ཞི་ཅིན་ཕིང་གིས་འགྲིམ་འགྲུལ་སློབ་ཆེན་བཞིའི་དགེ་སློབ་ཡོངས་ལ་འཕྲིན་ལན་སྤྲིངས།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

ཉེ་ཆར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧྲང་ཧའེ་འགྲིམ་འགྲུལ་སློབ་ཆེན་དང་། ཞི་ཨན་འགྲིམ་འགྲུལ་སློབ་ཆེན། ལྷོ་ནུབ་འགྲིམ་འགྲུལ་སློབ་ཆེན། པེ་ཅིང་འགྲིམ་འགྲུལ་སློབ་ཆེན་བཅས་ཀྱི་དགེ་སློབ་ཡོངས་ལ་འཕྲིན་ལན་སྤྲིངས་ནས་སློབ་གྲྭའི་འཕེལ་རྒྱས་ལ་ཐུགས་རེ་ནན་མོ་བཏོན་གནང་མཛད།

ཞི་ཅིན་ཕིང་གིས་བསྟན་དོན། ཁྱོད་ཚོ་སློབ་ཆེན་བཞི་ནི་རྩ་བ་འབྲེལ་ཡོད། ད་ལོ་མཉམ་དུ་སློབ་གྲྭ་བཙུགས་ནས་ལོ130འཁོར་ཡོད་པས་ངས་དགེ་སློབ་དང་ལས་བཟོ་བ་ཡོངས། རྒྱ་ཆེའི་སློབ་གྲྭའི་གྲོགས་མཆེད་ལ་རྟེན་འབྲེལ་ཞུས་པ་ཡིན།

ཞི་ཅིན་ཕིང་གིས། ཁྱོད་ཚོས་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་འཛིན་རྒྱུ་རྒྱུན་འཁྱོངས་དང་། དངོས་སློབ་བརྩོན་པ་དང་དངོས་ལས་གཉེར་བའི་སློབ་སྒྲུབ་དམིགས་ཡུལ་སྲུང་འཛིན་བྱེད་པ། ནུབ་སྤོར་སྙིང་སྟོབས་རྒྱུན་འཛིན་དང་དར་སྤེལ་གཏོང་བ། རྒྱལ་ཁབ་ཀྱི་འཐབ་ཇུས་གལ་ཆེན་གྱི་དགོས་མཁོར་དམིགས་པ། ཚན་རྩལ་རང་བརྟེན་གསར་གཏོད་དང་འཇོན་མི་རང་བརྟེན་གསོ་སྐྱོང་བྱེད་པར་ཤུགས་སྣོན་པ། ཐོན་སློབ་ཞིབ་གསུམ་མཉམ་འདྲེས་གཏིང་ཟབ་ཡོང་བར་སྐུལ་སྤེལ་གཏོང་བའི་ཐད་ཐོད་བརྒལ་སྔར་ལས་མང་པོ་ཡོང་བར་བྱས་ཏེ། སློབ་གསོ་རྒྱལ་ཁབ་སྟོབས་ལྡན་དང་ཚན་རྩལ་རྒྱལ་ཁབ་སྟོབས་ལྡན། འཇོན་མི་རྒྱལ་ཁབ་སྟོབས་ལྡན་བསྐྲུན་རྒྱུའི་ཐད་བྱས་རྗེས་གསར་པ་འཇོག་པའི་རེ་བ་བཅངས་ཡོད་ཅེས་ནན་གྱིས་བསྟན།

ཧྲང་ཧའེ་འགྲིམ་འགྲུལ་སློབ་ཆེན། ཞི་ཨན་འགྲིམ་འགྲུལ་སློབ་ཆེན། ལྷོ་ནུབ་འགྲིམ་འགྲུལ་སློབ་ཆེན། པེ་ཅིང་འགྲིམ་འགྲུལ་སློབ་ཆེན་བཅས་ནི་སྔོན་ཆད་སོ་སོར1896ལོར་བཙུགས་པའི་ནན་དབྱང་སྤྱི་སློབ་དང་། པེ་དབྱང་ལྕགས་ལམ་གཞུང་བཙུགས་སློབ་གྲྭ་དང1909ལོར་བཙུགས་པའི་ལྕགས་ལམ་དོ་དམ་ཁྲིད་སྦྱོང་ཁང་བཅས་རེད། 1921ལོར་ཟླ་སྒྲིལ་བཏང་ནས་འགྲིམ་འགྲུལ་སློབ་ཆེན་དུ་བསྒྱུར། ཉེ་ཆར། འགྲིམ་འགྲུལ་སློབ་ཆེན་བཞིའི་དགེ་སློབ་ཡོངས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ལ་འཕྲིན་ཡིག་བསྐུར་ནས། ལོ130རིང་གི་སློབ་གྲྭའི་འཕེལ་རྒྱས་བརྒྱུད་རིམ་དང་སློབ་སྒྲུབ་གྲུབ་འབྲས་སྙན་སེང་ཞུས་པ་དང་འབྲེལ། རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་རླབས་ཆེན་བྱ་གཞག་ལ་སྟོབས་ཤུགས་འབུལ་རྒྱུའི་ཆོད་སེམས་མཚོན་པར་བྱས།

 

རྩོམ་སྒྲིག་པ། : ཡེ་ཤེས་སྒྲོལ་མ།