ཞིང་ཆེན་དམངས་ཆེན་ཨུ་ཡོན་ལྷན་ཁང་དང་དམངས་ཆེན་ལས་ཁུངས་ཀྱིས་ཏང་འཛུགས་དང་ཞིབ་དཔྱོད་བྱ་བའི་གྲོས་ཚོགས་བསྡུས།

ཡོང་ཁུངས། རྒྱང་སྒྲོག་བརྙན་འཕྲིན་ཁང་།

 

ཟླ3པའི་ཚེས27ཉིན། ཞིང་ཆེན་དམངས་ཆེན་ཨུ་ཡོན་ལྷན་ཁང་དང་དམངས་ཆེན་ལས་ཁུངས་ཀྱིས་ཏང་འཛུགས་དང་ཞིབ་དཔྱོད་བྱ་བའི་གྲོས་ཚོགས་བསྡུས་ཏེ། 2025ལོའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་དམངས་ཆེན་ལས་ཁུངས་ཀྱི་ཏང་འཛུགས་དང་ཞིབ་དཔྱོད་བྱ་བར་སྤྱི་སྡོམ་དང་། 2026ལོའི་བྱ་བར་བཀོད་སྒྲིག་བྱས།

གྲོས་ཚོགས་ལས། 2025ལོར། རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་དམངས་ཆེན་ལས་ཁུངས་ཀྱི་རིམ་པ་སོ་སོའི་ཏང་རྩ་འཛུགས་ཀྱིས་དུས་རབས་གསར་བའི་ཏང་འཛུགས་སྐྱོང་གི་སྤྱིའི་བླང་བྱ་དང་། དམངས་ཆེན“ལས་ཁུངས་བཞིའི”འཛུགས་སྐྲུན་དམིགས་འབེན་ལ་གཞིགས་ཏེ། སྤྱོད་ལམ་འཛུགས་སྐྲུན་རྒྱུན་མཐུད་ངང་ནན་མོ་བྱས་པ་དང་། ལས་སྒྲུབ་ལས་གཏོད་ཀྱི་རྣམ་པ་ལེགས་པོ་བསྐྲུན་ནས། དམངས་ཆེན་བྱ་བའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྲ་བརྟན་གྱི་འགན་སྲུང་འདོན་སྤྲོད་བྱས་པར་ངེས་འཛིན་བྱས།

གྲོས་ཚོགས་ལས་ནན་གྱིས་བསྟན་དོན། ཆབ་སྲིད་ལས་ཁུངས་ཀྱི་ངེས་གནས་དམ་འཛིན་ལེགས་པོ་བྱེད་པ་དང་།  ཆབ་སྲིད་བཅའ་ཁྲིམས་དང་ཆབ་སྲིད་ཁྲིམས་སྲོལ་ནན་གྱིས་སྲུང་བ། སྲིད་འབྲས་ལྟ་བ་ཡང་དག་བཙུགས་ཏེ་ཆབ་སྲིད་ཀྱི་བློ་དཀར་ལ་ཞིབ་དཔྱོད་བྱེད་པ། ཏང་གི་འགོ་ཁྲིད་དེ་དམངས་ཆེན་བྱ་བའི་ཕྱོགས་སོ་སོ་དང་གོ་རིམ་ཧྲིལ་བོའི་ཁྲོད་ཁྱབ་པར་བྱེད་དགོས། རྒྱུན་མཐུད་ངང་ཏང་གི་གསར་གཏོད་ཀྱི་རིག་པའི་གཞུང་ལུགས་ཀྱི་དྲག་ཆས་ཟབ་སྤྲས་བྱེད་པ་དང་། སྲིད་འབྲས་ལྟ་བ་ཡང་དག་འཛུགས་པ་དང་ལག་བསྟར་བྱེད་པའི་སློབ་སྦྱོང་སློབ་གསོ་སྤེལ་བ། སློབ་སྦྱོང་གི་གྲུབ་འབྲས་དེ་མི་དམངས་ཀྱི་ལངས་ཕྱོགས་བརྟན་པོ་ཡོང་བ་དང་། ཁྲིམས་མཐུན་ནུས་ལྡན་གྱིས་འགན་འཁྲི་སྒྲུབ་པའི་གྲུབ་འབྲས་དངོས་ལ་བསྒྱུར་དགོས། ཏང་འཛུགས་འགན་འཁྲི་ནན་དཀྲི་དང་མ་ལག་འཐུས་ཚང་དུ་གཏོང་དགོས་ལ། ཏང་ཀྲི་པུའུ་ཡི་ཚད་ལྡན་ཅན་དང་ཚུལ་ལྡན་ཅན་གྱི་འཛུགས་སྐྲུན་ལ་སྐུལ་འདེད་བྱེད་པ། ཏང་འཛུགས་དང་ལས་སྒོའི་གཏིང་ཟབ་མཉམ་འདྲེས་ལ་སྐུལ་འདེད་བཅས་བྱེད་དགོས། སྤྱོད་ལམ་འཛུགས་སྐྲུན་ལ་ཤུགས་སྣོན་པ་དང་ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་ཟབ་སྤེལ་བྱེད་པ་དང་། ལམ་ལུགས་དང་སྒྲིག་ཁྲིམས་ཀྱིས་གཅུན་སྡོམ་བྱེད་ཤུགས་ཆེ་རུ་གཏོང་བ། ཉེན་ཟོན་སློབ་གསོ་སྤེལ་བ་བཅས་རྒྱུན་འཁྱོངས་ལྷོན་མེད་བྱས་ཏེ། སྲོལ་བཟང་སྤྱོད་བཟང་གི་ཆབ་སྲིད་ཀྱི་སྐྱེ་ཁམས་བསྐྲུན་དགོས། དོ་དམ་ནན་མོ་དང་བརྩེ་བ་ཟབ་མོ། ལས་བྱེད་དཔུང་སྡེ་སྟོབས་ལྡན་འཛུགས་སྐྲུན་བྱེད་པ་རྒྱུན་འཁྱོངས་བྱེད་པ་དང་། སྐུལ་ལྕག་དང་གཅུན་སྡོམ་གྱི་ལམ་ལུགས་འཐུས་ཚང་དུ་གཏོང་བ། ཆབ་སྲིད་སྟོབས་ལྡན་དང་གནད་ཁེལ་ལས་སྒོ། སྤྱོད་ལམ་བཟང་བོ། སྒྲིག་ཁྲིམས་ནན་མོ། འགན་ཁུར་ཕོད་པ། བྱ་བ་སྒྲུབ་ཤེས་པ་བཅས་ཀྱི་དམངས་ཆེན་ལས་བྱེད་དཔུང་སྡེ་འཛུགས་དགོས། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་རིམ་པ་སོ་སོའི་ཏང་རྩ་འཛུགས་ཀྱིས་ལས་ཁུངས་ཀྱི་ཏང་འཛུགས་སྐྱོང་དང་ཞིབ་དཔྱོད་ཀྱི་བྱ་བ་ཁག་སོ་སོ་ཞིབ་ཚགས་ངང་འཛིན་སྐྱོང་བྱེད་པ་དང། ཡང་དག་པའི་སྲིད་འབྲས་ལྟ་བ་འཛུགས་སྐྲུན་དང་ལག་བསྟར་བྱས་ཏེ། དངོས་སྒྲུབ་འགན་ཁུར་ལ་བརྟེན་ནས་དམངས་ཆེན་བྱ་བ་རིམ་པ་གསར་བ་ཞིག་ཏུ་སླེབས་པར་སྐུལ་འདེད་གཏོང་དགོས།

གྲོས་ཚོགས་ཀྱི་རྗེས་སུ། ཡུལ་དངོས་ནས་ལས་བྱེད་ལས་བཟོ་བའི་བདེ་ཐང་ཤེས་བྱའི་འཆད་ཁྲིད་བྱས།

རྩོམ་སྒྲིག་པ། : ཨ་གཡང་སྐྱིད།