《ཞི་ཅིན་ཕིང་གི་དཔལ་འབྱོར་གསུང་རྩོམ་གཅེས་བཏུས》ཞེས་པའི་དེབ་དང་པོ་དང《ཞི་ཅིན་ཕིང་དང་སློབ་ཆེན་སློབ་མའི་གྲོགས་པོ་ཚོ》ཞེས་པའི་དེབ་དང་པོ་དང་དེབ་གཉིས་པའི་ཚུགས་རྙིང་པར་དེབ་ཞང་ཀང་དུ་ཐོག་མར་འགྲེམས་སྤེལ་བྱས།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

​《ཞི་ཅིན་ཕིང་གི་དཔལ་འབྱོར་གསུང་རྩོམ་གཅེས་བཏུས》ཞེས་པའི་དེབ་དང་པོ་དང《ཞི་ཅིན་ཕིང་དང་སློབ་ཆེན་སློབ་མའི་གྲོགས་པོ་ཚོ》ཞེས་པའི་དེབ་དང་པོ་དང་དེབ་གཉིས་པའི་ཚུགས་རྙིང་པར་དེབ་ཞང་ཀང་དུ་ཐོག་མར་འགྲེམས་སྤེལ་བྱས།

《ཞི་ཅིན་ཕིང་གི་དཔལ་འབྱོར་གསུང་རྩོམ་གཅེས་བཏུས》ཞེས་པའི་དེབ་དང་པོ་དང《ཞི་ཅིན་ཕིང་དང་སློབ་ཆེན་སློབ་མའི་གྲོགས་པོ་ཚོ》ཞེས་པའི་དེབ་དང་པོ་དང་དེབ་གཉིས་པའི་ཚུགས་རྙིང་པར་དེབ། ཉེ་ལམ་མཉམ་འབྲེལ་དཔེ་སྐྲུན་སྡེ་ཚོགས་ཀྱིས་དཔེ་སྐྲུན་འགྲེམས་སྤེལ་བྱས། ཟླ3པའི་ཚེས18ཉིན། དཔེ་དེབ་གསུམ་གྱི་ཚུགས་རྙིང་པར་མའི་དཔེ་གསར་འགྲེམ་སྤེལ་ཚོགས་འདུ་དང་པར་སྐྲུན་བཞུགས་མོལ་ཚོགས་འདུ་ཞང་ཀང་དུ་བསྡུས།

《ཞི་ཅིན་ཕིང་གི་དཔལ་འབྱོར་གསུང་རྩོམ་གཅེས་བཏུས》ཞེས་པའི་དེབ་དང་པོའི་ནང་དུ་བློ་མཐུན་ཞི་ཅིན་ཕིང་གི2012ལོའི་ཟླ11པ་ནས་2024ལོའི་ཟླ12པའི་བར་གྱི་དཔལ་འབྱོར་འཛུགས་སྐྲུན་ཐད་ཀྱི་ཆེས་གལ་ཆེ་ཞིང་གཞི་རྩ་རུ་གྱུར་པའི་བརྩམས་ཆོས་འདུས་ཡོད་ཅིང་། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་རང་རྒྱལ་གྱི་དཔལ་འབྱོར་འཕེལ་རྒྱས་ལ་སྣེ་ཁྲིད་དེ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་དང་ལོ་རྒྱུས་རང་བཞིན་གྱི་འགྱུར་ལྡོག་བྱུང་བ་གཅིག་སྡུས་ཀྱིས་མངོན་ཡོད་ལ། ཞི་ཅིན་ཕིང་གི་དཔལ་འབྱོར་དགོངས་པས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཆབ་སྲིད་དཔལ་འབྱོར་རིག་པའི་ཡུལ་ཁམས་གསར་པ་བཏོད་པ་གཅིག་སྡུས་ཀྱིས་མཚོན་ཡོད་པས། ཞི་ཅིན་ཕིང་གི་དཔལ་འབྱོར་དགོངས་པ་ཕྱོགས་ཡོངས་དང་མ་ལག་ལྡན་པར་མངོན་པའི་དབང་ཟིལ་རང་བཞིན་ལྡན་པའི་་བརྩམས་ཆོས་ཤིག་ཡིན། 《ཞི་ཅིན་ཕིང་དང་སློབ་ཆེན་སློབ་མའི་གྲོགས་པོ་ཚོ》ཞེས་པའི་དེབ་དང་པོ་དང་དེབ་གཉིས་པའི་ནང་དུ་བློ་མཐུན་ཞི་ཅིན་ཕིང་གིས་ས་གནས་དང་ཀྲུང་དབྱང་དུ་བྱ་བ་སྒྲུབ་སྐབས། སློབ་ཆེན་སློབ་མའི་བར་འགྲོ་འོང་དང་བརྗེ་རེས་ཁ་བརྡ་བྱས་པའི་གཏམ་རྒྱུད་བརྗོད་ཡོད་ཅིང་། ཁོང་གིས་ན་གཞོན་དང་ལྷག་པར་དུ་སློབ་ཆེན་སློབ་མར་དུས་དང་རྣམ་པ་ཀུན་དུ་ཐུགས་ཁུར་གཅེས་སྐྱོང་མཛད་པའི་དོན་དངོས་ཟིན་བྲིས་སུ་བཀོད་ཡོད་པས། བློ་མཐུན་ཞི་ཅིན་ཕིང་གི་ན་གཞོན་བྱ་བའི་སྐོར་གྱི་དགོངས་པ་གལ་ཆེན་སློབ་སྦྱོང་གཏིང་ཟབ་བྱེད་ཐུབ་པའི་ཀློག་འདོན་དཔེ་ཆ་ཞིག་ཡིན།

དཔེ་དེབ་གསུམ་གྱི་ཚུགས་རྙིང་པར་མ་དཔེ་སྐྲུན་འགྲེམས་སྤེལ་བྱས་ན། ཞང་ཀང་དང་ཨའོ་མོན་གྱི་ཀློག་མཁན་གྱིས་ཞི་ཅིན་ཕིང་གི་དཔལ་འབྱོར་དགོངས་པར་མ་ལག་ལྡན་པའི་རྒྱུས་ལོན་བྱེད་པ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་རྒྱུས་ལོན་ཟབ་མོ་བྱེད་པར་ཕན་ཐོགས་ཤིང་། ཞང་ཀང་དང་ཨའོ་མོན་གྱི་སྤུན་ཟླ་དང་ན་གཞོན་རྣམས་ཀྱི་རྒྱལ་ཁབ་དང་མི་རིགས། རིག་གནས་བཅས་ཀྱི་ངོས་འཛིན་སྔར་ལས་འཕེལ་བར་བྱེད་པ། རྒྱལ་ཁབ་འཕེལ་རྒྱས་ཀྱི་སྤྱི་ཡོངས་ཁྲོད་སྔར་ལས་ཞབས་འདེགས་དང་དེའི་ཁྲོད་འདྲེས་པར་བྱེད་པ། རྒྱལ་ཡོངས་མི་རིགས་སོ་སོའི་མི་དམངས་དང་མཉམ་དུ་སེམས་ཤུགས་གཅིག་ཏུ་བསྡུ་བ། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱེད་པར་མཐུན་སྒྲིལ་འབད་འཐབ་བྱེད་པ་བཅས་ཀྱི་ཐད་དོན་སྙིང་གལ་ཆེན་ལྡན།

ཞང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྲིད་འཛིན་དཔོན་ལི་ཅཱ་ཁྲའོ་དང་། ཀྲུང་དབྱང་སྲིད་གཞུང་གི་ཞང་ཀང་དུ་སྡོད་པའི་འབྲེལ་གཏུག་གཞུང་སྒྲུབ་ཁང་གི་འགན་ཁུར་བློ་མཐུན། ཞང་ཀང་གི་རྒྱལ་གཅེས་ཀང་གཅེས་ཀྱི་ལས་ཁུངས་དང་། སྲིད་འཛིན་ཚོགས་པ་དང་སྤྱི་ཚོགས་ཚོགས་པའི་འཐུས་མི། ཞང་ཀང་གི་དཔལ་འབྱོར་དང་རིག་གནས། སློབ་གསོ་སྡེ་ཁག་གི་འཐུས་མི། ཞང་ཀང་གི་ན་གཞོན་འཐུས་མི་བཅས་དཔེ་གསར་འགྲེམས་སྤེལ་ཚོགས་འདུ་དང་པར་སྐྲུན་བཞུགས་མོལ་གྱི་ཚོགས་འདུར་ཞུགས། དཔེ་དེབ་གསུམ་གྱི་ཚུགས་རྙིང་པར་མ་ཉིན་དེ་ནས་བཟུང་ཞང་ཀང་དང་ཨའོ་མོན་གྱི་དཔེ་ཁང་སོ་སོར་བཀྲམས་པ་དང་གཙོ་བཟུང་ནས་ཕྱིར་འཚོང་བྱེད་ཀྱིན་ཡོད།

རྩོམ་སྒྲིག་པ། : ཡེ་ཤེས་སྒྲོལ་མ།