མཚོ་སྔོན་གྱིས་དུར་མཆོད་དུས་ཆེན་སྐབས་ཀྱི་ཞབས་ཞུའི་འགན་སྲུང་བྱ་བ་བཟང་བོར་བསྒྲུབས།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

ཟླ3པའི་ཚེས29ཉིན།   མཚོ་སྔོན་ཞིང་ཆེན་གྱི་རིམ་པ་སོ་སོའི་དམངས་སྲིད་སྡེ་ཁག་གིས་ཁོངས་གཏོགས་ས་ཁུལ་གྱི་དུར་འཇུག་ཞབས་ཞུའི་སྡེ་ཁག་ལ་ཕྱོགས་ཡོངས་ནས་བདེ་འཇགས་མངོན་མེད་རྐྱེན་ངན་ཐད་ཀྱི་ཞིབ་བཤེར་སྤེལ་ནས་དུར་འཇུག་ཞབས་ཞུའི་སྡེ་ཁག་ལ་འཐེན་བཤེར་དང་རྙེད་པའི་གནད་དོན་ལ་གསལ་ཁྲ་ལས་ནས་བདེ་འཇགས་ཐད་ཀྱི་མངོན་མེད་རྐྱེན་ངན་མེད་པར་བྱས།   དེ་དང་མཉམ་དུ།   ཞིང་ཆེན་ཡོངས་ཀྱི་སྡེ་ཁག་བཅུས་མཉམ་འབྲེལ་འགུལ་སྐྱོད་སྤེལ་ནས་སྟོབས་ཤུགས་ཡོད་རྒུས་མི་དམངས་མང་ཚོགས་ཀྱི་དུར་མཆོད་ཞབས་ཞུའི་འགན་སྲུང་བྱ་བ་བཟང་བོར་བསྒྲུབས།

དུར་མཆོད་དུས་ཆེན་ཐོན་ལ་ཡོད་པའི་སྐབས་སུ།   མཚོ་སྔོན་གྱིས་ཐོལ་བྱུང་དོན་རྐྱེན་གྱི་ཐག་གཅོད་སྔོན་ཇུས་རྒྱུན་མཐུད་ངང་འཐུས་ཚང་དུ་བཏང་ནས་དུར་འཇུག་གི་ཁྲིམས་སྲོལ་སྲིད་ཇུས་དྲིལ་སྒྲོག་ཟབ་མོ་བྱས་ཤིང་། མང་ཚོགས་ཀྱིས་དུར་མཆོད་བྱེད་པའི་ལྟ་སྐུལ་ཁྲིད་སྟོན་དང་འགྲིམ་འགྲུལ་སྒྲིག་ལམ་སྲུང་སྐྱོབ།   གཞུང་ལམ་གྱི་མངོན་མེད་རྐྱེན་ངན་ཞིབ་བཤེར་བྱེད་ཤུགས་ཇེ་དྲག་ཏུ་བཏང་།   གནས་སྐབས་ཀྱི་མཆོད་འབུལ་བྱེད་ས་ཁ་སྣོན་བྱས་ནས་ཁྲིམས་ལྟར་གང་འདོད་དུ་ཤོག་བུ་བསྲེག་པ་དང་ཁྲིམས་འགལ་གྱིས་བགྲོད་ལམ་བདག་བཟུང་བྱེད་པའི་སྤྱོད་ལམ་ཚད་ལྡན་དུ་བཏང་། མེ་འགོག་ཤེས་བྱ་དྲིལ་སྒྲོག་དང་ཕྱི་རོལ་གྱི་མེ་སྐྱོན་འབྱུང་ཁུངས་དོ་དམ་ཚོད་འཛིན་ལ་ཤུགས་བསྣན་ནས་ནགས་ཚལ་དང་རྩྭ་ཐང་གི་མེ་སྐྱོན་ཉེན་ཁའི་མངོན་མེད་རྐྱེན་ངན་མེད་པར་བྱས་པ་དང་།   དུར་འཇུག་མཁོ་ཆས་ཚོང་རའི་ལྟ་སྐུལ་དོ་དམ་ལ་ཤུགས་བསྣན་ནས་ཁྲོམ་རའི་སྒྲིག་ལམ་གཏན་འཇགས་ཡོང་བར་སྲུང་སྐྱོབ་བྱས།  དེ་མིན་མང་ཚོགས་ཀྱིས་སྔོན་གཤེགས་དཔའ་པོར་མཆོད་འབུལ་བྱེད་པའི་བྱེད་སྒོ་བཟང་བོར་སྤེལ་ནས་སྡེ་ཁག་སོ་སོའི་མཉམ་འཛིན་སྤྱི་འདོམས་ཀྱི་བྱ་བའི་མཉམ་ཤུགས་གྲུབ་པར་བྱས།

དུས་ཐོག་ཏུ་མཆོད་འབུལ་བྱེད་སར་ཕར་འགྲོ་ཚུར་འོང་བྱེད་པའི་སྤྱི་སྤྱོད་རླངས་འཁོར་ཇེ་མང་དུ་བཏང་བ་དང་།  མི་སྣའི་འགྲོ་འོང་མང་སའི་ལམ་ཐིག་ཏུ་རླངས་འཁོར་གཏོང་གྲངས་ཇེ་མང་དུ་བཏང་ནས་ལས་སྣོན་རླངས་འཁོར་ཁ་སྣོན་བྱས་ཤིང་།   དུར་འཇུག་ཞབས་ཞུའི་སྡེ་ཁག་གིས་གནས་ཚུལ་དངོས་ལ་གཞིགས་ནས་གནས་སྐབས་ཀྱི་རླངས་འཁོར་འཇོག་ས་ཁ་སྣོན་བྱས་ནས་མཆོད་འབུལ་ལ་འགྲོ་བའི་མང་ཚོགས་ཀྱི་རླངས་འཁོར་འཇོག་པའི་དགོས་མཁོར་འགན་སྲུང་བཟང་བོ་བྱས།   གླིང་ཁུལ་དུ་ལས་རེས་ལས་སྲུང་མི་སྣ་ཁ་སྣོན་བྱས་ཏེ་མཆོད་འབུལ་བྱེད་པའི་མི་སྣར་ཁྲིད་སྟོན་བྱེད་ཤུགས་ཆེ་རུ་བཏང་ནས་རྡོག་བརྫིས་དོན་རྐྱེན་འབྱུང་བ་སྔོན་འགོག་བྱས།

དེ་དང་མཉམ་དུ།   དུར་འཇུག་ཞབས་ཞུའི་སྡེ་ཁག་གིས་ལྗང་མདོག་ཐཱན་ཉུང་གི་མཆོད་འབུལ་བྱེད་ཐབས་གསར་པ་ཁྱབ་གདལ་དུ་བཏང་ནས་རྒྱ་ཆེའི་མི་དམངས་མང་ཚོགས་ཀྱིས་མེ་ཏོག་འབུལ་བ་དང་སྡོང་ཕྲུག་འཛུགས་པ།   དུར་ས་ཕྱགས་པ།   མཆོད་འབུལ་ཡི་གེ་ཀློག་པ་སོགས་ཀྱི་བྱེད་ཐབས་བརྒྱུད་དེ་མྱ་ངན་ཞུ་རྒྱུར་ཁྲིད་སྟོན་བྱས་ནས་དཔལ་ཡོན་མཆོད་འབུལ་གྱི་དར་སྲོལ་བཟང་བོ་ལག་བསྟར་བྱེད་པར་སྟོབས་ཤུགས་ཕུལ།

རྩོམ་སྒྲིག་པ། : ཡེ་ཤེས་སྒྲོལ་མ།