2026ལོའི་ཞིང་ཆེན་ཡོངས་ཀྱི་ཐོན་ལས་བཟོ་པའི་དཔུང་ཁག་འཛུགས་སྐྲུན་བཅོས་སྒྱུར་གྱི་མཉམ་འབྲེལ་གྲོས་ཚོགས་བསྡུས།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

​ཟླ3པའི་ཚེས19ཉིན། མཚོ་སྔོན་ཞིང་ཆེན་གྱི2026ལོའི་ཐོན་ལས་བཟོ་པའི་དཔུང་ཁག་འཛུགས་སྐྲུན་བཅོས་སྒྱུར་གྱི་མཉམ་འབྲེལ་གྲོས་ཚོགས་བསྡུས། གྲོས་ཚོགས་ཐོག་ཐོན་ལས་བཟོ་པའི་དཔུང་ཁག་འཛུགས་སྐྲུན་བཅོས་སྒྱུར་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཤིང་།     2025ལོའི་ཐོན་སྐྱེད་བཅོས་སྒྱུར་བྱ་བའི་འཕེལ་རིམ་གནས་ཚུལ་བརྡ་ཁྱབ་བཏང་བ་དང་།     2026ལོའི་གཙོ་གནད་ལས་འགན་བཀོད་སྒྲིག་བྱས། ཞིང་ཆེན་ཏང་ཨུའི་རྒྱུན་ཨུ། དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་།     ཞིང་ཆེན་སྤྱི་ཁྱབ་བཟོ་ཚོགས་ཀྱི་ཀྲུའུ་ཞི་ཝང་ཏ་ནན་གྲོས་ཚོགས་ལ་ཞུགས་པ་མ་ཟད་གཏམ་བཤད།      

གྲོས་ཚོགས་ཐོག་བསྟན་དོན།     2026ལོར་ཞིང་ཆེན་ཡོངས་ཀྱི་ཐོན་སྐྱེད་བཅོས་སྒྱུར་བྱ་བས་སྤུས་གསར་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་གཏོང་བ་དང་།     དེང་རབས་ཅན་གྱི་ཐོན་ལས་མ་ལག་གཏོད་པ།     མཚོ་སྔོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་ལ་དམིགས་ནས།     བསམ་བློ་ཆབ་སྲིད་ཀྱི་སྣེ་ཁྲིད་ལ་ཤུགས་སྣོན་པ་དང་།     རྩལ་ནུས་གྲུབ་པའི་མ་ལག་འཐུས་ཚང་དུ་གཏོང་བ།   ངལ་རྩོལ་དཔལ་འབྱོར་གྱི་ཁེ་དབང་འགན་སྲུང་བྱེད་པ།     བྱས་རྗེས་འཇོག་པའི་ལས་སྟེགས་གཏོད་པ།     ཐོན་ལས་བཟོ་པའི་དཔུང་ཁག་སྟོབས་ཆེར་གཏོང་བ་སོགས་ཀྱི་ཐད་གནད་འཁེལ་ཤུགས་འདོན་བྱེད་པ་དང་།     གཅིག་འདོམས་མཐུན་སྦྱོར་ལ་སྔར་བས་ཤུགས་སྣོན་པ་དང་།     བཅོས་སྒྱུར་གསར་གཏོད་གཏིང་ཟབ་ཏུ་གཏོང་བ།     ངལ་རྩོལ་དཔེ་བཟང་གི་སྙིང་སྟོབས་དང་།     ངལ་རྩོལ་གྱི་སྙིང་སྟོབས།     བཟོ་བོའི་སྙིང་སྟོབས་བཅས་དར་སྤེལ་ཤུགས་ཆེན་བཏང་སྟེ།     ཞིང་ཆེན་ཡོངས་ཀྱི་རྒྱ་ཆེའི་ཐོན་ལས་བཟོ་པར་མཐུན་སྒྲིལ་སྐུལ་སློང་བྱས་ནས་མཐོ་སྒང་དུ་རྩ་བ་ཚུགས་ཏེ་མཚོ་སྔོན་ལ་བྱས་རྗེས་འབུལ་དགོས།  

གྲོས་ཚོགས་ཐོག་ནན་གྱིས་བསྟན་དོན།     ས་གནས་ཁག་དང་སྡེ་ཁག་ཁག་གིས་ཆབ་སྲིད་ཀྱི་ལངས་གནས་མཐོ་རུ་བཏང་ནས་ངེས་པ་དོན་གྱིས་བསམ་བློ་དང་བྱ་སྤྱོད་དེ་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་།     ཞིང་ཆེན་ཏང་ཨུ།     རྒྱལ་ཡོངས་སྤྱི་ཁྱབ་བཟོ་ཚོགས་བཅས་ཀྱི་ལས་ཀའི་བླང་བྱ་ཐོག་གཅིག་གྱུར་ཏན་ཏིག་བྱས་ཏེ། ཐོན་སྐྱེད་བཅོས་སྒྱུར་གྱི་ལས་འགན་ཁག་དོན་འཁྱོལ་དང་ཕན་འབྲས་ཐོན་རྒྱུར་སྐུལ་འདེད་གཏོང་དགོས།  ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ལྟེ་བའི་བྱ་བར་དམ་པོར་འབྲེལ་ཏེ། གཙོ་གནད་ལས་འགན་དོན་འཁྱོལ་བྱས་ཏེ་ཐོན་ལས་འཕེལ་རྒྱས་ཀྱི་དགོས་མཁོ་དང་ལས་བཟོ་པའི་བྲེལ་དཀའ་སྡུག་སྨོན་བཞི་ལ་དམིགས་ནས་ཐོན་སྐྱེད་བཅོས་སྒྱུར་བྱ་བ་སླར་ཡང་སྐས་རིམ་གསར་པ་ཞིག་ཏུ་བསྐྱོད་རྒྱུར་སྐུལ་འདེད་གཏོང་བ་དང་།   འགན་འཁྲི་འཁུར་བ་དང་དཔེ་སྟོན་སྣེ་ཁྲིད་བྱེད་ཤུགས་ཆེ་རུ་གཏོང་བ་དང་།     དྲིལ་སྒྲོག་ཁྲིད་སྟོན་རྒྱ་ཁྱབ་བྱས་ཏེ།   དངོས་སྒྲུབ་ཀྱི་སྙིང་སྟོབས་ལ་བརྟེན་ནས་ཐོན་སྐྱེད་བཅོས་སྒྱུར་གཏིང་ཟབ་དང་ཏན་ཏིག་ཡོང་བར་སྐུལ་འདེད་གཏོང་དགོས།    

གྲོས་ཚོགས་ཐོག་ཞིང་ཆེན་ཏང་ཨུའི་སྤྱི་ཚོགས་ལས་དོན་པུའུ་དང་།     ཞིང་ཆེན་སློབ་གསོ་ཐིང་།     ཞིང་ཆེན་བཟོ་ལས་དང་ཆ་འཕྲིན་ཅན་ཐིང་།     ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིང་སོགས་སྡེ་ཁག་གིས་བསམ་བློ་བརྗེ་རེས་ཀྱི་གཏམ་བཤད་སྤེལ།  

རྩོམ་སྒྲིག་པ། : ཡེ་ཤེས་སྒྲོལ་མ།