ཟླ3པའི་ཚེས25ཉིན་ནས་ཚེས27ཉིན་བར། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཝུའུ་ཞའོ་ཅུན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ལུའོ་ཏུང་ཁྲོན་གྱིས་སྣེ་ཁྲིད་དེ། པེ་ཅིང་དུ་རྒྱལ་ཁབ་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་ཁོངས་རྒྱུ་ནོར་ལྟ་སྐུལ་དོ་དམ་ཨུ་ཡོན་ལྷན་ཁང་། རྒྱལ་ཁབ་ལུས་རྩལ་སྤྱི་ཁྱབ་ཅུས། ཀྲུང་གོ་དམངས་སྤྱོད་མཁའ་འགྲུལ་ཅུས། མི་དམངས་ཉིན་རེའི་ཚགས་པར་ཁང་། ཞིན་ཧྭ་གསར་འགྱུར་ཁང་། ཀྲུང་དབྱང་རྒྱང་སྒྲོག་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། རྒྱལ་ཁབ་གློག་ཤུགས་དངུལ་གཏོང་སྡེ་ཚོགས། ཀྲུང་གོ་འབྲེལ་འཕྲིན་སྡེ་ཚོགས་བཅས་དང་མཉམ་དུའམ་སོ་སོར་བྱ་བའི་གྲོས་མོལ་བྱས་པ་དང་། སྔར་ལས་ལྷག་པའི་སྒོ་ནས་རྒྱབ་སྐྱོར་བརྩོན་ལེན་དང་མཉམ་ལས་གཏིང་ཟབ་བྱས། རྒྱལ་ཁབ་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཀྲིན་ཧྲན་ཅེ་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་ཁོངས་རྒྱུ་ནོར་ལྟ་སྐུལ་དོ་དམ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཀྲང་ཡུས་ཀྲའོ། རྒྱལ་ཁབ་ལུས་རྩལ་སྤྱི་ཁྱབ་ཅུས་ཀྱི་ཅུས་ཀྲང་ཀའོ་ཀྲི་ཏན། ཀྲུང་གོ་དམངས་སྤྱོད་མཁའ་འགྲུལ་ཅུས་ཀྱི་ཅུས་ཀྲང་སུང་ཀྲི་ཡུང་། ཀྲུང་དབྱང་རྒྱང་སྒྲོག་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་ཀྱི་ཐའེ་ཀྲང་ཧྲིན་ཧའེ་ཞུང་། མི་དམངས་ཉིན་རེའི་ཚགས་པར་ཁང་གི་འགོ་གཙོ་ཡུས་ཧྲའོ་ལེང་། སྤྱི་ཁྱབ་རྩོམ་སྒྲིག་པ་ཁྲེན་ཅན་ཝུན། ཞིན་ཧྭ་གསར་འགྱུར་ཁང་གི་འགོ་གཙོ་ཧྥུའུ་ཧྭ། སྤྱི་ཁྱབ་རྩོམ་སྒྲིག་པ་ལུའི་ཡན་སུང་། རྒྱལ་ཁབ་གློག་ཤུགས་དངུལ་གཏོང་སྡེ་ཚོགས་ཀྱི་རྐང་གཉེར་དབུ་གཙོ་ལིའུ་མིན་ཧྲིན། ཀྲུང་གོ་འབྲེལ་འཕྲིན་སྡེ་ཚོགས་ཀྱི་རྐང་གཉེར་དབུ་གཙོ་ཏུང་ཞིན་བཅས་གྲོས་མོལ་ལ་ཞུགས།
ཝུའུ་ཞའོ་ཅུན་དང་ལུའོ་ཏུང་ཁྲོན་གྱིས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཚབ་བྱས་ཏེ་རྒྱལ་ཁབ་ཀྱི་འབྲེལ་ཡོད་པུའུ་ཨུ་དང་། ཀྲུང་དབྱང་གསར་འགྱུར་ལས་ཁུངས། ཀྲུང་དབྱང་ཁེ་ལས་བཅས་ཀྱིས་དུས་ཡུན་རིང་པོར་རྒྱབ་སྐྱོར་ཆེན་པོ་བྱས་པར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུས་པར་མ་ཟད།“ལོ་ལྔའི་འཆར་འགོད་བཅུ་བཞི་པའི”དུས་སྐབས་སུ་ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་གནས་ཚུལ་ངོ་སྤྲོད་མདོར་བསྡུས་བྱས། ཁོ་ཚོས་བཤད་རྒྱུར། མིག་སྔར། མཚོ་སྔོན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་བྱ་བའི་ཐད་གནང་བའི་བླང་བྱ་གལ་ཆེན་དང་རྒྱལ་ཡོངས་ཚོགས་ཆེན་གཉིས་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱས་ཏེ། ནུས་ཤུགས་ཡོད་རྒུས་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་བསྐྲུན་པ་དང་། མགྱོགས་མྱུར་སྒོས་ཐོན་ལས་ཀྱི“གནས་བཞི”འཛུགས་སྐྲུན་བཅས་བྱས་ནས། རྒྱལ་ཡོངས་འཕེལ་རྒྱས་ཀྱི་ཁྱོན་ཡོངས་ལ་མཉམ་འདྲེས་དང་ཞབས་འདེགས་ཞུ་བའི་ཁྲོད་འཕེལ་རྒྱས་ཀྱི་སྒུལ་ནུས་གསར་པ་རྒྱུན་ཆད་མེད་པར་གཏོད་བཞིན་ཡོད། རྒྱལ་ཁབ་ཀྱི་འབྲེལ་ཡོད་པུའུ་ཨུ་དང་ཀྲུང་དབྱང་ཁེ་ལས་ཀྱིས་སྔར་བཞིན་མཚོ་སྔོན་ལ་རྒྱབ་སྐྱོར་བྱས་ཏེ་རྣམ་གྲངས་གལ་ཆེན་འཆར་འགོད་འཛུགས་སྐྲུན་དང་། ལྗང་མདོག་རྩིས་གློག་མཐུན་སྦྱོར་འཕེལ་རྒྱས། མཐོ་སྒང་གི་ལུས་རྩལ་སྟོབས་ལྡན་ཞིང་ཆེན་འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་བ། མཁའ་འགྲུལ་དྲ་རྒྱའི་བཀོད་པ་འཐུས་ཚང་དུ་གཏོང་བ་སོགས་ཀྱི་ཐད་སྔར་ལས་མང་བའི་རོགས་རམ་དང་མཛུབ་ཁྲིད་བྱས་ནས། གཉིས་ཕན་མཉམ་ལས་སྔར་ལས་མང་པོ་སྤེལ་ཏེ། ཀྲུང་དབྱང་གསར་འགྱུར་ལས་ཁུངས་ཀྱིས་མཚོ་སྔོན་གྱི་ཆུ་ཚད་མཐོ་བའི་སྲུང་སྐྱོབ་གཅིག་གྱུར་འཆར་འགོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་གསོན་ཉམས་ལྡན་པའི་ལག་ལེན་ལ་དམིགས་ཏེ། མུ་མཐུད་དུ་མཚོ་སྔོན་གྱི་གཏམ་རྒྱུད་ཡག་པོ་བཤད་པ་དང་། མཚོ་སྔོན་གྱི་སྐད་སྒྲ་ཁྱབ་སྤེལ་བྱེད་པ། མཚོ་སྔོན་གྱི་སྣང་བརྙན་མངོན་པ་བཅས་བྱས་ནས། “ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”དུས་སྐབས་སུ་མཚོ་སྔོན་གྱིས་འཕེལ་རྒྱས་ཆེན་པོ་མངོན་འགྱུར་བྱ་རྒྱུར་རོགས་འདེགས་བྱེད་པའི་རེ་བ་ཡོད།
རྒྱལ་ཁབ་ཀྱི་འབྲེལ་ཡོད་པུའུ་ཨུ་དང་ཀྲུང་དབྱང་གསར་འགྱུར་ལས་ཁུངས། ཀྲུང་དབྱང་ཁེ་ལས་བཅས་ཀྱི་འགན་འཁུར་བློ་མཐུན་གཙོ་བོས་མཚོ་སྔོན་གྱི་བྱ་བ་སོ་སོའི་ཐད་བླངས་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་བྱས་པ་མ་ཟད། རང་ཞིང་གིས་བཏོན་པའི་རྒྱབ་སྐྱོར་མཉམ་ལས་ཀྱི་དོན་ཚན་ལ་ཧུར་ཐག་གིས་ཨ་ལན་སྤྲད་དེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་གཏིང་ཟབ་བྱས་ནས། མཚོ་སྔོན་གྱི་དགོས་མཁོར་དམིགས་ཏེ་འབྲེལ་མཐུད་མཉམ་ལས་ལ་སྔར་ལས་ཤུགས་བསྣན་པ་དང་། “ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”དུས་སྐབས་ཀྱི་མཚོ་སྔོན་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་སྐས་རིམ་གསར་པར་སྙེག་པར་མཉམ་དུ་སྐུལ་འདེད་བཏང་ནས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གྱི་ལེའུ་རྩོམ་རྒྱུ་ཡིན་ཟེར།
ཞིང་ཆེན་གྱི་འགོ་ཁྲིད་ཀྲང་ཅིན་ཀང་དང་ཝང་ཏ་ནན། ལིའུ་ཁྲའོ། ཁྲེང་ཅི་ཝེ་བཅས་འབྲེལ་ཡོད་བྱེད་སྒོར་ཞུགས།