ཟླ3པའི་ཚེས19ཉིན། ཞིང་ཆེན་དམངས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཀྲུའུ་རིན་གྲོས་ཚོགས་ཐེངས་རེ་གསུམ་པ་བསྡུས། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཧྲུའུ་ཅི། ཀྲུའུ་རེན་གཞོན་པ་དབྱང་ཧྥེན་ཁྲུན་གྱིས་གྲོས་ཚོགས་ལ་འགོ་འཛིན་བྱས་པ་དང་། ཀྲང་ཧོང་ཡོན་དང་། ལུའི་ཀང་། ཝང་ཅིན་ཀྲའེ། ཚའེ་ཁྲེན་ཡུང་། ཁྲེན་ཏུང་ཁྲང་བཅས་གྲོས་ཚོགས་ལ་ཞུགས།
གྲོས་ཚོགས་ལས་ཞིང་ཆེན་དམངས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ཉེར་གཅིག་པའི་སྟེང་གྲོས་ཞིབ་བྱེད་པར་སྤྲོད་རྒྱུའི་འབྲེལ་ཡོད་མི་དོན་བྱ་བའི་གསལ་བཤད་ལ་ཉན་པ་དང་། རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པའི་སྐོར་གྱི་སྙན་ཞུར་ཉན། 《མཚོ་སྔོན་ཞིང་ཆེན་གྱི་ས་ཞིང་དོ་དམ་སྲོལ་ཡིག་གི་འཆར་ཟིན》དང་། 《མཚོ་སྔོན་ཞིང་ཆེན་གྱི་ཆེད་ཁེའི་སྐུལ་འདེ་དང་སྲུང་སྐྱོབ་སྲོལ་ཡིག་བཟོ་བཅོས་གཏན་འབེབ་འཆར་ཟིན》། 《མཚོ་སྔོན་ཞིང་ཆེན་གྱི་སྲིད་འཛིན་ཁྲིམས་བསྟར་ལྟ་སྐུལ་སྲོལ་ཡིག་གི་འཆར་ཟིན་བཟོ་བཅོས་མ་ཡིག》བཟོ་བཅོས་གནས་ཚུལ་གྱི་སྙན་ཞུ་བཅས་ལ་ཉན་པ་དང་། 《མཚོ་སྔོན་ཞིང་ཆེན་མི་དམངས་འཐུས་མིའི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཁྲིམས་ལུགས་བྱ་བའི་ཨུ་ཡོན་ལྷན་ཁང་གི2025ལོའི་ཞུ་ཚགས་ཞིབ་བཤེར་བྱ་བའི་གནས་ཚུལ་སྙན་ཞུ》སྙན་སེང་ཞུས་པར་ཉན་ལ། 《མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་གྱི་མེ་ཟོན་སྲོལ་ཡིག》དང་། 《རྟ་ཐང་ཧོས་རིགས་ཧོར་རིགས་རང་སྐྱོང་རྫོང་གི་མི་དམངས་འཐུས་མིའི་ཚོགས་ཆེན་སྐབས་བཅོ་བརྒྱད་པའི་གྲོས་ཚོགས་ཐེངས་བདུན་པའི་རྟ་ཐང་ཧོས་རིགས་ཧོར་རིགས་རང་སྐྱོང་རྫོང་གི་ནགས་ལས་དོ་དམ་སྲོལ་ཡིག་མཚམས་འཇོག་པའི་སྐོར་གྱི་ཐག་གཅོད》། 《ཧུའུ་ཀྲུའུ་ཧོར་རིགས་རང་སྐྱོང་རྫོང་གི་མི་དམངས་འཐུས་མིའི་ཚོགས་ཆེན་སྐབས་བཅོ་བརྒྱད་པའི་གྲོས་ཚོགས་ཐེངས་དྲུག་པའི་ཧུའུ་ཀྲུའུ་ཧོར་རིགས་རང་སྐྱོང་རྫོང་གི་ནགས་ལས་དོ་དམ་དང་སྲུང་སྐྱོབ་སྲོལ་ཡིག་མཚམས་འཇོག་པའི་སྐོར་གྱི་ཐག་གཅོད》། 《མེན་ཧི་ཧོས་རིགས་ཧོར་རིགས་རང་སྐྱོང་རྫོང་གི་མི་དམངས་འཐུས་མིའི་ཚོགས་ཆེན་སྐབས་བཅོ་བརྒྱད་པའི་གྲོས་ཚོགས་ཐེངས་བདུན་པའི་མེན་ཧི་ཧོས་རིགས་ཧོར་རིགས་རང་སྐྱོང་རྫོང་གི་ལས་རིགས་སློབ་གསོའི་འཕེལ་རྒྱས་སྲོལ་ཡིག་མཚམས་འཇོག་པའི་སྐོར་གྱི་ཐག་གཅོད》། 《མིན་ཡོན་ཧོས་རིགས་རང་སྐྱོང་རྫོང་གི་མི་དམངས་འཐུས་མིའི་ཚོགས་ཆེན་སྐབས་བཅོ་བརྒྱད་པའི་གྲོས་ཚོགས་ཐེངས་བདུན་པའི་མིན་ཡོན་ཧོས་རིགས་རང་སྐྱོང་རྫོང་གི་ནགས་ཚལ་སྲུང་སྐྱོབ་དོ་དམ་སྲོལ་ཡིག་མཚམས་འཇོག་པའི་སྐོར་གྱི་ཐག་གཅོད》བཅས་ལ་གྲོས་ཞིབ་བྱས་པའི་སྐོར་གྱི་གནས་ཚུལ་སྙན་ཞུ་ཕུལ་བར་ཉན།《ཞིང་ཆེན་ཡོངས་ཀྱི་རྫོང་དང་ཡུལ་ཚོ་རིམ་པ་གཉིས་ཀྱི་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་འཐུས་མི་སྐབས་བརྗེ་འདེམ་བསྐོའི་དུས་ཚོད་ཐག་གཅོད་འཆར་ཟིན》དང་། 《མཚོ་སྔོན་ཞིང་ཆེན་གྱི་རྫོང་རིམ་པའི་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་འཐུས་མིའི་མིང་ཐོའི་ཐག་གཅོད་འཆར་ཟིན》། 《མཚོ་སྔོན་ཞིང་ཆེན་གྱི་རྫོང་རིམ་པའི་མི་དམངས་འཐུས་མིའི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚན་གྲུབ་ཁོངས་མིའི་མིང་ཐོའི་ཐག་གཅོད་འཆར་ཟིན》བཅས་ཀྱི་གྲོས་གཞིའི་གྲ་སྒྲིག་གནས་ཚུལ་གྱི་སྙན་ཞུར་ཉན། མི་དོན་བསྐོ་འཐེན་གྲོས་གཞི་གྲོས་ཞིབ་བྱེད་པར་སྤྲོད་རྒྱུར་གྲོས་ཞིབ་བྱས་པའི་སྙན་ཞུར་ཉན། ཀྲུའུ་རིན་གྲོས་ཚོགས་ལས་གོང་གསལ་གྲོས་གཞི་ཁག་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་སྟེང་གྲོས་ཞིབ་བྱེད་པར་སྤྲོད་རྒྱུར་འཐད་པ་བྱུང་།
གྲོས་ཚོགས་ལས་མཚོ་སྔོན་ཞིང་ཆེན་གྱི་མི་དམངས་འཐུས་མིའི་ཚོགས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ཉེར་གཅིག་པའི་ཉིན་རིམ་འཆར་ཟིན་སྐོར་གྱི་སྙན་ཞུར་ཉན། ཀྲུའུ་རིན་གྲོས་ཚོགས་ལས་ཉིན་རིམ་བཀོད་སྒྲིག་གི་འཆར་ཟིན་ལ་འཐད་པ་བྱུང་ཞིང་། རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོའི་སྟེང་སྤྲོད་རྒྱུར་གྲོས་འཆམ་བྱུང་།