ཟླ3པའི་ཚེས27ཉིན་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་གྲོས་ཚོགས་བསྡུས་ནས《ཀྲུང་གོ་གུང་ཁྲན་ཏང་གི་ས་གནས་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྲོལ་ཡིག》ལ་གྲོས་ཞིབ་བྱས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གྲོས་ཚོགས་ལ་འགོ་འཛིན་མཛད།
གྲོས་ཚོགས་ཐོག་བསྟན་དོན། ས་གནས་ཏང་ཨུས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་གྱུར་གྱི་འགོ་ཁྲིད་ལ་སྲུང་སྐྱོང་བྱས་ནས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱ་རྒྱུ་དེ་གལ་ཆེའི་ནང་གི་འགངས་ཆེར་བརྩི་དགོས། ཏང་ཀྲུང་དབྱང་གིས་གཏན་འཁེལ་བྱས་པའི་དོན་དག་དམ་འཛིན་ལྷོད་མེད་དང་དོན་འཁྱོལ་དམ་འཛིན་ནན་མོ་བྱེད་དགོས། དུས་མཚུངས་སུ་ས་ཁུལ་གྱི་དོན་དངོས་དང་ཟུང་འབྲེལ་དམ་ཟབ་བྱས་ཏེ་ལས་ཀའི་རང་འགུལ་རང་བཞིན་དང་གསར་གཏོད་རང་བཞིན་ཆེ་རུ་གཏོང་དགོས།
གྲོས་ཚོགས་ཐོག་ནན་གྱིས་བསྟན་དོན། ས་གནས་ཏང་ཨུས་འཕེལ་རྒྱས་དོན་གཉེར་དང་བདེ་འཇགས་འགན་ལེན་བྱེད་པའི་ཐད་འགན་འཁྲི་གཞོལ་མེད་ཡིན་པས། དོན་དངོས་ཐོག་ལས་སྒྲུབ་ཡག་པོ་བྱེད་དགོས། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་ཞིང་ནོར་འཁྲུལ་མེད་པར་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ནན་མོ་གཏོང་དགོས། དམངས་འཚོ་འགན་སྲུང་དང་ལེགས་བཅོས་བྱེད་རྒྱུར་ཤུགས་བསྣན་ཏེ་རྒྱལ་ཁབ་ཀྱི་བདེ་འཇགས་དང་སྤྱི་ཚོགས་ཡོངས་བརྟན་བརླིང་ཡོང་བར་ནུས་ཤུགས་ཡོད་རྒུས་སྲུང་སྐྱོང་བྱེད་དགོས། སྲིད་འབྲས་ལྟ་བ་ཡང་དག་པ་འཛུགས་པ་དང་ལག་བསྟར་བྱེད་པ། མི་དམངས་ཀྱི་ཆེད་དུ་སྲིད་འབྲས་འཇོག་པ་དང་། དངོས་དོན་སྒྲུབ་པར་བརྟེན་ནས་སྲིད་འབྲས་འཇོག་རྒྱུ་རྒྱུན་འཁྱོངས་བྱས་ཏེ་ལག་ལེན་དང་། མི་དམངས། ལོ་རྒྱུས་བཅས་ཀྱི་ཞིབ་བཤེར་ཐེག་པའི་གྲུབ་འབྲས་དངོས་ལ་ཧུར་ཐག་བྱ་དགོས། ས་གནས་ཏང་ཨུའི་འགོ་ཁྲིད་ཀྱི་ཁྲོད་དུ་དམངས་གཙོ་གཅིག་སྡུད་ལམ་ལུགས་ཀྱི་སློབ་གསོར་ཤུགས་སྣོན་པ་དང་། གཞུང་དོན་གྲོས་མོལ་གྱི་ཇུས་ཐག་གཅོད་པའི་སྒྲིག་སྲོལ་འཐུས་ཚང་དུ་གཏོང་བ། ལྡོག་ཕྱོགས་ཀྱི་ཞིབ་ཐོ་ཞིབ་ཚགས་སུ་གཏོང་བ་དང་ལྟ་སྐུལ་ལམ་སྲོལ་འཐུས་ཚང་དུ་གཏོང་དགོས། ལྟ་སྐུལ་གྱི་གཙོ་གནད་དོན་ཚན་དང་། བྱེད་ཐབས་ཞིབ་ཕྲ། འགན་འཁྲི་བདའ་འདེད་སོགས་ཀྱི་ནང་དོན་ཁ་གསལ་བཟོས་ནས་དམངས་གཙོ་གཅིག་སྡུད་ལམ་ལུགས་ལག་བསྟར་དོན་འཁྱོལ་ནན་མོ་ཡོང་བར་འགན་ལེན་བྱེད་དགོས། ས་གནས་ཏང་ཨུའི་འགོ་ཁྲིད་ཚོགས་པའི་རིགས་གཞུང་སློབ་སྦྱོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཆེད་ལས་ཀྱི་བྱང་ཚད་མཐོ་རུ་གཏོང་བ། འགོ་ཁྲིད་བྱེད་ནུས་ཆེ་རུ་གཏོང་བ་བཅས་བྱ་དགོས། ཏང་དོ་དམ་དང་ཏང་བཅོས་སྐྱོང་གི་ཆབ་སྲིད་འགན་འཁྲི་ཕྲག་ཏུ་འཁུར་ནས་བློ་བརྟན་འགྱུར་མེད་ངང་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་རྒྱུར་སྐུལ་འདེད་གཏོང་དགོས། སྤོབས་སེམས་ལྷོད་མེད་ཀྱིས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་དང་དེའི་ལག་བསྟར་ཞིབ་སྲོལ་གྱི་དགོངས་དོན་ལག་བསྟར་ནན་མོ་བྱེད་པ་དང་། ཕྱི་ཚུལ་རིང་ལུགས་བཅོས་སྒྲིག་གཏིང་ཟབ་བྱས་ནས་གཞི་རིམ་གྱི་ཁུར་པོ་ཇེ་ཡང་དུ་གཏོང་དགོས། བཅའ་ཁྲིམས་དང་སྒྲིག་སྲོལ་ལྟར་དབང་ཆ་སྤྱོད་པ་དང་། སྤྱོད་གཙང་གི་ཚད་མཐའ་ཡག་པོ་སྲུང་ནས་ཆབ་སྲིད་ཁོར་ཡུག་ཡག་པོ་ཞིག་ཆགས་པར་སྐུལ་འདེད་གཏོང་དགོས།
གྲོས་ཚོགས་ཐོག་ད་དུང་དོན་དག་གཞན་དག་ལ་ཞིབ་འཇུག་བྱས།