ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ལྷན་གྱིས་ཞིང་ཆེན་ཡོངས་ཀྱི་ཁྲིམས་སྐྱོང་དྲིལ་སྒྲོག་སློབ་གསོ་བྱ་བར་ཆེད་དོན་ལྟ་སྐུལ་དང་ཁྲིམས་འཛུགས་མཉམ་འགུལ་རྟོག་ཞིབ་བྱས།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

 

ཟླ4པའི་ཚེས1ཉིན། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ལྷན་གྱི་རྟོག་ཞིབ་ཚན་ཆུང་ཞིང་ཆེན་ཁྲིམས་འཛིན་ཐིང་དུ་སོང་ནས་ཞིང་ཆེན་ཡོངས་ཀྱི་ཁྲིམས་སྐྱོང་དྲིལ་སྒྲོག་སློབ་གསོ་བྱ་བར་ཆེད་དོན་ལྟ་སྐུལ་དང་ཞིང་ཆེན་ཡོངས་ཀྱི་ཁྲིམས་སྐྱོང་དྲིལ་སྒྲོག་སློབ་གསོའི་སྲོལ་ཡིག་གི་ཁྲིམས་འཛུགས་ཐད་མཉམ་འགུལ་རྟོག་ཞིབ་བྱས།

རྟོག་ཞིབ་ཚན་ཆུང་གིས་ཞིང་ཆེན་ཁྲིམས་འཛིན་ཐིང་གི་འཛུབ་སྟོན་ལྟེ་གནས་སུ་ཡུལ་དངོས་ལྟ་ཞིབ་བྱས་པ་དང་ཞིང་ཆེན་ཡོངས་ཀྱི་ཁྲིམས་སྐྱོང་དྲིལ་སྒྲོག་སློབ་གསོ་བྱ་བའི་སྐུལ་འདེད་གནས་ཚུལ་ལ་རྒྱུས་ལོན་ཞིབ་ཕྲ་བྱས་པ་དང་འབྲེལ་ཡོད་བྱ་བའི་འཁོར་སྐྱོད་བརྒྱུད་རིམ་ལ་ལྟ་ཞིབ་བྱས།

རྟོག་ཞིབ་ཚན་ཆུང་གིས་ཞིང་ཆེན་ཡོངས་ཀྱི་ཁྲིམས་སྐྱོང་དྲིལ་སྒྲོག་སློབ་གསོ་བྱ་བའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་བྱས་པ་དང་། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོ་དང་སྡེ་ཁག་སོ་སོས་ཆབ་སྲིད་ཀྱི་ལངས་གནས་མཐོར་འདེགས་དང་དུས་རབས་གསར་པའི་ཁྲིམས་སྐྱོང་སློབ་གསོའི་རྩ་བའི་བརྗོད་གཞིར་གོ་བ་གཏིང་ཟབ་བླངས་ནས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཁྲིམས་སྐྱོང་སློབ་གསོའི་བཅའ་ཁྲིམས་ཚད་གཞི་རུ་བྱས་ཏེ་ཁྲིམས་སྐྱོང་དྲིལ་སྒྲོག་སློབ་གསོ་དེ་ཁྲིམས་སྐྱོང་མཚོ་སྔོན་འཛུགས་སྐྲུན་གྱི་བརྒྱུད་རིམ་ཧྲིལ་བོར་ཁྱབ་པར་བྱེད་དགོས། གཙོ་གནད་དམ་འཛིན་ལ་དམིགས་པ་དང་ཆབ་སྲིད་ཀྱི་སྣེ་ཁྲིད་རྒྱུན་འཁྱོངས། ཁྲིམས་ལུགས་ཁྱབ་གདལ་བྱ་བའི་གཞི་རྩའི་ཁ་ཕྱོགས་སྲ་བརྟན་ཏུ་གཏོང་བ། རྩ་ཁྲིམས་དང་དམངས་དོན་ཁྲིམས་གཞུང་སོགས་གཙོ་གནད་ཁྲིམས་ལུགས་ཁྲིམས་སྲོལ་དྲིལ་སྒྲོག་གཏིང་ཟབ་བྱེད་པ། བྱེད་ཐབས་གནད་ཁེལ་བཏོན་ནས་སྤུས་འདེགས་ནུས་སྤོར་བྱ་བ་དང་། ས་ཁོངས་དང་ཚོགས་སྤྱི། གནས་ཚུལ་ཚ་ཤོས་བཅས་ལ་དམིགས་ནས་ཁྲིམས་ལུགས་ཁྱབ་གདལ་གནད་ལ་ཁེལ་བར་བྱེད་པ། དྲང་སྲུང་གསར་གཏོད་བརྒྱུད་ལམ་ལེགས་པར་སྲུང་ནས་མཚོ་སྔོན་གྱི་ཁྱད་ཆོས་ལྡན་པའི་ཁྲིམས་སྐྱོང་རིག་གནས་ཀྱི་ཚོང་རྟགས་བསྐྲུན་པ་དང་། རྒྱ་ཁྱབ་ཏུ་སྤྱད་ཆོག་པའི་མཚོ་སྔོན་གྱི་ཉམས་མྱོང་སྤྱི་སྡོམ་བྱེད་དགོས། གཙོ་གཞིའི་འགན་འཁྲི་ནན་དཀྲི་བྱས་ནས་གང་གིས་ཁྲིམས་བསྟར་བྱས་ན་དེས་ཁྲིམས་ལུགས་ཁྱབ་གདལ་གཏོང་བ་དང་། གང་གིས་དོ་དམ་བྱས་ན་དེས་ཁྲིམས་ལུགས་ཁྱབ་གདལ་གཏོང་བ། གང་གིས་ཞབས་ཞུ་སྒྲུབ་ན་དེས་ཁྲིམས་ལུགས་ཁྱབ་གདལ་གཏོང་བའི་ཁྲིམས་བཅད་འགན་འཁྲི་ལག་བསྟར་ནན་མོ་བྱས་ནས་ཁྲིམས་ལུགས་ཁྱབ་གདལ་གྱི་བྱ་བའི་གཞི་རྣམ་གྲུབ་པར་བྱེད་དགོས་ཞེས་བསྟན།

རྟོག་ཞིབ་ཚན་ཆུང་གིས་ད་དུང་ཐེངས་འདིའི་ཆེད་དོན་ལྟ་སྐུལ་དང་ཁྲིམས་འཛུགས་མཉམ་འགུལ་རྟོག་ཞིབ་ནི་དམངས་ཆེན་རྒྱུན་ལས་ཨུ་ལྷན་གྱི་ལོ་འཁོར་བྱ་བའི་གཙོ་གནད་ཅིག་ཡིན་པ་དང་། རིམ་པ་སོ་སོའི་འབྲེལ་ཡོད་སྡེ་ཁག་གིས་སྤྱི་ཡོངས་ཀྱི་ལྟ་བ་སྲ་བརྟན་དང་འགན་འཁྲིའི་ཁག་ཁུར་ཤུགས་དྲག་ཏུ་གཏོང་བ། གཞོག་འདེགས་མཉམ་འགུལ་ལ་ཤུགས་སྣོན་པ། རྟོག་ཞིབ་གཏིང་ཟབ་གཏོང་བར་ནུས་ཤུགས་ཡོད་རྒུས་འགན་སྲུང་བྱེད་པ། དངོས་སྒྲུབ་ཀྱི་སྤྱོད་ལམ་དང་བྱེད་ཐབས་ནུས་ལྡན་ལ་བརྟེན་ནས་ཞིང་ཆེན་ཡོངས་ཀྱི་ཁྲིམས་ལུགས་ཁྱབ་གདལ་བྱ་བ་དེ་གྲངས་ཚད་གཙོར་འཛིན་པ་ནས་སྤུས་ཚད་གཙོར་འཛིན་པའི་ཕྱོགས་སུ་མཆོང་སྐྱོད་བྱེད་དུ་འཇུག་དགོས་ཞེས་བསྟན།

རྩོམ་སྒྲིག་པ། : ཨ་གཡང་སྐྱིད།