སྲིད་འབྲས་ལྟ་བ་ཡང་དག་པ་འཛུགས་པ་དང་ལག་བསྟར་བྱེད་པའི་སློབ་སྦྱོང་དང་སློབ་གསོ་སྤེལ་བའི་ཚུན་དུ། ཀྲུང་དབྱང་གིས་དོ་དམ་བྱེད་པའི་ཁེ་ལས་དང་ཀྲུང་དབྱང་གིས་དོ་དམ་བྱེད་པའི་དངུལ་རྩའི་ཁེ་ལས་ཀྱིས་སློབ་བཤེར་བསྒྱུར་གསུམ་གཞི་གཅིག་ཏུ་འགྱུར་བར་སྐུལ་འདེད་གཏོང་རྒྱུ་རྒྱུན་འཁྱོངས་བྱས་ནས། སློབ་སྦྱོང་དང་སློབ་གསོའི་གྲུབ་འབྲས་དེ་རྒྱལ་ཁབ་ཀྱི་འཐབ་ཇུས་ལ་ཞབས་འདེགས་ཞུ་བ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། དམངས་འཚོ་ལེགས་བཅོས་འགན་སྲུང་བྱེད་པ་བཅས་ཀྱི་འགུལ་སྐྱོད་དངོས་ལ་བསྒྱུར།
ཀྲུང་གོའི་འཕྲུལ་ཆས་བཟོ་ལས་སྡེ་ཚོགས་ཀྱིས“སྤྱི་དོན་དུ་ཏང་འཛུགས་པ་དང་། དམངས་ལ་བདེ་སྐྱིད་སྐྲུན་པ། ཚན་རིག་དང་མཐུན་པར་ཇུས་ཐག་གཅོད་པ། དངོས་འཛིན་དངོས་གཉེར”བཅས་ཀྱི་སྤྱིའི་བླང་བྱ་ལྟར། ཚན་རིག་དང་མཐུན་པའི་གཅིག་གྱུར་འཆར་འགོད་དང་། མ་ལག་ལྡན་པའི་སྒོ་ནས་འཆར་འགོད་བྱས་ཏེ། བཀོད་སྒྲིག་ཁག་དོན་འཁྱོལ་དངོས་འབེབ་དང་དམ་འཛིན་ལེགས་པོ་བྱེད་པར་ཏན་ཏིག་གིས་འགན་ལེན་བྱས་ནས། གནད་དོན་བཅུའི་གསལ་ཐོ་ཆགས་པར་བྱས་ཏེ། གནད་འཁེལ་དག་ཐེར་ཡོ་བསྲང་དང་ཡོ་བསྲང་ངོ་མ་བྱེད་པར་རྨང་གཞི་བཏང་།
ཀྲུང་གོ་འཕྲུལ་ཆས་བཟོ་ལས་སྡེ་ཚོགས་སྤྱི་ཁྱབ་ལས་ཁུངས་ཀྱི་ཏང་ཨུའི་ཧྲུའུ་ཅི་གཞོན་པ་ཡན་ཝུའེ་ཧོང་གིས་བཤད་རྒྱུར། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྲིད་འབྲས་ལྟ་བ་ཡང་དག་འཛུགས་པ་དང་ལག་བསྟར་བྱ་རྒྱུའི་སྐོར་གྱི་རྣམ་བཤད་གལ་ཆེན་ལ་ཕྱོགས་ཡོངས་ནས་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱས་ཏེ། བྱ་སྤྱོད་དངོས་ཀྱིས“གཏན་ཕབ་གཉིས”ལ་མཐའ་གཅིག་ཏུ་གོང་བཀུར་བྱེད་པ་དང་། “སྲུང་སྐྱོང་གཉིས་”མཐའ་གཅིག་ཏུ་ལེགས་པོར་སྒྲུབ་དགོས་ལ། རྩེར་སོན་སྒྲིག་ཆས་བཟོ་སྐྲུན་ལས་རིགས་གཙོ་བོར་དམིགས་ཏེ་སློབ་སྦྱོང་སློབ་གསོའི་གྲུབ་འབྲས་དེ་ཕན་འབྲས་དངོས་ལ་བསྒྱུར་དགོས།
ཀྲུང་གོ་རྡོ་སྣུམ་རྫས་འགྱུར་བཟོ་ལས་སྡེ་ཚོགས་ཀྱི་ཏང་ཙུའུ་ཡིས་སློབ་སྦྱོང་སློབ་གསོ་སྤེལ་བ་དང་། ཀུང་སིའི“ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་”འཕེལ་རྒྱས་འཆར་འགོད་སྒྲིག་བཟོ་དང་ལག་བསྟར་བྱེད་པར་ཟུང་འབྲེལ་བྱས་ཏེ། སློབ་སྦྱོང་གཏིང་ཟབ་དང་། ཞིབ་བཤེར་ངོ་མ། དག་བཅོས་དངོས་བཅས་བྱས་པ་བརྒྱུད། ཕྱོགས7ཐད་ཀྱི་བྱེད་ཐབས45གཏན་འབེབས་བྱས་ཏེ། ཏང་ཡོན་ལས་བྱེད་པས་སྲིད་འབྲས་ཀྱི་ལྟ་བ་ཡང་དག་པ་འཛུགས་པ་དང་ལག་ཏུ་བསྟར་བར་ཁྲིད་སྟོན་བྱས་ནས། འཐབ་ལམ་གསར་པའི་ཁྲོད་འགན་འཁྲི་འཁུར་ཕོད་པ་དང་ལས་དོན་ཡག་པོ་སྒྲུབ་ཐུབ་པར་བྱས།
ཀྲུང་གོ་རྡོ་སྣུམ་རྫས་འགྱུར་བཟོ་ལས་སྡེ་ཚོགས་ཀྱི་ཏང་དང་མང་ཚོགས་ལས་སྒྲུབ་པུའུ་ཡི་ཀྲུའུ་རེན་གཞོན་པ་ཞུས་ཁྲེང་ཏིས་བཤད་རྒྱུར། ཀྲུང་གོ་རྡོ་སྣུམ་རྫས་འགྱུར་བཟོ་ལས་སྡེ་ཚོགས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི“ནུས་ཁུངས་ཀྱི་ཕོར་བ་ལག་ཏུ་དམ་པོར་འཛིན་དགོས”པའི་མངགས་བཅོལ་ཟབ་མོ་ཡིད་ལ་དམ་པོར་བཅངས་ནས། གསོག་འཇོག་འཕར་སྣོན་དང་ལྗང་མདོག་རིགས་སྒྱུར། ཚན་རྩལ་གསར་གཏོད་སོགས་གཙོ་གནད་ལས་འགན་ལ་དམིགས་ཏེ། གནད་དོན་འཚོལ་འདོན་དང་དག་ཐེར་ཡོ་བསྲང་དམ་འཛིན། སེམས་ཤུགས་གཅིག་སྒྲིལ་གྱིས་དོན་འཁྱོལ་དམ་འཛིན་བྱས་ཏེ། སློབ་སྦྱོང་དང་སློབ་གསོའི་གྲུབ་འབྲས་དེ་ཁེ་ལས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ཕན་འབྲས་སུ་བསྒྱུར་དགོས།
རྒྱལ་ཁབ་གློག་དྲ་ཀུང་སིས་སློབ་སྦྱོང་ཞིབ་གྲོས་དང་། གནད་དོན་འཚོལ་ཞིབ། དག་ཐེར་ཡོ་བསྲང་དང་བཅོས་སྐྱོང་། སྒྲིག་སྲོལ་དང་ལམ་ལུགས་འཛུགས་པ། སློབ་གསོ་གཏོང་བ་སོགས་ཀྱི་སློབ་སྦྱོང་ཇུས་གཞི་བཀོད་སྒྲིག་བྱས་ཏེ། ཀུང་སིའི་རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པས་རང་རྟོགས་སྒོས་རྒྱལ་དོན་གྱི་ཆེ་ཕྱོགས་ནས་སྲིད་འབྲས་ལྟ་བ་ཡང་དག་པ་བརྟན་པོར་བཙུགས་ཏེ། སྟོབས་ཤུགས་ཡོད་རྒུས་རྣམ་པ་གསར་བའི་ནུས་ཁུངས་མ་ལག་དང་ནུས་ཁུངས་ཀྱི་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་བྱེད་པར་སྟོབས་ཤུགས་སྔར་ལས་ཆེན་པོ་འབུལ་བར་ཁྲིད་སྟོན་བྱས།
རྒྱལ་ཁབ་གློག་དྲ་ཀུང་སིའི་ཏང་ཙུའུ་རྩ་འཛུགས་པུའུ་ཡི་ཀྲུའུ་རེན་གཞོན་པ་དབྱང་ཧའོ་ཡིས་བཤད་རྒྱུར། ང་ཚོས་སློབ་སྦྱོང་དང་སློབ་གསོ་དེ་གློག་ཤུགས་མ་ལག་གསར་པ་འཛུགས་རྒྱུ་དང་། གློག་ཤུགས་མཁོ་འདོན་དང་གློག་དྲའི་བདེ་འཇགས་འགན་ལེན་བྱ་རྒྱུ་ཟུང་འབྲེལ་བྱེད་པ་དང་། ཕྱི་ཚུལ་རིང་ལུགས་ཀྱིས་གཞི་རིམ་གྱི་ཁུར་པོ་ཇེ་ཡང་དུ་གཏོང་བ་དང་ཟུང་འབྲེལ་བྱས་ཏེ། སྲིད་འབྲས་ལྟ་བ་ཡང་དག་ལ་བརྟེན་ནས་ཁེ་ལས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ། སློབ་སྦྱོང་སློབ་གསོར་ཕན་འབྲས་དངོས་ཐོན་པར་འགན་ལེན་བྱེད་དགོས།
སློབ་སྦྱོང་སློབ་གསོ་སྤེལ་འགོ་ཚུགས་པ་ནས་བཟུང་། ཀྲུང་གོ་དངུལ་ཁང་གིས་མང་ཚོགས་དང་འབྲེལ་བ་དམ་ཟབ་བྱེད་པ་དང་གནད་འཁེལ་དངུལ་རྩའི་ཞབས་ཞུར་བརྟེན་ནས་དམངས་འཚོར་ཕན་པ་སྐྲུན་པ་སོགས་ཀྱི་བྱ་བར་དམིགས་ཏེ། ཕྱོགས་ལྔའི་ཐད་ཀྱི་བྱེ་བྲག་གི་བྱེད་ཐབས14ཞིབ་ཕྲ་དང་ཁ་གསལ་བཟོས། གཞི་རིམ་དུ་བཅར་འདྲི་དང་། བཞུགས་མོལ་བགྲོ་གླེང་། འདྲི་ཤོག་བརྟག་དཔྱད་སོགས་ཀྱི་བྱེད་ཐབས་བརྒྱུད་དེ། དངུལ་རྩའི་ཞབས་ཞུའི་ཁྲོད་སྲིད་འབྲས་ལྟ་བ་ཡང་དག་པ་དང་མི་མཐུན་པའི་གནད་དོན་འབུར་ཐོན་རྩད་ཞིབ་དང་དག་ཐེར་ཡོ་བསྲང་གཏིང་ཟབ་བྱས།
ཀྲུང་གོ་དངུལ་ཁང་ཏང་ཨུའི་རྩ་འཛུགས་པུའུ་ཡི་པུའུ་ཀྲང་གཞོན་པ་ཧན་ཧྲང་ཝུའུ་ཡིས་བཤད་རྒྱུར། ཀྲུང་གོ་དངུལ་ཁང་ཏང་ཨུས་སྣེ་ཁྲིད་དང་དཔེ་སྟོན་བྱས་ཏེ་སྲིད་འབྲས་ཀྱི་ལྟ་བ་ཡང་དག་ལ་བརྟེན་ནས་བྱ་བ་སྒྲུབ་པ་དང་། ང་ཚོས་གོ་ལ་ཅན་དང་ཕྱོགས་བསྡུས་ཅན་དུ་འགྱུར་བའི་ཁྱད་ཆོས་ལྡན་པའི་དགེ་མཚན་སྔར་ལས་ལྷག་པར་འདོན་སྤེལ་བྱེད་ཅིང་། ཁེ་ལས“ཕྱི་རུ་སྐྱོད་པ”དང“ནང་དུ་འདྲེན་པ”ལ་ཕྱོགས་ཡོངས་ནས་རྒྱབ་སྐྱོར་བྱས་ནས། སྤུས་ལེགས་དངུལ་རྩའི་ཞབས་ཞུའི་ཐད་ཀྱི་མི་དམངས་མང་ཚོགས་ཀྱི་དགོས་མཁོ་སྔར་ལས་ལེགས་པར་བསྐོང་དགོས།
ཀྲུང་གོ་ལྕགས་ལམ་བཟོ་སྐྲུན་སྡེ་ཚོགས་ཀྱིས་སྲིད་འབྲས་ལྟ་བ་ཡང་དག་འཛུགས་པ་དང་ལག་བསྟར་བྱེད་པའི་སློབ་སྦྱོང་སློབ་གསོར་ཚད་མཐོའི་མཐོང་ཆེན་བྱས་ཏེ། ཕྱོགས11ཐད་ཀྱི་གཙོ་གནད་ལས་འགན36ཞིབ་ཕྲར་དབྱེ་འབྱེད་བྱས། “ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”ལས་གཞི་གལ་ཆེན་ལ་དམིགས་ཤིང་། སྤུས་ཚད་བདེ་འཇགས་ཀྱི་ཚད་མཐའ་ནན་མོར་བསྲུངས་ནས། སྲིད་འབྲས་དེ་ཕན་འབྲས་དངོས་དང་དམངས་སེམས་ཐོག་མངོན་པར་བྱས།
ཀྲུང་གོ་ལྕགས་ལམ་བཟོ་སྐྲུན་སྡེ་ཚོགས་ཚད་ཡོད་ཀུང་སིའི་ཏང་ཨུའི་རྒྱུན་ཨུ་ཀྲང་ཅན་ཆང་གིས་བཤད་རྒྱུར། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྲིད་འབྲས་ལྟ་བ་ཡང་དག་འཛུགས་པ་དང་ལག་བསྟར་བྱ་རྒྱུའི་སྐོར་གྱི་རྣམ་བཤད་གལ་ཆེན་སློབ་སྦྱོང་དང་ལག་བསྟར་རྒྱུན་འཁྱོངས་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཀྲུང་དབྱང་ཁེ་ལས་བྱ་བའི་ཐད་ཀྱི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པ་དང་ཟུང་འབྲེལ་དམ་པོ་བྱས་ཏེ། རྒྱལ་ཁབ་ཀྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་གྱི་གཙོ་ཤུགས་དམག་གི་འགན་འཁྲི་ཏན་ཏིག་གིས་འཁུར་ནས། འགྲིམ་འགྲུལ་གྱི་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་གྱི་ལས་འགན་གལ་ཆེན་ཁྲོད་གདོང་ལེན་པ་བྱེད་དགོས།