པོ་ཨའོ་ཡ་གླིང་གླེང་སྟེགས་ཀྱི2026ལོའི་ལོ་ཚོགས་ཚེས་ཉེར་བདུན་ཉིན་མཇུག་སྒྲིལ།

ཡོང་ཁུངས། རྒྱང་སྒྲོག་བརྙན་འཕྲིན་ཁང་།

པོ་ཨའོ་ཡ་གླིང་གླེང་སྟེགས་ཀྱི2026ལོའི་ལོ་ཚོགས་ཚེས་ཉེར་བདུན་ཉིན་མཇུག་སྒྲིལ་ལ། ཉིན་བཞིའི་རིང་། ཚོགས་ཞུགས་འཐུས་མི་ཚོས་མིག་སྔའི་ཡ་གླིང་དང་འཛམ་གླིང་ལ་འཕྲད་པའི་འགྲན་སློང་གལ་ཆེན་དང་ཁ་ཚ་དགོས་གཏུགས་ཀྱི་གནད་དོན་དང་ཟུང་འབྲེལ་གྱིས་གླེང་མོལ་དང་བརྗེ་རེས་གཏིང་ཟབ་བྱས་ཏེ། ཐབས་འདོན་ཇུས་འབུལ་ཧུར་ཐག་བྱས་ནས་ཐུན་མོང་གི་ངོས་འཛིན་གྲུབ་པར་བྱས།

ཚོགས་ཞུགས་སྐུ་མགྲོན་ཚོས་མིག་སྔའི་གནས་བབ་འོག  ཁུལ་ཁོངས་མཉམ་ལས་ལ་ཤུགས་སྣོན་པའི་གལ་ཆེའི་རང་བཞིན་སྔར་ལས་ཇེ་མཐོར་གཏོང་བར་སྟོབས་ཤུགས་ཡོད་རྒུས་ཁུལ་ཁོངས་ནང་ཁུལ་གྱི་རྨང་གཞིའི་སྒྲིག་བཀོད་མཉམ་སྦྲེལ་མཉམ་མཐུད་དང་། ཉོ་ཚོང་དངུལ་གཏོང་རང་དབང་བཀག་མེད་ཡོང་བར་སྐུལ་འདེད་གཏོང་དགོས་ལ། ཁུལ་ཁོངས་གཞི་གཅིག་ཅན་གྱི་སྤུས་ཚད་དང་ཆུ་ཚད་མཐོར་འདེགས་སུ་བཏང་ནས། ས་ཁུལ་འཕེལ་རྒྱས་ལ་འདེགས་སྐྱོར་ནུས་ལྡན་མཁོ་འདོན་བྱེད་དགོས་པ་དང་། འཛམ་གླིང་གི་དཔལ་འབྱོར་དང་ཚོང་དོན་ལ་གསོན་ཤུགས་དེ་བས་ཆེ་བ་སྩོལ་དགོས་པར་འདོད།

ལོ་ཚོགས་ཀྱི་སྐབས་སུ། ཀྲུང་གོའི་འཕེལ་རྒྱས་དང་འབྲེལ་བ་ཡོད་པའི་གྲོས་སྡུར་ཐེངས་མང་བྱས། ཕྱོགས་སོ་སོས་ཀྲུང་གོའི་དཔལ་འབྱོར་གྱི་མདུན་ལམ་ལ་ལྟ་སྟངས་ལེགས་པོ་བཟུང་བ་དང་། ཀྲུང་གོའི་དཔལ་འབྱོར་ལ་མཉེན་ཆ་དང་གསོན་ཤུགས་ཆེན་པོ་ལྡན་པའི་ངོས་འཛིན་བྱེད་ཀྱིན་ཡོད། ཀྲུང་གོའི་འཕེལ་རྒྱས་འཆར་འགོད་དང་མ་འོངས་པའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་འཛམ་གླིང་ཡོངས་ཀྱི་ཤུགས་རྐྱེན་ཟབ་མོ་ལྡན་པར་འདོད།

ཐེངས་འདིའི་གླེང་སྟེགས་ཀྱི་གྲུབ་འབྲས་གལ་ཆེན་ཞིག་ཡིན་པའི་ཆ་ནས། ལོ་ཚོགས་སྟེང་ད་དུང《ཡ་གླིང་ཁུལ་ཁོངས་མཉམ་ལས་ལ་སྐུལ་འདེད་གཏོང་བའི་སྐོར་གྱི་པོ་ཨའོ་ཡ་གླིང་གླེང་སྟེགས་ཀྱི་གྲོས་འགོ》ཁྱབ་བསྒྲགས་བྱས་པ་དང་། གྲོས་འགོ་ལས་སྒོ་འབྱེད་འཕེལ་རྒྱས་རྒྱུན་འཁྱོངས་དང་། གྲངས་རིག་ནུས་སྩོལ་ལ་ཤུགས་སྣོན། ལྗང་མདོག་ཚུལ་སྒྱུར་ལ་སྐུལ་འདེད་གཏོང་བ། ཕན་ཚུན་མཉམ་སྦྲེལ་མཉམ་མཐུད་སྔར་བས་གཏིང་ཟབ་བཅས་བཏང་སྟེ། འཛམ་གླིང་ཅན་དང་། རང་མོས་ཉོ་ཚོང་། ཕྱོགས་མང་མཉམ་ལས་བཅས་ལ་སྒུལ་ཤུགས་གསར་པ་སྩོལ་དགོས་པའི་འབོད་སྐུལ་བཏང་།

རྩོམ་སྒྲིག་པ། : ཨ་གཡང་སྐྱིད།