སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཞབས་ཞུའི་ལས་རིགས་འཕེལ་རྒྱས་ཐད་གནང་བའི་མཛུབ་སྟོན་གལ་ཆེན་ལ་ཚང་མས་དོ་སྣང་ཆེན་པོ་བྱས།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

ཉེ་ཆར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཞབས་ཞུའི་ལས་རིགས་འཕེལ་རྒྱས་གཏོང་བའི་ཐད་མཛུབ་སྟོན་གལ་ཆེན་གནང་སྟེ། དགོས་མཁོའི་སྣེ་ཁྲིད་དང་བཅོས་བསྒྱུར་འགག་སྒྲོལ། ཚན་རྩལ་ནུས་པ། སྒོ་འབྱེད་མཉམ་ལས་བཅས་འབུར་དུ་བཏོད་དེ། ཞབས་ཞུའི་ལས་རིགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་བསྐྲུན་དགོས་ཞེས་ནན་གྱིས་བསྟན། སྤྱི་ཁྱབ་ཧྲུའུ་ཅིའི་མཛུབ་སྟོན་གལ་ཆེན་ལ་ལས་རིགས་ཁག་གིས་དོ་སྣང་ཆེན་པོ་བྱས། ཚང་མས་རང་རྟོགས་སྒོས་འཐབ་ཇུས་དང་སྤྱི་ཡོངས་ཀྱི་མཐོ་ཚད་ནས་ཞབས་ཞུའི་ལས་རིགས་ལ་ངོས་འཛིན་གཏིང་ཟབ་བྱས་ཏེ། དངོས་སྒྲུབ་ལ་བརྟེན་ནས་ཞབས་ཞུའི་ལས་རིགས་སྤུས་ལེགས་ནུས་ལྡན་སྒོས་འཕེལ་རྒྱས་གཏོང་བའི་ལེའུ་གསར་པ་ཐུན་མོང་སྒོས་འབྲི་དགོས་པ་བསྟན། 

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བསྟན་དོན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་ལ། རང་རྒྱལ་གྱི་ཞབས་ཞུའི་ལས་རིགས་ཀྱི་གཞི་ཁྱོན་བརྟན་པོའི་ངང་ཆེ་རུ་ཕྱིན་ཡོད་པ་མ་ཟད། སྤུས་ཚད་དང་ཕན་འབྲས་མུ་མཐུད་དུ་མཐོ་རུ་ཕྱིན་ནས། ཐོན་ལས་རིམ་སྤོར་ལ་འདེགས་སྐྱོར་དང་དམངས་འཚོའི་དགོས་མཁོ་སྐོང་བ། ལས་ཞུགས་ལ་སྐུལ་ཁྲིད་བྱས་ནས་ཤོང་རྒྱ་ཆེ་རུ་གཏོང་བ་སོགས་ཀྱི་ཐད་ནུས་པ་གལ་ཆེན་ཐོན་ཡོད། ཚང་མས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་ལ་བསམ་བློའི་རང་བཞིན་དང་མཛུབ་སྟོན་རང་བཞིན། དམིགས་སའི་རང་བཞིན་བཅས་ཀྱི་ནུས་པ་ལྡན་པས། འབྲེལ་ཡོད་བྱ་བ་ལེགས་པོར་བསྒྲུབ་པར་ཁ་ཕྱོགས་གསལ་སྟོན་བྱས་ཡོད་པ་བསྟན། 

རྒྱལ་ཁབ་འཕེལ་རྒྱས་བཅོས་བསྒྱུར་ཨུ་ཡོན་ལྷན་ཁང་ཐོན་ལས་འཕེལ་རྒྱས་སིའི་སི་ཀྲང་ཧྥུའུ་ཅིའུ་ལིང་གིས་བཤད་རྒྱུར། རང་རྒྱལ་གྱི་ཞབས་ཞུའི་ལས་རིགས་འཕེལ་རྒྱས་ལ་གྲུབ་འབྲས་གལ་ཆེན་ཐོབ་པའི་རྩ་བ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཕྱོགས་སྟོན་སྣེ་ཁྲིད་དང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ཚན་རིག་དང་མཐུན་པའི་མཛུབ་ཁྲིད་ལ་རག་ལས་ཡོད། ང་ཚོས“གཏན་ཕབ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ་དང་། སྔར་ལས་རང་རྟོགས་སྒོས“སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་ལེགས་པོར་བསྒྲུབ་སྟེ། སྤྱི་ཁྱབ་ཧྲུའུ་ཅིའི་མངགས་བཅོལ་བློ་ལ་བརྟན་པོར་ངེས་དགོས། གཙོ་གནད་ཁྱབ་ཁོངས་ལ་དམིགས་ཏེ། རིམ་པ་དང་རིགས་དགར་ནས་ཞབས་ཞུའི་ལས་རིགས་སྤུས་ལེགས་ནུས་ལྡན་སྒོས་འཕེལ་རྒྱས་གཏོང་བར་སྐུལ་འདེད་གཏོང་དགོས་པ་དང་། ཞབས་ཞུའི་ལས་རིགས་ཀྱི་ནུས་པ་དང་སྤུས་ཚད་མཐོ་རུ་གཏོང་རྒྱུར་སྐུལ་འདེད་བཏང་སྟེ། སྲིད་ཇུས་ཀྱི་དམིགས་སའི་རང་བཞིན་དང་ནུས་ལྡན་རང་བཞིན་མུ་མཐུད་དུ་མཐོ་རུ་གཏོང་དགོས་ཟེར། 

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན།  དགོས་མཁོའི་སྣེ་ཁྲིད་དང་བཅོས་བསྒྱུར་འགག་སྒྲོལ། ཚན་རྩལ་ནུས་ལྡན། སྒོ་འབྱེད་མཉམ་ལས་བཅས་འབུར་དུ་བཏོད་དེ་ཞབས་ཞུའི་ལས་རིགས་རྒྱ་སྐྱེད་དང་སྤུས་ཚད་མཐོ་རུ་གཏོང་བའི་འགུལ་སྐྱོད་ལག་བསྟར་བྱ་དགོས་པ་དང་། ཐོན་སྐྱེད་རང་བཞིན་གྱི་ཞབས་ཞུའི་ལས་རིགས་ཆེད་ལས་ཅན་དང་རིན་ཐང་མུ་ཕྲེང་གི་མཐོ་སྣེ་ཕྱོགས་སུ་བསྲིང་བར་སྐུལ་འདེད་གཏོང་དགོས། འཚོ་བའི་རང་བཞིན་གྱི་ཞབས་ཞུའི་ལས་རིགས་ཀྱི་སྤུས་ཚད་མཐོ་བ་དང་སྣ་མང་ཅན། སྟབས་བདེ་ཅན་བཅས་ཀྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་།“ཀྲུང་གོའི་ཞབས་ཞུའི”ཟོང་རྟགས་སྔར་ལས་མང་པོ་གསོ་སྐྱོང་བྱས་ཏེ། ཞབས་ཞུའི་ལས་རིགས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་དགོས།

ཚང་མས་བསྟན་དོན། བསམ་སྦྱོར་གཉིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཐོག་སྔར་ལས་གཅིག་གྱུར་ཡོང་བར་བྱས་ཏེ། ནུས་པ་དང་སྤུས་ཚད་མཐོ་རུ་བཏང་ནས་ཞབས་ཞུའི་ལས་རིགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་གཙོ་གནད་ལས་འགན་ལ་དམ་པོར་དམིགས་དགོས།

བཟོ་ལས་དང་ཆ་འཕྲིན་ཅན་པུའུ་ཡི་ཆ་འཕྲིན་ལག་རྩལ་འཕེལ་རྒྱས་སིའི་སི་ཀྲང་གཞོན་པ་ཝང་ཝེ་ཝེ་ཡིས་བཤད་རྒྱུར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཞབས་ཞུའི་ལས་རིགས་འཕེལ་རྒྱས་གཏོང་བའི་སྐོར་གྱི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་གྱི་གོ་དོན་གཏིང་ཟབ་པ་མ་ཟད་དོན་སྙིང་གལ་ཆེན་ལྡན། ང་ཚོས་ཐོན་སྐྱེད་རང་བཞིན་གྱི་ཞབས་ཞུའི་ལས་རིགས་དེ་ཆེད་ལས་ཅན་དང་རིན་ཐང་མུ་ཕྲེང་གི་མཐོ་སྣེ་ཕྱོགས་སུ་སྣུར་སྲིང་བྱ་རྒྱུར་སྐུལ་འདེད་བཏང་སྟེ། སྔོན་ཐོན་བཟོ་སྐྲུན་ལས་རིགས་དང་དེང་རབས་ཞབས་ཞུའི་ལས་རིགས་མཉམ་འདྲེས་འཕེལ་རྒྱས་གཏིང་ཟབ་ཏུ་གཏོང་དགོས་པ་མ་ཟད། “མི་ཐབས་རིག་ནུས་དང་མཉེན་ཆས”ཀྱི་འགུལ་སྐྱོད་ལག་བསྟར་བྱེད་དགོས། རིག་ནུས་ཕུང་པོ་སྟེ་ཞབས་ཞུ་སོགས་ལས་རྣམ་གསར་པ་མགྱོགས་མྱུར་སྒོས་གསོ་སྐྱོང་བྱས་ཏེ། བཟོ་ལས་ཀྱི་གཞི་གྲངས་རྨང་འདིང་འགུལ་སྐྱོད་ལ་སྐུལ་འདེད་གཏོང་དགོས་ཟེར།

ཚོང་དོན་པུའུ་ཡི་ཞབས་ཞུའི་ཉོ་ཚོང་དང་ཉོ་ཚོང་ཞབས་ཞུའི་ལས་རིགས་སིའི་སི་ཀྲང་གཞོན་པ་ཝང་པའོ་ཡིས་བཤད་རྒྱུར། ང་ཚོས་འཛད་སྤྱོད་ཀྱི་ལས་རྣམ་གསར་པ་དང་རྣམ་པ་གསར་པ། ཡུལ་རྣམ་གསར་པ་བཅས་ཀྱི་ཚོད་ལྟ་བྱེད་གནས་ཀྱི་བྱ་བ་བསྒྲུབ་སྟེ། ཁྱིམ་ལས་དང་ཞག་སྡོད། བཟའ་བཏུང་སོགས་འཚོ་བའི་ཞབས་ཞུའི་ལས་རིགས་ཀྱི་སྤུས་ཚད་མཐོ་བ་དང་སྣ་མང་ཅན། སྟབས་བདེ་ཅན་བཅས་ཀྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་ཡིན། ཞབས་ཞུའི་འཛད་སྤྱོད་ཀྱི་འཕར་གནས་གསར་པ་མགྱོགས་མྱུར་ངང་སྐྱེད་སྲིང་དང་། ཞབས་ཞུའི་ལས་རིགས་ཀྱི་སྒོ་འབྱེད་མཉམ་ལས་ལ་སྐུལ་འདེད་གཏོང་བ། ཕྱིར་གཏོང་ལ་ཞབས་འདེགས་ཞུ་བའི་སྒུལ་ནུས་གསར་པ་སྐྱེད་སྲིང་བཅས་བྱས་ཏེ། “ཀྲུང་གོའི་ཞབས་ཞུའི”རྒྱལ་སྤྱིའི་འགྲན་རྩོད་ནུས་པ་ཆེ་རུ་གཏོང་རྒྱུ་ཡིན་ཟེར། 

ཧུའུ་ནན་ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ལི་ཁྲུན་ཆིའུ་ཡིས་བཤད་རྒྱུར། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཞབས་ཞུའི་ལས་རིགས་འཕེལ་རྒྱས་གཏོང་རྒྱུའི་ཐད་གནང་བའི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་ནན་ཏན་དང་གོ་བ་གཏིང་ཟབ་བླངས་ནས། ཞབས་ཞུའི་ལས་རིགས་ཀྱི་ནུས་པ་རྒྱ་སྐྱེད་དང་སྤུས་ཚད་མཐོར་འདེགས་སྐོར་གྱི་འགུལ་སྐྱོད་ཇུས་གཞི་ཞིབ་འཇུག་དང་གཏན་འབེབས་དང་། ཐོན་ལས་མུ་ཕྲེང་དང་རིན་ཐང་མུ་ཕྲེང་གི་རྩེར་སོན་ཅན་ཕྱོགས་སུ་གང་མགྱོགས་སྒོས་སྐྱོད་པ།  ས་གནས་ཀྱི་ཁྱད་ཆོས་ལྡན་པའི་ཀྲུང་གོའི་ཞབས་ཞུའི་ཟོང་རྟགས་སྔར་ལས་མང་བ་གསོ་སྐྱོང་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་འཛུགས་སྐྲུན་ལ་བྱས་རྗེས་འཇོག་རྒྱུ་ཡིན་ཟེར།

རྩོམ་སྒྲིག་པ། : ཡེ་ཤེས་སྒྲོལ་མ།