མཚོ་སྔོན་ཞིང་ཆེན་གྱི་མི་རབས་རྗེས་མར་སེམས་ཁུར་བྱེད་པའི་བྱ་བའི་ཨུ་ཡོན་ལྷན་ཁང་བཙུགས་ནས་ལོ་ངོ35འཁོར་བར་རྗེས་དྲན་ཞུ་བ་དང་ཞིང་ཆེན་ཡོངས་ཀྱི་མི་རབས་རྗེས་མར་སེམས་ཁུར་བྱེད་པའི་བྱ་བའི་གཟེངས་བསྟོད་ཚོགས་འདུ་བསྡུས།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

 

​ཟླ4པའི་ཚེས2ཉིན། མཚོ་སྔོན་ཞིང་ཆེན་གྱི་མི་རབས་རྗེས་མར་སེམས་ཁུར་བྱེད་པའི་བྱ་བའི་ཨུ་ཡོན་ལྷན་ཁང་བཙུགས་ནས་ལོ་ངོ35འཁོར་བར་རྗེས་དྲན་ཞུ་བ་དང་ཞིང་ཆེན་ཡོངས་ཀྱི་མི་རབས་རྗེས་མར་སེམས་ཁུར་བྱེད་པའི་བྱ་བའི་གཟེངས་བསྟོད་ཚོགས་འདུ་ཟི་ལིང་དུ་བསྡུས། ཚོགས་འདུའི་སྔོན་ལ། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཝུའུ་ཞའོ་ཅུན་གྱིས་གཟེངས་བསྟོད་ཐོབ་པའི་འཐུས་མིར་ཐུག་འཕྲད་བྱས་པ་དང་། གཟེངས་བསྟོད་ཐོབ་པའི་ཞིང་ཆེན་ཡོངས་ཀྱི་མི་རབས་རྗེས་མར་སེམས་ཁུར་བྱེད་པའི་སྔོན་ཐོན་མི་སྒེར་དང་སྔོན་ཐོན་སྡེ་ཁག་གི་འཐུས་མིར་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་ཞུས་པར་མ་ཟད། ཞིང་ཆེན་ཡོངས་ཀྱི་རྒྱ་ཆེའི་མི་རབས་རྗེས་མར་སེམས་ཁུར་བྱེད་པའི་ལས་སྒྲུབ་མི་སྣར་འཚམས་འདྲི་བྱས། བློ་མཐུན་རྒན་པ་པད་མ་དང་མཱ་ཅི་ཞའོ། མཱ་ཀྲི་ཝེ་བཅས་ཐུག་འཕྲད་ལ་ཞུགས།

ཝུའུ་ཞའོ་ཅུན་གྱིས་བཤད་རྒྱུར། མི་རབས་རྗེས་མར་སེམས་ཁུར་བྱེད་པ་ནི་ཏང་གི་བྱ་གཞག་རྒྱུད་འཛིན་ལ་འབྲེལ་བ་ཡོད་པའི་ཆབ་སྲིད་ཀྱི་བྱ་བ་གལ་ཆེན་ཞིག་རེད། རྒྱ་ཆེའི་བློ་མཐུན་རྒན་པ་དང་མི་རབས་རྗེས་མར་སེམས་ཁུར་བྱེད་པའི་བྱ་བའི་ཨུ་ཡོན་ལྷན་ཁང་གི་ལས་བྱེད་མི་སྣས་ཏང་དང་མི་དམངས་ཀྱི་བྱ་གཞག་ལ་ལྷག་བསམ་རྣམ་དག་བཅངས་པ་དང་། མཚོ་སྔོན་གྱི་འཕེལ་རྒྱས་ལ་དོ་སྣང་བྱེད་པ། ན་ཆུང་གཞོན་ནུའི་བདེ་ཐང་འཚར་ལོངས་ལ་སེམས་ཁུར་བཅས་བྱས་ཏེ། ན་ཆུང་གཞོན་ནུས་མི་ཚེའི་བྱ་བ་ཐོག་མ་ལེགས་པོར་སྒྲུབ་པ་དང་མི་ཚེའི་གོམ་པ་དང་པོ་བརྟན་པོར་སྤོས་ནས་དཀའ་སྤྱད་སྡུག་རུས་དང་སྒེར་མེད་བྱས་རྗེས་འཇོག་པར་རོགས་རམ་བྱས་པ་དེས་མི་སེམས་འགུལ་བར་བྱས་པས། ཁྱེད་ཚོར་བླ་མེད་གུས་འདུད་ཞུས་པ་ཡིན། ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་འགོ་རྩོམ་ས་གསར་པར། ཚང་མས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་རབས་རྗེས་མར་སེམས་ཁུར་བྱེད་པའི་བྱ་བའི་སྐོར་གྱི་མཛུབ་སྟོན་གལ་ཆེན་རབ་དང་རིམ་པ་ལག་བསྟར་གཏིང་ཟབ་བྱེད་པ་དང་། རྒན་པ་ལྔའི་སྙིང་སྟོབས་དར་སྤེལ་གཏོང་བ། ཀུན་སྤྱོད་ལ་བརྟེན་ནས་མི་སྐྱོང་བའི་རྩ་བའི་འགན་འཁྲི་དམ་འཛིན་ནན་མོ་བྱེད་པ་དང་། ན་ཆུང་གཞོན་ནུའི་ཕུགས་འདུན་ཡིད་རྟོན་གྱི་སྣེ་སྟོན་མཁན་དང་འཇོན་ཐང་ཅན་དུ་འཚར་ལོངས་འབྱུང་བའི་སྲུང་སྐྱོབ་མཁན་ལེགས་པོ་བྱས་ཏེ། ལོ་ཆུང་གཞོན་ནུས་བློ་བརྟན་འགྱུར་མེད་ངང་ཏང་གི་དྲིན་ཚོར་བ་དང་ཏང་གི་བཀའ་ལ་ཉན་པ། ཏང་གི་རྗེས་སུ་འབྲངས་པ་བཅས་ལ་ཁྲིད་སྟོན་བྱས་ནས། སྤྱི་ཚོགས་རིང་ལུགས་ཀྱི་འཛུགས་སྐྲུན་མཁན་དང་རྒྱུད་འཛིན་པར་འགྱུར་བར་བརྩོན་དགོས། རིམ་པ་སོ་སོའི་ཏང་ཨུའི་སྲིད་གཞུང་གིས་མི་རབས་རྗེས་མའི་བྱ་གཞག་ལ་མུ་མཐུད་དུ་དོ་སྣང་བྱེད་པ་དང་། བློ་མཐུན་རྒན་པས་འཇོན་ནུས་འདོན་པར་སྟེགས་བུ་བསྐྲུན་པ་དང་ཆ་རྐྱེན་འདོན་སྤྲོད་བྱས་ཏེ། སྔོན་ཐོན་དཔེ་མཚོན་རྒྱ་ཆེར་དྲིལ་སྒྲོག་བྱེད་པ་དང་། སྤྱི་ཚོགས་ཡོངས་སུ་བློ་མཐུན་རྒན་པར་བརྩི་བཀུར་དང་ན་ཆུང་གཞོན་ནུར་སེམས་ཁུར་བྱེད་པའི་སྣང་ཚུལ་ལེགས་པོ་བསྐྲུན་དགོས།

ཞིང་ཆེན་ཏང་ཨུའི་རྒྱུན་ཨུ། རྩ་འཛུགས་པུའུ་ཡི་པུའུ་ཀྲང་ཚའོ་ཅུན་གྲོས་ཚོགས་ལ་ཞུགས་པར་མ་ཟད་གཏམ་བཤད། ཁོས་བསྟན་དོན། ལོ་ངོ35ཡི་རིང་། ཞིང་ཆེན་གྱི་མི་རབས་རྗེས་མར་སེམས་ཁུར་བྱེད་པའི་བྱ་བའི་ཨུ་ཡོན་ལྷན་ཁང་གིས་ཏང་ལ་བློ་དཀར་བའི་ཆབ་སྲིད་ཀྱི་བྱང་ཚད་མཐོར་འདེགས་བཏང་བ་དང་། སྒེར་མེད་བྱས་རྗེས་འཇོག་པའི་སྙིང་སྟོབས་ཀྱི་མིག་དཔེ་བསྐྲུན་ལ། སློབ་མ་གསོ་སྐྱོང་བྱེད་པའི་གྲུབ་འབྲས་བཟང་པོ་བླངས་ཤིང་། ཁུག་ཁུར་ཕོད་པའི་དཔུང་སྡེ་སྟོབས་ལྡན་སྒྲིག་འཛུགས་བྱས་ཏེ། དཀའ་སྤྱད་ཡར་བརྩོན་གྱི་ངོ་མཚར་ལོ་རྒྱུས་བསྐྲུན་ཡོད། དུས་རབས་གསར་པའི་མི་རབས་རྗེས་མར་སེམས་ཁུར་བྱེད་པའི་བྱ་བའི་དོན་སྙིང་གལ་ཆེན་ལ་རྒྱུས་ལོན་ཟབ་མོ་བྱེད་པ་དང་། དུས་རབས་གསར་པའི་མི་རབས་རྗེས་མར་སེམས་ཁུར་བྱེད་པའི་བྱ་བའི་དམིགས་འབེན་ལས་འགན་ཕྱོགས་ཡོངས་ནས་དངོས་འབེབས་བྱས་ཏེ། ཆབ་སྲིད་ཀྱི་ཁྲིད་སྟོན་ལ་ཤུགས་སྣོན་པ་དང་ལྟེ་བའི་ཁྱོན་ཡོངས་ལ་ཞབས་འདེགས་ཞུ་བ། བྱམས་བརྩེའི་ལས་གཞི་ལག་བསྟར་བྱེད་པ། འཚར་ལོངས་ཁོར་ཡུག་ལེགས་སྒྱུར་བྱེད་པ་བཅས་ཀྱི་ཐད་བསྟུད་མར་ཤུགས་འདོན་པ་དང་། ཏང་གི་འགོ་ཁྲིད་ལ་ཤུགས་སྣོན་པ་དང་ཕྱོགས་སོ་སོའི་མཉམ་ཤུགས་གཅིག་སྡུད་བྱེད་པ། རང་ངོས་འཛུགས་སྐྱོང་ཟབ་སྤེལ་བཅས་བྱས་ནས། ནུས་ཤུགས་ཡོད་རྒུས་མི་རབས་རྗེས་མར་སེམས་ཁུར་བྱེད་པའི་རྣམ་པ་གསར་པ་བཏོད་པ་དང་། དེང་རབས་ཅན་གྱི་མཚོ་སྔོན་གསར་པ་མགྱོགས་མྱུར་ངང་འཛུགས་སྐྲུན་བྱེད་པར་སྔར་ལས་ཆེ་བའི་བྱས་རྗེས་གསར་པ་འཇོག་དགོས།

ཞིང་ཆེན་གྱི་མི་རབས་རྗེས་མར་སེམས་ཁུར་བྱེད་པའི་བྱ་བའི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་པད་མ་ཡིས་བྱ་བའི་སྙན་ཞུ་ཕུལ་ནས། ཞིང་ཆེན་གྱི་མི་རབས་རྗེས་མར་སེམས་ཁུར་བྱེད་པའི་བྱ་བའི་ཨུ་ཡོན་ལྷན་ཁང་བཙུགས་ནས་ལོ་ངོ35འཁོར་བའི་རིང་དང་ལྷག་པར་དུ་ཉེ་བའི་ལོ་ལྔའི་རིང་གི་བྱ་བར་ཕྱོགས་ཡོངས་ནས་ཕྱིར་དྲན་དང་ཉམས་མྱོང་ཕྱོགས་སྡོམ་བྱས་ཤིང་། རིམ་པ་སོ་སོའི་མི་རབས་རྗེས་མར་སེམས་ཁུར་བྱེད་པའི་བྱ་བའི་ཨུ་ཡོན་ལྷན་ཁང་རྩ་འཛུགས་ཀྱིས་ཆབ་སྲིད་ཀྱི་ལངས་གནས་མཐོར་འདེགས་གཏོང་བ་དང་། ཏང་ལ་བློ་དཀར་བའི་བསམ་བློའི་རྨང་གཞི་སྲ་བརྟན་དུ་གཏོང་བ། འཇོན་མི་སྐྱེད་སྲིང་གི་འགན་འཁྲི་འཁུར་ཕོད་པའི་དུས་རབས་ཀྱི་མི་སྣ་སྐྱོང་བ་དང་།  ལྟེ་བའི་ཁྱོན་ཡོངས་ལ་དམིགས་པ་དང་འགན་སྒྲུབ་ཀྱི་ལས་འགན་ཁག་ཁུར་མངོན་པར་བྱེད་པ། བྱམས་སྐྱོང་ཞབས་ཞུ་ཟབ་སྤེལ་དང་འཚར་ལོངས་འབྱུང་བར་རོགས་ཤུགས་འདོན་པ་བཅས་ཀྱི་ཁོར་ཡུག་ལེགས་པོ་བསྐྲུན་པ། རྩ་འཛུགས་ཀྱི་རྨང་གཞི་སྲ་བརྟན་དུ་གཏོང་བ་དང་། བདེན་སྲུང་གསར་གཏོད་དང་ཁག་ཁུར་ལས་སྒྲུབ་ཀྱི་ནང་གནས་སྒུལ་ཤུགས་བསྐྱེད་དེ། རང་ཞིང་གི་མི་རབས་རྗེས་མར་སེམས་ཁུར་བྱེད་པའི་བྱ་གཞག་སྔར་ལས་སྐས་རིམ་གསར་པར་སླེབས་པར་སྐུལ་འདེད་གཏོང་དགོས་པའི་བླང་བྱ་བཏོན།

གྲོས་ཚོགས་ལས་གུང་གཞོན་ཚོགས་པ་ཟི་ལིང་གྲོང་ཁྱེར་ཨུ་ཡོན་ལྷན་ཁང་སོགས་སྔོན་ཐོན་ཐུན་མོང་ཉི་ཤུ་དང་ཝང་ཡུང་ཞིན་སོགས་སྔོན་ཐོན་ལས་སྒྲུབ་མི་སྣ་བཞི་བཅུར་གཟེངས་བསྟོད་བྱས། སྔོན་ཐོན་ཐུན་མོང་དང་སྔོན་ཐོན་མི་སྒེར་གྱི་འཐུས་ཚབ་པས་བརྗེ་རེས་གཏམ་བཤད་སྤེལ།

རྩོམ་སྒྲིག་པ། : ཨ་གཡང་སྐྱིད།