སྨན་འདི་དག་བཟས་རྗེས་ཆང་རག་འཐུང་མི་རུང་།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།

ཚང་མས་སྨན་ཐོའུ་པའོ་ཟས་ན་ཆང་རག་འཐུང་མི་རུང་བ་དེ་ཤེས་ཀྱི་ཡོད་མོད། དོན་དངོས་ཐོག་སྨན་ཐོའུ་པའོ་ཕུད། ཆང་རག་བཏུངས་རྗེས་སྨ་མང་པོ་ཞིག་གི་ཞོར་སྐྱོན་ཇེ་ཆེར་གཏོང་སྲིད་པས། མཇུག་འབྲས་ཧ་ཅང་ཚབས་ཆེན་ཐོན་བཟོ་ཡོད། དེས་ན། གཤམ་གསལ་གྱི་སྨན་འདི་རིགས་བསྟེན་རྗེས་ཆང་རག་རྩ་བ་ནས་འཐུང་རྒྱུ་མིན་འདུག

1.སྲིན་འགོག་སྨན།(ཐོའུ་པའོ་རིགས་སོགས།)  

ཐོའུ་པའོ་རིགས་ཀྱི་སྨན་རྫས་མང་ཆེ་བའི་ནང་དུ་ཟི་ལུན་ཟུང་རྫས་འགྱུར་གྲུབ་ཚུལ་དང་འདྲ་བའི་ཀ་ལིའུ་སི་ཏན་ཙོའོ་ཅི་འདུས་ཡོད་པས། གལ་ཏེ་སྨན་དེ་རིགས་བསྟེན་པའི་སྔ་གཞུག་ཏུ་ཆང་འཐུང་ན། ཟི་ལུན་ཟུང་ལ་འགྱུར་འབྱུང་འབྱུང་སྲིད་པས། གདོང་དམར་པོར་འགྱུར་བ་དང་། མིག་སྐྱིར་ཁྲག་རྒྱས་པ།མིག་ལམ་རབ་རིབ་ཏུ་འགྱུར་བ།མགོ་དང་སྐེ་ཡི་ཁྲག་རྩ་དྲག་ཏུ་འཕར་བའམ་འཕར་ལྡང་རང་བཞིན་གྱི་མགོ་ན་བ། མགོ་ཡུ་འཁོར་བ། སྐྱུག་མེར་ལངས་པ། དབུགས་རྔུབ་ལེན་དཀའ་བ། བརྒྱལ་བ། ཐ་ན་འཆི་བ་སོགས་ཀྱི་གནས་ཚུལ་ཐོན་བཟོ་ཡོད

2.ཙན་གཟུགས་མིན་པའི་ཚ་ནད་འགོག་སྨན།

དཔེར་ན། ཚ་བ་སེལ་བ་དང་ན་ཟུག་འཇགས་པའི་ཏེ་ཁ་ཞན་ཨེམ་ཇི་ཧྥུན་དང་། པུའུ་ལུའོ་ཧྥན། ཨ་སི་ཕི་ལིན་སོགས་ཆང་བཅུད་དང་འཕྲད་ན། མཆིན་པའི་དུག་གཤིས་ཇེ་ཆེར་འགྲོ་བ་དང་། ཕོ་བའི་འབྱར་སྐྱིའི་ནད་འགྱུར་འབྱུང་བའམ་ཡང་ན་ཕོ་བའི་སྨུག་རགས་སླར་ཡང་འབྱུང་སྲིད་པས། འཇུ་ལམ་གོང་མ་ཁྲག་ཐོན་པའི་ཉེན་ཁ་ཇེ་ཆེར་འགྲོ་སྲིད།

3.ཁྲག་མངར་ཅོག་སྨན། 

དཔེར་ན། གཤེར་མའི་ཕུང་རྩི་དང་། ཧྥོན་ཤན་གཅིན་རྒྱུ་རིགས་ཀྱི་མངར་གཅོག་སྨན་སོགས་ཆང་བཅུད་དང་འཕྲད་ན། ལུས་ཤུགས་ཞན་པའི་རྔུལ་ཆུ་བཞུར་བ་དང་། སྙིང་འཕར་མགྱོགས་པ། མགོ་ཡུ་འཁོར་བ། འདར་བ། དྲན་པ་འཐོར་བ་སོགས་ཀྱི་གནས་ཚུལ་འབྱུང་སྲིད།

4.ལྷོད་འཇགས་གཉིད་སྨན།

དཔེར་ན། པ་པི་ཐོ་རིགས་དང་པུན་ཏན་གཉིས་རིགས། ཆུ་འདྲེས་ཁིལ་ཆོན་སོགས་ཆང་བཅུད་དང་འཕྲད་ན། སྨན་གྱི་བསྡུ་ལེན་མྱུར་ཚད་ཇེ་མགྱོགས་སུ་འགྲོ་བ་དངདུས་མཚུངས་སུ་བརྗེ་ཚབ་ཀྱི་མྱུར་ཚད་འགོར་དུ་གཏོང་སྲིད། དེའི་ཁར་ཆང་བཅུད་ཀྱིས་དབང་རྩའི་ལྟེ་བའི་མ་ལག་ལ་ཚོད་འཛིན་བྱེད་པའི་ནུས་པ་ཡོད་པས། ལྷོད་འཇགས་གཉིད་སྨན་གྱི་ནུས་པ་ཇེ་དྲག་ཏུ་བཏང་སྟེ། མཇུག་འབྲས་ཚབས་ཆེན་འབྱུང་བཟོ་ཡོད།

5.ཁྲག་ཤེད་ཅོག་སྨན།

 ཆང་རག་འཐུང་རྒྱུ་མང་དྲགས་ན། ཁྲག་རྩ་རྒྱས་པ་དང་། ཚོར་རྩ་དང་དེ་བཞིན་ཁྲག་རྩའི་འཁོར་སྐྱོད་ཀྱི་དབང་རྩར་ཚོད་འཛིན་ཐེབས་པ། སྙིང་རྩ་སྐུམ་འཐེན་གྱི་ནུས་པ་ཉམས་པ་སོགས་ཐོན་གྱི་ཡོད་པས། གལ་ཏེ་ཆང་རག་ཐུང་བའི་སྔ་གཞུག་ཏུ་ཁྲག་ཤེད་གཅོག་པའི་སྨན་བསྟེན་ན། ཁྲག་རྩ་ཆུང་བ་སྔར་བས་ཇེ་ཆེར་གཏོང་བས། ཁྲག་ཤེད་གློ་བུར་དུ་དམའ་རུ་འགྲོ་ཡི་ཡོད་སྟབས། ཁྲག་ཤེད་དམའ་དྲགས་པ་འམ་ཡང་ན་ཡོམ་འགྱེལ་འབྱུང་སླ་བ་ཡིན།

དམིགས་སུ་དྲན་སྐུལ་ཞུ་རྒྱུར། ཆང་རགབཏུངས་རྗེས་ཀྱི་ཉིན་གསུམ་གྱི་ནང་དུ་ཐོའུ་པའོ་རིགས་ཀྱི་སྨན་བསྟེན་མི་རུང་། སྨན་བསྟེན་རྗེས་ཀྱི་ཉིན་བདུན་གྱི་ནང་དུ་ཆང་རག་མི་འཐུང་བ་དང་། ཆང་འདུས་པའི་སྨན་དང་བཟའ་བཅའ་བསྟེན་མི་རུང་། དཔེར་ན་ཆང་འདུས་ཁྲོག་ལེ་ཟ་བ་དང་། ཧོ་ཞངཀྲེང་ཆིའིཆུ་འཐུང་བ། སྨན་སྦྱོར་རྒྱུ་ཆའི་ཆང་བཅུད་འདུས་པའི་ཁབ་རྒྱག་པ། ཆང་བཅུད་ཀྱིས་ཤ་པགས་ཕྱིས་པ་སོགས་བྱེད་མི་རུང་།

རྩོམ་སྒྲིག་པ། : ཁོན་ཐར་འཚོ།