ཟླ4བའི་ཚེས10ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་པེ་ཅིང་དུ། ཀྲུའུ་ཞི་ཀྲེང་ལི་ཝུན་གྱིས་སྣེ་ཁྲིད་པའི་ཀྲུང་གོ་གོ་མིན་ཏང་གི་འཚམས་འདྲི་ཚོགས་པར་མཇལ་འཕྲད་གནང་བར་མ་ཟད་གསུང་བཤད་གལ་ཆེན་གནང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་ཧྭ་མི་རིགས་སྤྱིའི་ཁེ་ཕན་དང་ཕུགས་ཀྱི་འཕེལ་རྒྱས་ལ་དམིགས་ཏེ། “ཡང་དག་པའི་ངོས་འཛིན་གྱིས་སེམས་པ་གཅིག་མཐུན་ཡོང་རྒྱུར་སྐུལ་འདེད་གཏོང་རྒྱུ་རྒྱུན་འཁྱོངས་དང་། ཞི་བའི་འཕེལ་རྒྱས་ལ་བརྟེན་ནས་ཐུན་མོང་གི་ཁྱིམ་གཞིས་སྲུང་སྐྱོང་བྱ་རྒྱུ་རྒྱུན་འཁྱོངས། སྤེལ་རེས་དང་མཉམ་འདྲེས་ལ་བརྟེན་ནས་དམངས་འཚོའི་བདེ་རྩ་ཆེ་རུ་གཏོང་རྒྱུ་རྒྱུན་འཁྱོངས། མཐུན་སྒྲིལ་འབད་འཐབ་ལ་བརྟེན་ནས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་ཡོང་རྒྱུ་རྒྱུན་འཁྱོངས་བྱེད་དགོས”ཞེས་པའི་རྒྱས་བཤད་གལ་ཆེན་བཏོན་ནས། འགྲམ་གཉིས་ཀྱི་འབྲེལ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་མདུན་སྐྱོད་ཀྱི་ཁ་ཕྱོགས་སྔར་ལས་གསལ་སྟོན་དང་མཛུབ་ཁྲིད་གལ་ཆེན་མཁོ་འདོན་བྱས། སྤྱི་ཁྱབ་ཧྲུའུ་ཅིའི་གསུང་བཤད་གལ་ཆེན་ལ་རྒྱལ་ཁབ་ཕྱི་ནང་ཀུན་དུ་དོ་སྣང་ཆེན་པོ་བྱས།
མཇལ་འཕྲད་གནང་སྐབས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བསྟན་དོན། འགྲམ་གཉིས་ཀྱི་སྤུན་ཟླ་ཚང་མས་ཐའེ་ཝན་མཚོ་འགག་ཞི་བདེ་ལྷིང་འཇགས་ཡོང་བ་དང་། འགྲམ་གཉིས་ཀྱི་འབྲེལ་བ་ལེགས་བཅོས་དང་འཕེལ་རྒྱས་ཡོང་བ། འཚོ་བ་སྔར་བས་མཛེས་སྡུག་ལྡན་པར་རེ་སྒུག་བྱེད་པ་དེ་ནི་གོ་གུང་ཏང་གཉིས་ཀྱིས་ཁག་དཀྲི་མི་རུང་བའི་འགན་འཁྲི་ཡིན་ལ། ལག་གདང་སྦྲེལ་ནས་མཉམ་ལས་བྱེད་པའི་སྒུལ་ཤུགས་ཀྱང་ཡིན།
དེང་སྐབས་འཛམ་གླིང་གི་ལོ་བརྒྱའི་འཕོ་འགྱུར་ཇེ་མགྱོགས་སུ་འགྲོ་བཞིན་ཡོད། འོན་ཀྱང་རྒྱལ་སྤྱིའི་གནས་བབ་དང་ཐའེ་ཝན་མཚོ་འགག་གི་གནས་བབ་ལ་འགྱུར་ལྡོག་ཇི་ལྟར་བྱུང་རུང་། མིའི་རིགས་འཕེལ་རྒྱས་དང་ཡར་ཐོན་ཡོང་བའི་ཁ་ཕྱོགས་ཆེན་པོ་འགྱུར་མི་སྲིད་ལ། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་གྱི་འཕེལ་ཕྱོགས་ཆེན་པོར་འགྱུར་ལྡོག་འབྱུང་མི་སྲིད་པ་དང་། འགྲམ་གཉིས་ཀྱི་སྤུན་ཟླ་མཉམ་དུ་སྐྱོད་པའི་རླབས་རྒྱུན་ཆེན་པོར་འགྱུར་ལྡོག་འབྱུང་མི་སྲིད། འདི་ནི་ལྡོག་མེད་ཀྱི་ལོ་རྒྱུས་ཡིན་པས་ང་ཚོར་ཡིད་ཆེས་ཀྱིས་ཁེངས་ཡོད།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བརྩེ་བས་ཁེངས་པའི་གསུང་བཤད་ལས། ཏང་ཆེན་པོ་དང་རྒྱལ་ཁབ་ཆེན་པོའི་གཙོ་འཛིན་གྱི་བློ་རྒྱ་དང་། ཐའེ་ཝན་སྤུན་ཟླར་བཅངས་པའི་ཐུགས་ཁུར་དང་གཅེས་སྐྱོང་མངོན་ཡོད་ལ། སྐམ་ས་ཆེན་མོའི་ཕྱོགས་ཀྱིས་འགྲམ་གཉིས་ཀྱི་ཞི་བདེ་དོན་གཉེར་དང་། སྤུན་ཟླའི་བདེ་སྐྱིད་དོན་གཉེར་བྱས་ཏེ། མི་རིགས་བསྐྱར་དར་དོན་གཉེར་བྱེད་པའི་འགན་འཁྲི་འཁུར་སེམས་དང་ལོ་རྒྱུས་ཀྱི་འགན་འཁྲི་འཁུར་སེམས་མཚོན་ཡོད།
ཀྲུང་གོ་སྤྱི་ཚོགས་ཚན་རིག་གླིང་ཐའེ་ཝན་ཞིབ་འཇུག་སུའོ་ཡི་སུའོ་ཀྲང་། ཀྲུའུ་ཝུའེ་ཏུང་གིས་བཤད་རྒྱུར། ད་ཐེངས་སྤྱི་ཁྱབ་ཧྲུའུ་ཅིས་མི་རིགས་བསྐྱར་དར་གྱི་འཕེལ་ཕྱོགས་ཆེན་པོ་འགྱུར་མི་སྲིད་པ་དང་། འགྲམ་གཉིས་ཕན་ཚུན་གྱི་གམ་དུ་བཅར་ནས་མཉམ་དུ་སྐྱོད་པའི་རླབས་རྒྱུན་ཆེན་པོ་འགྱུར་མི་སྲིད། ད་ལྟའི་ཐའེ་ཝན་མཚོ་འགག་གི་དུས་བབ་རྙོག་འཛིང་ཆེ་ལ་ཛ་དྲག་ཡིན་ལ། དམངས་གཙོ་ཡར་སྐུལ་ཏང་གི“ཐའེ་ཝན་རང་བཙན”གྱི་སྲིད་ཇུས་ཀྱིས་འགྲམ་གཉིས་ཀྱི་འབྲེལ་བར་གཏོར་བཤིག་གཏོང་བཞིན་ཡོད་པས། ང་ཚོས“དགུ་གཉིས་ཐུན་མོང་ངོས་འཛིན”སྲུང་ནས་“ཐའེ་ཝན་རང་བཙན”ལ་ངོ་རྒོལ་བྱེད་པའི་ཐུན་མོང་གི་ཆབ་སྲིད་རྨང་གཞིའི་སྟེང་། འགྲམ་གཉིས་ཀྱིས་ཞི་བདེའི་མཉམ་ལས་བྱེད་པའི་མཉམ་རྒྱལ་མངོན་འགྱུར་བྱེད་དགོས་ཞེས་ཟེར།
ཐའེ་ཝན་གཅིག་གྱུར་མནའ་འབྲེལ་ཏང་གི་མཚན་འཛིན་ཀྲུའུ་ཞི། ཆི་ཅ་ལིན་གྱིས་བཤད་རྒྱུར། སྤྱི་ཁྱབ་ཧྲུའུ་ཅིའི་གསུང་བཤད་གལ་ཆེན་དེ་འགྲམ་གཉིས་ཀྱི་སྤེལ་རེས་དང་ཞི་བདེའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་དུས་རབས་འབྱེད་པའི་དོན་སྙིང་གལ་ཆེན་ལྡན་པས། ཐའེ་ཝན་དུ་རྒྱ་ཁྱབ་དང་དགེ་མཚན་ལྡན་པའི་དྲང་ཕྱོགས་ཀྱི་ནུས་པ་ཐོན་ཡོད། སྤྱི་ཁྱབ་ཧྲུའུ་ཅིས་གསུང་བཤད་ཁྲོད་འགྲམ་གཉིས་ཀྱི་སྤུན་ཟླའི་མེས་པོ་དང་རིག་གནས། རིགས་རྒྱུད་བཅས་གཅིག་ཡིན་ལ་ཤ་རུས་གཅིག་ཏུ་འདྲེས་ཡོད་ལ། ཁྱིམ་ཚང་གང་བོས་འབྲེལ་འདྲིས་བྱེད་སྐབས་སྐད་ཆ་ཡག་པོར་ཤོད་པ་དང་དོན་དག་ཡོད་ན་གྲོས་བསྡུར་མང་ཙམ་བྱས་ན། སེལ་མི་ཐུབ་པའི་འགལ་བ་དང་མི་མཐུན་པའི་ཆ་ཅི་ཡང་མེད་ཅེས་ནན་གྱིས་བསྟན་ལ། འདིས་སྐམ་ས་ཆེན་མོས་ཐའེ་ཝན་གྱི་སྤུན་ཟླར་བཅངས་པའི་སེམས་འདུན་གང་ལེགས་སྒོས་མཚོན་ཡོད་ཟེར།
པེ་ཅིང་སློབ་ཆེན་གྱི་དགེ་རྒན། ཐའེ་ཝན་གྱི་གཞོན་ནུ། ཁྲེན་ཝུན་ཁྲེང་གིས་བཤད་རྒྱུར། སྤྱི་ཁྱབ་ཧྲུའུ་ཅིས་ང་ཚོའི་ཐའེ་ཝན་སྤུན་ཟླར་ཐུགས་ཁུར་ཧ་ཅང་ཆེན་པོ་གནང་བཞིན་ཡོད་ཅིང་། ལྷག་པར་དུ་ང་ཚོ་ཚང་མ་ཀྲུང་ཧྭ་མི་རིགས་ཡིན་པ་གླེང་བྱུང་། ང་ཚོས་མཉམ་དུ་ཀྲུང་ཧྭའི་རིག་གནས་དར་སྤེལ་གཏོང་དགོས་ལ། ངས་འདི་ནི་ང་ཚོ་དུས་རབས་གསར་པའི་ཐའེ་ཝན་གཞོན་ནུའམ་ཡང་ན་འགྲམ་གཉིས་ཀྱི་གཞོན་ནུ་ཡིན་པའི་ཆ་ནས། མཉམ་དུ་བསྒྲུབ་འོས་པའི་བྱ་བ་ཞིག་རེད་འདོད་ཟེར།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་འགྲམ་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་གཏོང་བའི་ཐད་དགོངས་འཆར་བཞི་བཏོན་ནས། འགྲམ་གཉིས་ཀྱི་སྤུན་ཟླས་སེམས་ཤུགས་གཅིག་སྒྲིལ་གྱིས་འགྲམ་གཉིས་ཀྱི་འབྲེལ་བའི་མ་འོངས་པ་ཀྲུང་གོ་བ་རང་ཉིད་ཀྱི་ལག་ཏུ་དམ་པོར་འཛིན་རྒྱུའི་སྐུལ་མ་གནང་། ཐའེ་ཝན་སྤུན་ཟླ་རྒྱུན་དུ་རང་ཁྱིམ་དུ་ལོག་པར་དགའ་བསུ་ཞུ་བ་ནས། རྒྱ་ཆེའི་ཐའེ་ཝན་སྤུན་ཟླ་དང་མཉམ་དུ་འཕེལ་རྒྱས་ཀྱི་གོ་སྐབས་དང་གྲུབ་འབྲས་ལོངས་སུ་སྤྱོད་འདོད་ཡོད་པའི་བར། འགྲམ་གཉིས་ཀྱིས་མུ་མཐུད་དུ་སྤེལ་རེས་དང་མཉམ་འདྲེས་གཏིང་ཟབ་བྱས་ཏེ། དམངས་འཚོའི་བདེ་སྐྱིད་ཀྱི་རྣམ་པ་གསར་པ་མཉམ་དུ་བཏོད།
རྒྱལ་ཡོངས་ཀྱི་ཐའེ་ཝན་ཁེ་ལས་མཉམ་འབྲེལ་ལྷན་ཚོགས་ཀྱི་རྒྱུན་ལས་ཚོགས་གཙོ་གཞོན་པ། སུན་ཏེ་ཚུང་གིས་བཤད་རྒྱུར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ད་ལོ་ནི་སྐམ་ས་ཆེན་མོའི“ལོ་ལྔའི་འཆར་འགོད་བཅོ་ལྔ་བ”འགོ་ཚུགས་པའི་ལོ་ཡིན་པས། ང་ཚོས་རྒྱ་ཆེའི་ཐའེ་ཝན་སྤུན་ཟླ་དང་མཉམ་དུ། འཕེལ་རྒྱས་ཀྱི་གོ་སྐབས་དང་གྲུབ་འབྲས་མཉམ་དུ་ལོངས་སྤྱོད་བྱས་ཏེ། ཀྲུང་ཧྭ་མི་རིགས་ཀྱི་དཔལ་འབྱོར་མཉམ་དུ་སྟོབས་ཆེར་གཏོང་འདོད་ཡོད། དེས་ང་ལ་ངར་སེམས་འཕེལ་དུ་བཅུག་པ་མ་ཟད་སྐུལ་མ་ཡང་ཐེབས་བྱུང་། ང་ཚོར་བློ་སེམས་གཅིག་མཐུན་གྱི་ཐའེ་ཝན་གྱི་ཚོང་ལས་པ་དང་ཐའེ་ཝན་སྤུན་ཟླ་མང་པོ་ཡོད་ལ། ཚང་མས་མཉམ་དུ་སྐམ་ས་ཆེན་མོར་གཞི་ཚུགས་ཏེ། མཉམ་དུ་འབད་འབུངས་ལས་གཏོད་དང་མཉམ་དུ་གོང་འཕེལ་འགྲོ་དགོས་ཤིང་། གནས་འདིར་རང་ཁྱིམ་གྱི་ཚོར་བ་ཡོད་པར་སྤོབས་སེམས་ལྡན་ཟེར།
ཧྥུའུ་ཀྲོའུ་གྲོང་ཁྱེར་ཐའེ་ཝན་སྤུན་ཟླའི་དངུལ་གཏོང་ཁེ་ལས་མཐུན་ཚོགས་ཀྱི་ཚོགས་གཙོ་ཅང་ཕེ་ཆི་ཡིས་བཤད་རྒྱུར། འགྲམ་གཉིས་ཀྱི་སྤུན་ཟླའི་དབར་སྤེལ་རེས་དང་འགྲོ་འོང་ཟབ་མོ་བྱེད་རྒྱུ་དེ་ནི་དགོས་ངེས་ཤིག་ཡིན་པ་མ་ཟད། ངས་འདི་ནས་ང་ཚོའི་ཐའེ་ཝན་སྤུན་ཟླ་རྣམས་ཐེངས་མང་པོར་སྐམ་ས་ཆེན་མོར་ཡོང་ནས་མྱོང་ཚོར་དང་རྒྱུས་ལོན་ཟབ་མོ་བྱེད་རྒྱུའི་འབོད་སྐུལ་བྱས་པ་ཡིན་ཟེར།
ཀྲུང་གོ་མི་དམངས་སློབ་ཆེན་གྱི་སློབ་མ། ཐའེ་ཝན་གྱི་ན་གཞོན་ཀུའོ་རུའེ་ཞིས་ཡིས་བཤད་རྒྱུར། ངས་སྐམ་ས་ཆེན་མོའི་དཔལ་འབྱོར་འཕེལ་རྒྱས་དང་ཚན་རྩལ་འཕེལ་རྒྱས་འགྲོ་ཚད་ཧ་ཅང་མགྱོགས་པ་མ་ཟད། འཚོ་བ་སྔར་ལས་སྟབས་བདེར་སོང་ཡོད་པ་མཐོང་བྱུང་། ང་ཚོ་ཅི་ལིན་དང་ཧྲའན་ཞི་སོགས་ཞིང་ཆེན་མང་པོར་སོང་ནས། མེས་རྒྱལ་གྱི་མངའ་ཁོངས་ཆེན་མོར་མྱོང་རོལ་བྱས་ལ། རང་ཉིད་ཀྱིས་གོམ་པའི་ལམ་ནས་མེས་རྒྱལ་གྱི་ས་གཞི་ཆེན་མོར་ཚད་འཇལ་བྱས། ངས་མ་འོངས་པར་ཡངས་ཤིང་རྒྱ་ཆེ་བའི་སྟེགས་བུ་འདི་ལས་རང་ཉིད་ཀྱི་འཇོན་ཐང་མངོན་པར་རེ་བ་བཅངས་ཡོད་ཟེར།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་གྱི་འཕེལ་ཁ་འགོག་ཐབས་མེད་པ་ཞིག་ཡིན། ཐའེ་ཝན་གྱི་སྤུན་ཟླ་སྔར་ལས་མང་པོས་སྐམ་ས་ཆེན་མོའི་སྤྱི་ཚོགས་ཀྱི་ལམ་ལུགས་དང་འཕེལ་རྒྱས་ཀྱི་བགྲོད་ལམ་ལ་ངོས་འཛིན་ཡང་དག་བྱེད་པ་དང་། ཐའེ་ཝན་གྱི་འཕེལ་རྒྱས་མདུན་ལམ་དེ་སྟོབས་ལྡན་གྱི་མེས་རྒྱལ་ལ་རག་ལས་པ་དང་། ཐའེ་ཝན་སྤུན་ཟླའི་ཁེ་ཕན་དང་བདེ་སྐྱིད་དེ་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་དང་འབྲེལ་བ་ཡོད་པར་ངོས་འཛིན་ཟབ་མོ་བྱེད་རྒྱུར་ང་ཚོར་ཡིད་ཆེས་བརྟན་པོ་ཡོད།
ཞ་མོན་གྲོང་ཁྱེར་ཐའེ་ཝན་ཚོང་པའི་དངུལ་གཏོང་ཁེ་ལས་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་ཧྥན་ཅང་ཧྥེང་གིས་བཤད་རྒྱུར། སྤྱི་ཁྱབ་ཧྲུའུ་ཅིའི་གསུང་བཤད་དེ་མི་རིགས་ཀྱི་བདེན་དོན་གྱི་ཕྱོགས་སུ་ལངས་ཤིང་། འགྲམ་གཉིས་ཀྱི་སྤུན་ཟླའི་སེམས་འདུན་དང་མཐུན་ལ། འགྲམ་གཉིས་ཀྱི་རིག་གནས་དང་རིགས་རྒྱུད་གཅིག་ཅིང་རྩ་བ་དང་འབྱུང་ཁུངས་གཅིག་ཡིན་པ་དང་། ལམ་ལུགས་མི་གཅིག་པར་བསམ་ནས་བར་མཚམས་གཅོད་མི་རུང་བ་དང་། འགྲམ་གཉིས་ཀྱི་སྤུན་ཟླས་དོན་དངོས་ཐོག་བདེ་སྡུག་མཉམ་མྱོང་བྱས་ནས། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱེད་ཆེད་མཉམ་དུ་འབད་བརྩོན་བྱེད་འོས་ཟེར།
ཨ་རིའི་ཧྥུ་ཅན་ཡུལ་གྲོགས་ཚོགས་པའི་ཀྲུའུ་ཞི་ཁྲེན་ཧེང་གིས་བཤད་རྒྱུར། ང་ཚོ་རྒྱལ་ཁབ་ཕྱི་ནང་གི་ཀྲུང་གོ་བ་དང་ཕྱིར་སྡོད་རང་མིའི་སེམས་པ་མེས་རྒྱལ་ལ་ཕྱོགས་ཡོད་པ་དང་། མེས་རྒྱལ་ངེས་པར་དུ་གཅིག་གྱུར་བྱེད་དགོས་ལ། མཚོ་འགག་འགྲམ་གཉིས་ནི་ཁྲག་རྒྱུན་གཅིག་ཏུ་འདྲེས་པའི་ཁྱིམ་ཚང་གཅིག་གི་མི་ཡིན་པས། ཕྱི་ཕྱོགས་ཀྱིས་ཐེ་གཏོགས་བྱེད་དགོས་དོན་མེད་ཟེར།
སི་ལོ་ཝ་ཁེའི་ཕྱིར་སྡོད་རང་མི་ཧྥུ་ཧྲོན་གྱིས་བཤད་རྒྱུར། ཕྱི་རྒྱལ་དུ་ཡོད་པའི་ཀྲུང་ཧྭའི་བུ་ཕྲུག་ཡིན་པའི་ངོས་ནས། ང་ལ་སྤྱི་ཁྱབ་ཧྲུའུ་ཅིས་བཏོན་པའི་རྒྱལ་ཁོངས་དབྱེ་མི་རུང་བ་དང་རྒྱལ་ཁབ་ཟིང་ཟིང་དུ་འགྱུར་མི་རུང་བ། མི་རིགས་སོ་སོ་ཁ་བྲལ་མི་རུང་བ། རིག་གནས་ཀྱི་རྒྱུན་ཆད་མི་རུང་བ་བཅས་ནི་ཀྲུང་ཧྭའི་རིག་གནས་མི་རབས་ནས་མི་རབས་བར་མི་ཉམས་པའི་རྩ་བ་ཡིན་པའི་ཚོར་སྣང་ཟབ་མོ་སྐྱེས་པ་དང་། ང་ཚོས་སྤུན་ཟླ་ཚོ་དང་མཉམ་དུ་ང་ཚོ་ཐུན་མོང་གི་ཁྱིམ་གཞིས་སྲུང་སྐྱོང་བྱེད་འདོད་ཡོད་ཟེར།
ཨའོ་མོན་ས་ཁུལ་གྱི་ཀྲུང་གོ་ཞི་བདེ་གཅིག་གྱུར་ཡར་སྐུལ་ཚོགས་པའི་ཚོགས་གཙོ་ལིའུ་དབྱི་ལེའང་གིས་བཤད་རྒྱུར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་ནང་བཏོན་པའི་ཐུན་མོང་གི་དད་སེམས་ནི། ང་ཚོ་ཀྲུང་ཧྭ་མི་རིགས་ཀྱིས་ལོ་ངོ་སྟོང་ཕྲག་དུ་མའི་ལོ་རྒྱུས་ཀྱི་ཞུན་བརྡར་བརྒྱུད་དེ་གྲུབ་པའི་སྲོག་ཤིང་རིན་ཐང་དང་ཐུན་མོང་གི་ལྟ་བ་ཡིན་པས། ང་ཚོས་བློ་སེམས་གཅིག་མཐུན་གྱིས་ཀྲུང་གོའི་ཕུགས་འདུན་མཉམ་དུ་སྐྲུན་པར་སྒུལ་ཤུགས་ཆེན་པོ་འདོན་སྤྲོད་བྱེད་ངེས་ཟེར།
ཐའེ་ཝན་གྱི་སྐབས་དོན་དཔྱད་བརྗོད་པ་ཝང་པིང་ཀྲུང་གིས་བཤད་རྒྱུར། མེས་རྒྱལ་སྐམ་ས་ཆེན་མོས་རྒྱལ་ཁབ་ཡོངས་སུ་གཅིག་གྱུར་བྱེད་པ་དང་ཀྲུང་ཧྭ་མི་རིགས་བསྐྱར་དར་མངོན་འགྱུར་རེ་བསྙེགས་བྱེད་པར་ལྷོད་གཡེང་སྤུ་ཙམ་ཡང་མི་བྱེད་པ་དང་། འཐབ་ཇུས་ཀྱི་ངེས་ཤུགས་དང་འཐབ་ཇུས་ཀྱི་གདེང་ཚོད་འདི་འདྲའི་མངོན་གསལ་ཡིན་ཞེས་བཤད་ཆོག ལོ་ངོ་འདི་འདྲ་མང་པོ་ཞིག་གི་དུས་ཚོད་བརྒྱུད། ད་ལྟ་ང་ཚོས་མེས་རྒྱལ་སྐམ་ས་ཆེན་མོ་དར་རྒྱས་གོང་འཕེལ་སོང་ཡོད་པ་མཐོང་ལ། ཀྲུང་གོ་བའི་བློ་སྟོབས་དང་ལ་རྒྱ། གདེང་ཚོད་སྔར་ལས་ཇེ་བརྟན་ནས་ཇེ་བརྟན་ཡིན་པར་ཡིད་ཆེས་བརྟན་པོ་ཡོད། ང་ཚོ་ཀྲུང་ཧྭ་མི་རིགས་བསྐྱར་དར་གྱི་འཕེལ་རྒྱས་བགྲོད་ལམ་ནང་ཟབ་ཞུགས་བྱས་པ་དེ་ནི་ང་ཚོས་མེས་རྒྱལ་ལ་བཅངས་པའི་དགའ་ཞེན་ཡིན་པ་མ་ཟད། ང་ཚོ་རང་ཉིད་ཀྱི་བདེ་སྐྱིད་དོན་གཉེར་གྱི་མདུན་ལམ་ཞིག་གཏོད་པ་དང་། རང་ཉིད་ཀྱི་འཕེལ་རྒྱས་མདུན་ལམ་བཏོད་པའི་དངོས་གཉེར་ཀྱི་བྱ་སྤྱོད་ཡང་ཡིན་ཟེར།