བསྟེན། ལུས་རྩལ་སོགས་མཛའ་བརྩེའི་བརྗེ་རེས་དང་མཉམ་ལས་ལ་མུ་མཐུད་དུ་ཤུགས་བསྣན་ནས། རྒྱལ་ཁབ་གཉིས་ཀྱི་མི་དམངས་བར་གྱི་བརྩེ་བ་སྔར་ལས་ཟབ་པར་སྐུལ་འདེད་གཏོང་དགོས། ངས་ཁྱེད་དང་མཉམ་དུ2026ལོ་ནས་2027ལོའི་“ཀྲུང་གོ་དང་ཡོ་ནན་གྱི་ཡུལ་སྐོར་མཉམ་ལས་ལོ”ཁྱབ་བསྒྲགས་བྱེད་འདོད་ཡོད།

ཕྱོགས་གཉིས་ཀྱིས་ཞི་བདེ་དང་། འཕེལ་རྒྱས། མཉམ་ལས། གཉིས་ཕན་བཅས་ཀྱི་དར་ཆ་མཐོན་པོར་བསྒྲེངས་ཏེ། ཕྱོགས་རྐྱང་རིང་ལུགས་དང་སྲུང་སྐྱོབ་རིང་ལུགས་ལ་ཐུན་མོང་གིས་ངོ་རྒོལ་བྱས་ནས། གོ་ལ་ཧྲིལ་པོའི་རང་མོས་ཉོ་ཚོང་སྒྲིག་སྲོལ་དང་ཐོན་ལས་མུ་ཕྲེང་དང་མཁོ་སྤྲོད་མུ་ཕྲེང་བརྟན་པོའི་ངང་ཤར་གཏོང་ཐུབ་པར་སྲུང་སྐྱོབ་བྱེད་དགོས། གོ་ལ་ཧྲིལ་པོའི་འཕེལ་རྒྱས་ཀྱི་གྲོས་འགོ་དང་། གོ་ལ་ཧྲིལ་པོའི་བདེ་འཇགས་ཀྱི་གྲོས་འགོ གོ་ལ་ཧྲིལ་པོའི་དཔལ་ཡོན་གྱི་གྲོས་འགོ། གོ་ལ་ཧྲིལ་པོའི་བཅོས་སྐྱོང་གི་གྲོས་འགོ་བཅས་མཉམ་དུ་ལག་བསྟར་བྱས་ནས། གོ་ལ་ཧྲིལ་པོའི་རང་བཞིན་གྱི་འགྲན་སློང་ལ་མཉམ་དུ་གདོང་གཏོད་དགོས། ད་ལོ་ནི་ཀྲུང་གོ་དང་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་ཁྱོན་ཡོངས་འཐབ་ཇུས་གྲོགས་པོའི་འབྲེལ་བ་བཙུགས་ནས་ལོ5འགོར་བའི་ལོ་ཡིན་ལ། ཀྲུང་གོའི་ཕྱོགས་ནས་ས་ཁུལ་གྱི་རྒྱལ་ཁབ་དང་མཐུན་སྦྱོར་གཞོགས་འདེགས་ལ་ཤུགས་བསྣན་ནས། ཀྲུང་གོ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་ལས་སྐལ་གཅིག་མཐུན་ཚོགས་པ་བསྐྲུན་པར་སྐུལ་འདེད་གཏོང་འདོད་ཡོད།

སུའུ་ལིན་གྱིས་བསྟན་དོན། འདི་ནི་ང་རང་ཡོ་ནན་རྒྱལ་ཁབ་ཀྱི་ཀྲུའུ་ཞིར་བདམས་ཐོན་བྱུང་རྗེས་ཕྱི་རྒྱལ་དུ་འཚམས་འདྲི་བྱེད་ཐེངས་དང་པོ་ཡིན་ལ། སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ན་ནིང་ཡོ་ནན་ལ་ལོ་རྒྱུས་རང་བཞིན་གྱི་འཚམས་འདྲི་བྱས་ནས་ལོ་གཅིག་འཁོར་བའི་ལོ་ཡང་ཡིན་པས། འདི་ལས་སྤྱི་ཁྱབ་ཧྲུའུ་ཅི་བློ་མཐུན་གྱིས་གསུངས་པའི“ཁྱིམ་མཚེས་བར་གྱི་འབྲེལ་བ་ཇེ་ཉེ་ཇེ་ཉེ་ཡིན”གསུང་བ་མཚོན་ཐུབ། ཡོ་ནན་ཕྱོགས་ཀྱིས་ཀྲུང་གོ་གུང་ཁྲན་ཏང་དང་། སྲིད་གཞུང་། མི་དམངས་བཅས་ཀྱིས་ཡོ་ནན་གུང་ཁྲན་ཏང་གི་ཚོགས་ཆེན་བཅུ་བཞི་པར་ཆབ་སྲིད་ཀྱི་རྒྱབ་སྐྱོར་གལ་ཆེན་གནང་བར་ཐུགས་རྗེ་ཆེ་ཞུས་པ་ཡིན་ལ། ཐོག་མཐའ་བར་གསུམ་དུ་ཀྲུང་གོ་ཕྱོགས་དང་སྲོལ་རྒྱུན་གྱི་མཛའ་བཤེས་རྒྱུན་འཛིན་བྱས་ཏེ། རྒྱལ་ཁབ་གཉིས་ཀྱི་ཁྱོན་ཡོངས་འཐབ་ཇུས་གྲོགས་པོའི་འབྲེལ་བ་དང་འཐབ་ཇུས་ཀྱི་དོན་སྙིང་ལྡན་པའི་ལས་སྐལ་གཅིག་མཐུན་ཚོགས་པ་རྒྱུན་ཆད་མེད་པར་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་འདོད་ཡོད། ཡོ་ནན་ཕྱོགས་ཀྱིས་ཀྲུང་གོས“ལོ་ལྔའི་འཆར་འགོད་བཅུ་བཞི་པའི”འཆར་འགོད་ལེགས་འགྲུབ་བྱུང་བ་མ་ཟད་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་བླངས་པར་རྟེན་འབྲེལ་ཞུས་པ་ཡིན། ཀྲུང་གོ་ཕྱོགས་ཀྱིས་ལོ་ལྔའི་འཆར་འགོད་བཅོ་ལྔ་པ་བདེ་བླག་ངང་ལག་བསྟར་བྱེད་པ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་འཛུགས་སྐྲུན་ལ་རྒྱུན་ཆད་མེད་པར་སྐུལ་འདེད་བཏང་སྟེ། བརྒྱ་ལོ་གཉིས་ཀྱི་འབད་འཐབ་དམིགས་འབེན་དུས་བཅད་ལྟར་མངོན་འགྱུར་བྱས་ནས། འཛམ་གླིང་ཞི་བདེ་དང་འཕེལ་རྒྱས་ཀྱི་འདེགས་སྐྱོར་སྟོབས་ཤུགས་དང་སྒུལ་ཤུགས་གཙོ་བོ་རུ་འགྱུར་ཐུབ་པར་ཡིད་ཆེས་ཡོད།

མིག་སྔར། ཡོ་ནན་དང་ཀྲུང་གོའི་འབྲེལ་བར་དགེ་མཚན་ལྡན་པའི་འཕེལ་ཕྱོགས་སྲུང་འཛིན་བྱས་པ་དང་། འཐབ་ཇུས་ཀྱི་འབྲེལ་གཏུག་དམ་ཟབ་ཡིན། རྒྱལ་སྲུང་བདེ་འཇགས་ཁྱབ་ཁོངས་གླེང་མོལ་བྱེད་པ་ནས་དངོས་གཉེར་མཉམ་ལས་ཀྱི་དུས་རིམ་དུ་སླེབས་པ་དང་། དཔལ་འབྱོར་ཉོ་ཚོང་དངུལ་གཏོང་དང་། རྨང་གཞིའི་སྒྲིག་བཀོད་མཉམ་ལས་གཏིང་ཟབ་ཏུ་སྤེལ་བ། དམངས་ཁྲོད་ཀྱི་བརྗེ་རེས་ཤིན་ཏུ་མང་བ་དང་། ཕྱོགས་མང་འབྲེལ་གཏུག་སྔར་བས་ཇེ་ཟབ་ཏུ་ཕྱིན་ཡོད། ཡོ་ནན་ཕྱོགས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཡོ་ནན་དང་ཀྲུང་གོའི་འབྲེལ་བར་བཅངས་པའི་དམིགས་བསལ་གྱི་བརྩེ་བ་དང་སྔ་ཕྱི་བར་གསུམ་དུ་རྒྱབ་སྐྱོར་གནང་བར་བརྩི་མཐོང་དང་། བློ་བརྟན་འགྱུར་མེད་ཀྱིས་ཀྲུང་གོའི་འབྲེལ་བ་འཕེལ་རྒྱས་གཏོང་རྒྱུ་དེ་ཡོ་ནན་གྱི་ཕྱི་རོལ་ཡུལ་གྱི་དགོས་མཁོ་དང་། འཐབ་ཇུས་ཀྱི་གདམ་ག སྔོན་འགྲོ་གཙོ་བོ་བཅས་སུ་བརྩིས་ཏེ། ཀྲུང་གོ་གཅིག་ལས་མེད་པའི་སྲིད་ཇུས་ལ་མུ་མཐུད་དུ་རྒྱབ་སྐྱོར་བྱེད་པ་དང་། ཀྲུང་གོ་ཕྱོགས་དང་མཉམ་དུ་འཐབ་ཇུས་འབྲེལ་གཏུག་དང་། ཆུ་ཚད་མཐོ་བའི་འཐབ་ཇུས་མཉམ་ལས་ལ་ཤུགས་བསྣན་ནས་དཔལ་འབྱོར་ཉོ་ཚོང་དང་། དངུལ་གཏོང་། ལྕགས་ལམ་སོགས་རྨང་གཞིའི་སྒྲིག་བཀོད་དང་། ཡུལ་སྐོར་མཉམ་ལས་ཀྱི་ཆུ་ཚད་མཐོ་རུ་གཏོང་བ། སློབ་གསོ་དང་། གསོ་སྦྱོང་། ཚན་རྩལ། མི་གཞུང་། ས་གནས་བཅས་ཀྱི་མཉམ་ལས་ལ་ཤུགས་བསྣན་ནས། སྐམ་སའི་མཐའ་མཚམས་དོ་དམ་སྔར་ལས་ལེགས་པོ་དང་། མཚོ་ཐོག་ཞི་བདེ་སྲུང་སྐྱོང་བྱེད་འདོད་ཡོད། ཡོ་ནན་ཕྱོགས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བཏོན་པའི་གོ་ལ་ཧྲིལ་པོའི་འཕེལ་རྒྱས་ཀྱི་གྲོས་འགོ་དང་། གོ་ལ་ཧྲིལ་པོའི་བདེ་འཇགས་གྲོས་གཞི། གོ་ལ་ཧྲིལ་པོའི་དཔལ་ཡོན་གྲོས་གཞི། གོ་ལ་ཧྲིལ་པོའི་བཅོས་སྐྱོང་གྲོས་འགོ་བཅས་ལ་རྒྱབ་སྐྱོར་བྱེད་པ་མ་ཟད། ཀྲུང་གོ་ཕྱོགས་དང་མཉམ་དུ་མིའི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པ་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་འདོད་ཡོད།

གྲོས་མོལ་མཇུག་བསྒྲིལ་རྗེས། ཕྱོགས་གཉིས་ཀྱིས་ཏང་བར་དང་། སྤྱི་བདེ། ཁྲིམས་འཛིན། དཔལ་འབྱོར། ཐོན་སྐྱེད་དང་མཁོ་སྤྲོད་ཀྱི་མུ་ཕྲེང་མཉམ་ལས། འགག་སྒོའི་མཉམ་ལས། ཚན་རྩལ། དམངས་འཚོ། མི་ཤུགས་ཐོན་ཁུངས་གསར་སྤེལ། སྨྱན་སྦྱོར་དང་ས་གནས་སོགས་ཁྱབ་ཁོངས་སྐོར་གྱི་ཕྱོགས་གཉིས་ཀྱི་མཉམ་ལས་ཡིག་ཆ་མང་པོར་མིང་རྟགས་བཀོད་པར་མཉམ་དུ་བདེན་དཔང་བྱས།

ཉིན་དེའི་ཉིན་གུང་། ཞི་ཅིན་ཕིང་དང་ཕིན་ལི་ཡོན་གྱིས་མི་དམངས་ཚོགས་ཁང་ཆེན་མོའི་གསེར་མདོག་ཚོམས་ཆེན་དུ་སུའུ་ལིན་བཟའ་ཟླ་གཉིས་ལ་དགའ་བསུ་ཞུ་བའི་གསོལ་སྟོན་བསྡུས། 

ཚའེ་ཆི་དང་ཝང་དབྱི། དབྱིན་ལི། ཝང་ཞའོ་ཧུང་སོགས་འབྲེལ་ཡོད་བྱེད་སྒོར་ཞུགས།

རྩོམ་སྒྲིག་པ། : ཁོན་ཐར་འཚོ།