ཟླ4པའི་ཚེས2ཉིན་གྱི་ཕྱི་དྲོར། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝུའུ་ཞའོ་ཅུན་གྱིས་འགོ་འཛིན་བྱས་ནས་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་རྒྱས་འཛོམས་གྲོས་ཚོགས་བསྡུས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བདེ་འཇགས་ཐོན་སྐྱེད་སྐོར་གྱི་རྒྱས་བཤད་གལ་ཆེན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་པ་དང་། ཀྲུང་དབྱང་གི་འབྲེལ་ཡོད་ཡིག་ཆ་དང་གྲོས་ཚོགས་ཀྱི་དགོངས་དོན་བརྒྱུད་བསྒྲགས་བྱས་པར་མ་ཟད། ཞིང་ཆེན་ཡོངས་ཀྱི་སྤྱི་ཚོགས་བདེ་འཇགས་བརྟན་བརླིང་བྱ་བར་བཀོད་སྒྲིག་བྱས།
གྲོས་ཚོགས་ལས་བསྟན་དོན། མིག་སྔར། ཞིང་ཆེན་ཡོངས་ཀྱི་སྤྱི་ཚོགས་བདེ་འཇགས་བཅོས་སྐྱོང་སྤྱིའི་ཆ་ནས་གཏན་འཇགས་ཡིན་མོད། གཏན་འཁེལ་མིན་ལ་སྔོན་དཔག་དཀའ་བའི་ཉེན་ཁའི་མི་མངོན་པའི་རྐྱེན་ངན་སྣ་ཚོགས་སྔར་བཞིན་གནས་ཡོད། བདེ་འཇགས་འགན་སྲུང་དང་བརྟན་བརླིང་སྲུང་སྐྱོབ་ཀྱི་ཆབ་སྲིད་ཀྱི་འགན་འཁྲི་མཐའ་གཅིག་ཏུ་འཁུར་ནས། བདེ་འཇགས་བརྟན་བརླིང་དམ་འཛིན་གྱི་འགན་འཁྲིའི་འདུ་ཤེས་དང་དགོས་གཏུག་འདུ་ཤེས་ཇེ་དྲག་ཏུ་གཏོང་བ་དང་། བག་གཡེང་བསམ་བློ་དང་ལྷོད་གཡེང་བསམ་བློ། སྟེས་དབང་བསམ་ཚུལ་བཅས་ཁྱད་དུ་སེལ་ཏེ། བདེ་འཇགས་དོན་རྐྱེན་ཚབས་ཆེན་མི་འབྱུང་བའི་ཚད་མཐའ་བརྟན་པོར་སྲུང་བ་དང་། བདེ་འཇགས་བརྟན་བརླིང་གི་བྱ་བ་སྣ་ཚོགས་ཏན་ཏིག་གིས་སྒྲུབ་ནས། ནུས་ཤུགས་ཡོད་རྒུས་རིགས་སོ་སོའི་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་དང་སྤྱི་ཚོགས་ཁྱོན་ཡོངས་ཀྱི་བརྟན་བརླིང་ལ་འགན་སྲུང་བྱེད་དགོས།
གྲོས་ཚོགས་ལས་ནན་གྱིས་བསྟན་དོན། དུས་རྒྱུན་དུ་ལྷོད་གཡེང་མི་བྱེད་པའི་འགན་འཁྲིའི་འདུ་ཤེས་ལ་བརྟེན་ནས་བདེ་འཇགས་ཐོན་སྐྱེད་བྱ་བ་མཐའ་གཅིག་ཏུ་དམ་འཛིན་བྱེད་དགོས། དོན་རྐྱེན་མང་པོ་བྱུང་ས་དང་དུར་ཕྱགས་ཕྱི་སྐྱོད་ཀྱི་ལམ་ཐིག་གཙོ་བོར་དམ་པོར་དམིགས་ནས། གཞུང་ལམ་བདེ་འཇགས་ཀྱི་མི་མངོན་པའི་རྐྱེན་ངན་གཅིག་བསྡུས་ཀྱིས་གྲལ་བཤེར་བྱས་ཏེ། མང་ཚོགས་ཀྱི་ཕྱི་སྐྱོད་བདེ་འཇགས་ལ་འགན་སྲུང་ནན་མོ་བྱེད་དགོས། བཟོ་བཀོད་ལས་སྐྲུན་གྱི་བདེ་འཇགས་ལེགས་བཅོས་བྱ་བ་བསྟུད་མར་ཟབ་སྤེལ་བྱེད་པ་དང་། བཟོ་སྐྲུན་གྱི་བདེ་འཇགས་དང་སྤུས་ཚད། མྱུར་ཚད་བཅས་གཅིག་གྱུར་ཡོང་བར་བྱེད་དགོས། གཏེར་འདོན་ཁེ་ལས་ཀྱི་བདེ་འཇགས་ཐོན་སྐྱེད་ཀྱི་འགན་འཁྲི་གཙོ་བོ་དང་སྡེ་ཁག་གི་སྐུལ་འདོམས་འགན་འཁྲི་དངོས་འབེབས་ནན་མོ་བྱས་ཏེ། ཚན་རིག་དང་ལུགས་མཐུན་གྱིས་ཐོན་སྐྱེད་ཀྱི་མྱུར་ཚད་བཀོད་སྒྲིག་བྱེད་དགོས། མི་མང་པོ་འདུས་སྡོད་བྱེད་སའི་བདེ་འཇགས་ཀྱི་མི་མངོན་པའི་རྐྱེན་ངན་ལ་དྲ་སྦྲེལ་རྣམ་པས་གྲལ་བཤེར་བྱེད་པ་དང་། རྐང་བགྲོད་མྱུལ་དཔྱད་ཐད་ཀྱི་དྲིལ་སྒྲོག་སློབ་གསོ་དོ་དམ་དང་དམ་འཛིན་ནན་མོ་བྱེད་དགོས། གནས་ཡུལ་གཙོ་བོར་ཕྱོགས་ཡོངས་ལ་ཁེབས་པའི་མེ་ཟོན་ཞིབ་བཤེར་བྱེད་པ་དང་། ནགས་ཚལ་དང་རྩྭ་ཐང་གི་མེ་འགོག་ལ་ཤུགས་བསྣན་ནས། མེ་སྐྱོན་ཉེན་ཁའི་མི་མངོན་པའི་རྐྱེན་ངན་སྣ་ཚོགས་མཐའ་གཅིག་ཏུ་འགོག་དགོས། ཐལ་དྲགས་པའི་གནམ་གཤིས་ཀྱི་སྔོན་བརྡ་ལ་དོ་སྣང་བྱེད་པ་དང་། སྔ་མོ་ནས་བཀོད་སྒྲིག་དང་གྲལ་བཤེར། འགོག་ཟོན་བཅས་བྱས་ཏེ། བྱེད་ཐབས་མང་པོར་བརྟེན་ནས་ནོར་འཕྱུག་གཏན་ནས་མི་འབྱུང་བར་བྱེད་དགོས།
གྲོས་ཚོགས་ལས་ནན་གྱིས་བསྟན་དོན། གོ་སྐབས་ཤོར་མི་རུང་བའི་དགོས་གཏུག་འདུ་ཤེས་ལ་བརྟེན་ནས། ནུས་ཤུགས་ཡོད་རྒུས་སྤྱི་ཚོགས་འཆམ་མཐུན་བརྟན་བརླིང་ལ་སྲུང་སྐྱོབ་བྱེད་དགོས། ཁྱབ་ཁོངས་གཙོ་བོ་དང་ཚོགས་པ་གཙོ་བོ། ཁུལ་གནས་གཙོ་བོ་བཅས་ལ་དམིགས་ཏེ། འགལ་བ་དང་རྩོད་གཞི་སྣ་ཚོགས་ལ་ཕྱོགས་ཡོངས་ནས་གྲལ་བཤེར་བྱེད་པ་དང་། ཚད་མཐའ་དང་གནས་ཚུལ་གསལ་བོ་ཡིན་པར་ཁག་ཐེག་བྱེད་དགོས། དུས་རབས་གསར་པའི་ཧྥིན་ཆའོ་ཉམས་མྱོང་གི་མཚོ་སྔོན་ལག་ལེན་ལ་སྐུལ་འདེད་གཏོང་བ་དང་། འགལ་བ་དང་རྩོད་གཞི་ཆུང་དུས་དང་སྔ་མོ་ནས་སེལ་བ། དོན་དག་ཐག་གཅོད་དང་སེམས་ཁམས་སྙོམས་སྒྲིག་གིས་མང་ཚོགས་ཀྱི་ཁྲིམས་མཐུན་ཁེ་ཕན་ལ་སྲུང་སྐྱོབ་བྱས་ཏེ། དམངས་འཚོའི་སྲིད་ཇུས་སྣ་ཚོགས་དོན་འཁྱོལ་ལེགས་པོ་བྱེད་དགོས། ཁྲིམས་ལྟར་ཁྲིམས་འགལ་ཉེས་སྤྱོད་ལ་རྡུང་རྡེག་ནན་མོ་གཏོང་བ་དང་། ཉེན་ཁའི་དངོས་རྫས་ཀྱི་འབྱུང་ཁུངས་དོ་དམ་དང་ཚོད་འཛིན་ལ་ཤུགས་བསྣན་ནས། ཁུལ་གནས་གཙོ་བོར་སྐོར་སྲུང་ཚོད་འཛིན་ནན་མོ་བྱེད་པ་དང་། དྲ་རྒྱའི་གླེང་ཕྱོགས་དོ་དམ་ཇེ་དྲག་ཏུ་བཏང་སྟེ། སྤྱི་ཚོགས་བདེ་འགོད་ཀྱི་སྤྱིའི་འགོག་ཟོན་ལ་ཤུགས་སྣོན་དགོས།
གྲོས་ཚོགས་ལས་ནན་གྱིས་བསྟན་དོན། ས་གནས་སོ་སོ་དང་སྡེ་ཁག་སོ་སོས་སྲིད་འབྲས་ལྟ་བ་ཡང་དག་འཛུགས་པ་དང་ལག་བསྟར་བྱེད་པའི་སློབ་སྦྱོང་སློབ་གསོ་དང་ཟུང་འབྲེལ་བྱས་ནས། མཐའ་གཅིག་ཏུ་ས་ཁོངས་སྲུང་བའི་འགན་འཁྲི་ཡོད་པ་དང་ས་ཁོངས་སྲུང་བའི་འགན་འཁྲི་འཁུར་བ། ས་ཁོངས་སྲུང་བའི་འགན་འཁྲི་སྒྲུབ་པ་བཅས་བྱས་ཏེ། ལས་རིགས་ལ་དོ་དམ་བྱེད་ན་ངེས་པར་དུ་བདེ་འཇགས་ལ་དོ་དམ་བྱེད་པ་དང་། བྱ་བར་དོ་དམ་བྱེད་ན་ངེས་པར་དུ་བདེ་འཇགས་ལ་དོ་དམ་བྱེད་པ། ཐོན་སྐྱེད་ལ་དོ་དམ་བྱེད་ན་ངེས་པར་དུ་བདེ་འཇགས་ལ་དོ་དམ་བྱེད་པ་བཅས་ཀྱི་བླང་བྱ་ལྟར། ཉིན་མཚན་གཉིས་ཀྱི་ལས་རེས་ལས་སྲུང་དང་རེ་ཞུ་སྙན་ཞུའི་ལམ་ལུགས་དངོས་འབེབས་ནན་མོ་བྱེད་པ་དང་། གློ་བུར་དོན་རྐྱེན་དུས་ལྟར་དང་ལེན་དང་ནུས་མཐོའི་ངང་ཐག་གཅོད་ནན་མོ་བྱེད་ཅིང་། བདེ་འཇགས་ཐོན་སྐྱེད་དང་སྤྱི་ཚོགས་བརྟན་བརླིང་གི་དྲིལ་སྒྲོག་སློབ་གསོ་རྒྱ་ཆེར་སྤེལ་ཏེ། བདེ་འཇགས་སྲུང་ཞིང་བརྟན་བརླིང་ལ་སྐུལ་བའི་བྱ་བའི་མཉམ་ཤུགས་ཆགས་པར་སྐུལ་འདེད་གཏོང་དགོས།
གྲོས་ཚོགས་བརྙན་ལམ་ནས་བསྡུས་པ་དང་། ཞིང་ཆེན་དུ་ཚོགས་ར་གཙོ་བོ་བཙུགས་ཡོད་ལ། གྲོང་ཁྱེར་དང་ཁུལ་སོ་སོར་ཡན་ལག་ཚོགས་ར་བཙུགས་ཡོད།