མཚོ་སྔོན་ཞིང་ཆེན་ཚོང་དོན་ཐིང་གིས་ཏང་ཕྱོགས་ཡོངས་ནས་བཅོས་སྐྱོང་ནན་མོ་བྱེད་པའི་འགན་བཞི་མཐུན་སྦྱོར་དོན་འཁྱོལ་བྱེད་པར་སྐུལ་འདེད་གཏོང་བའི་འགན་འཁྲིའི་གསལ་ཁྲ་གཏན་འབེབས་བྱས་ཏེ་པར་སྐྲུན་འགྲེམ་སྤེལ་བྱས།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

ཉེ་ལམ།   མཚོ་སྔོན་ཞིང་ཆེན་ཚོང་དོན་ཐིང་གིས་བསྒྲགས་པ་ལྟར་ན།    ཏང་ཀྲུང་དབྱང་དང་མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཏང་ཕྱོགས་ཡོངས་ནས་བཅོས་སྐྱོང་ནན་མོ་བྱེད་པའི་ཇུས་ཆོད་བཀོད་སྒྲིག་ལག་བསྟར་གཏིང་ཟབ་བྱེད་ཆེད།   ཞིང་ཆེན་ཚོང་དོན་ཐིང་ཏང་ཙུའུ་ཡིས་བྱ་བ་དངོས་དང་ཟུང་འབྲེལ་གྱིས་ཏང་ཕྱོགས་ཡོངས་ནས་བཅོས་སྐྱོང་ནན་མོ་བྱེད་པའི་འགན་བཞི་མཐུན་སྦྱོར་དོན་འཁྱོལ་བྱེད་རྒྱུར་སྐུལ་འདེད་གཏོང་བའི་འགན་འཁྲིའི་གསལ་ཁྲ་གཏན་འབེབས་བྱས་ཏེ་པར་སྐྲུན་འགྲེམ་སྤེལ་བྱས་ནས་འགན་འཁྲིའི་འབྲེལ་ཐག་སྔར་ལས་གསལ་བོ་བྱས་པ་དང་ལམ་ལུགས་ཀྱི་འགན་སྲུང་ཇེ་དྲག་ཏུ་བཏང་སྟེ་ཞིང་ཆེན་ཡོངས་ཀྱི་ཚོང་དོན་ལས་རིགས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཐད་ཆབ་སྲིད་ཀྱི་རྨང་གཞི་བརྟན་པོར་བཏིངས།

གསལ་ཁྲ་ལས་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་འབྲེལ་ཡོད་གཏན་འབེབས་ཀྱི་བླང་བྱར་དཔེ་བསྡུར་ནན་མོ་བྱས་ཡོད་པ་དང་།   ཏང་ཙུའུ་འགོ་ཁྲིད་སྤྱི་དང་ཏང་ཙུའུ་ཧྲུའུ་ཅི།   ཏང་ཙུའུ་འགོ་ཁྲིད་ཚན་ཁག་གི་ཁོངས་མི།   ཏང་ཀྲི་པུའུ་ཧྲུའུ་ཅི་བཅས་རིམ་པ་བཞིའི་འགན་འཁྲིའི་མ་ལག་བཙུགས་ཤིང་།   ཐིང་དང་ལས་ཁུངས་སྒྲིག་ཨུའི་ཧྲུའུ་ཅི་དང་ལས་ཁུངས་སྒྲིག་ཨུའི་ལྟ་སྐུལ་འགན་འཁྲི་གཏན་འཁེལ་གསལ་བོ་བྱས་ནས་དབང་ཆ་དང་འགན་འཁྲི་གསལ་བོ་ཡིན་པ་དང་མཐུན་སྦྱོར་ཤུགས་འདོན་སོགས་ཀྱི་ཏང་དོ་དམ་དང་ཏང་བཅོས་སྐྱོང་གི་རྣམ་པ་གྲུབ་པར་བྱས།   གསལ་ཁྲ་ལས་ཆབ་སྲིད་དང་བསམ་བློ།  རྩ་འཛུགས།    སྤྱོད་ཚུལ།    སྒྲིག་ཁྲིམས།   ལམ་ལུགས་བཅས་འཛུགས་སྐྱོང་བྱེད་པའི་ལས་རིམ་ཆེན་པོ་དྲུག་ལ་དམིགས་ནས་ཏང་ཙུའུ་འགོ་ཁྲིད་ཚན་ཁག་གི་གཅིག་བསྡུས་འགན་འཁྲི་ཉེར་ལྔ་དང་རིམ་པ་སོ་སོའི་འགན་འཁྲིའི་གཙོ་གཞིའི་ཞིབ་ཕྲའི་འགན་སྒྲུབ་བླང་བྱ་ཇེ་ཞིབ་ཏུ་བཏང་བ་དང་།    ཏང་ཕྱོགས་ཡོངས་ནས་བཅོས་སྐྱོང་ནན་མོ་བྱེད་པ་དེ་ཚོང་དོན་བྱ་བ་དང་མཉམ་དུ་འཆར་འགོད་དང་བཀོད་སྒྲིག   སྐུལ་འདེད།   དཔྱད་ཞིབ་བཅས་བྱས་ནས་ཏང་འཛུགས་དང་ལས་སྒོ་མཉམ་བསྲེས་ཟབ་མོ་བྱེད་པ་དང་མཉམ་དུ་སྐུལ་འདེད་གཏོང་བ་མངོན་འགྱུར་བྱས།

གསལ་ཁྲ་ལས་ཆབ་སྲིད་ཀྱི་བླང་བྱ་གཙོ་བོ་འབུར་དུ་ཐོན་པར་བྱས་ནས་བློ་བརྟན་འགྱུར་མེད་སྒོས་སྲུང་སྐྱོང་གཉིས་སྒྲུབ་ཐུབ་པར་བྱེད་པ་དང་།   གཏན་ཕབ་གཉིས་ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་ཟབ་མོ་ལེན་རྒྱུ་དེ་ལས་འགན་གཙོ་བོར་བྱས་ནས་འགན་སྒྲུབ་ཀྱི་གོ་རིམ་ཧྲིལ་བོར་ཁྱབ་པར་བྱས་པ་དང་། འགན་འཁྲི་དོན་འཁྱོལ་བྱེད་ཤུགས་ཇེ་དྲག་ཏུ་བཏང་ཞིང་། རིམ་པ་སོ་སོའི་གཙོ་གཞིའི་བྱ་བའི་ལས་འགན་དང་ཞིབ་ཕྲའི་བྱེད་ཐབས་གཏན་འཁེལ་གསལ་བོ་བྱས་ནས་ཏང་དོ་དམ་དང་ཏང་བཅོས་སྐྱོང་ནན་མོ་བྱེད་པར་སྐུལ་འདེད་བཏང་།   སྔ་མོ་ནས་དམ་འཛིན་བྱེད་པ་དང་ཆུང་ས་ནས་དམ་འཛིན་བྱེད་རྒྱུ་རྒྱུན་འཁྱོངས་བྱས་པ་དང་། ལྟ་སྐུལ་མ་ལག་འཐུས་ཚང་དུ་བཏང་ནས་རུལ་སུངས་བྱེད་མི་ཕོད་པ་དང་རུལ་སུངས་བྱེད་མི་ཉན་པ།   རུལ་སུངས་བྱེད་མི་འདོད་པ་བཅས་ལ་གཅིག་གྱུར་སྒོས་སྐུལ་འདེད་བཏང་། མི་དམངས་ཀྱི་ལངས་ཕྱོགས་བརྟན་སྲུང་བྱས་ནས་ཚོང་དོན་ཁྱབ་ཁོངས་ཀྱི་མང་ཚོགས་ཀྱི་བྲེལ་དཀའ་ཁྲལ་སྒུག་གི་གནད་དོན་ཐག་གཅོད་རྒྱུ་དེ་སྤྱོད་ཚུལ་འཛུགས་སྐྱོང་ལ་དཔྱད་ཞིབ་བྱེད་པའི་ཚད་གཞིར་བརྩིས་ནས་ཏང་ཡོན་ལས་བྱེད་པས་འགན་སྒྲུབ་བཟང་བོ་བྱེད་པར་སྐུལ་འདེད་བཏང་།

རྩོམ་སྒྲིག་པ། : ཡེ་ཤེས་སྒྲོལ་མ།