མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཟླ3ཚེས15ཉིན། 2026ལོའི་རྒྱལ་ཡོངས་ཀྱི་ལམ་ཕྱེད་མ་ལ་སུང་ལེགས་སྐྱེས་འགྲན་སྡུར་དང་མེ་ཧྲན་རེན་ཧྲོའུ་ལམ་ཕྱེད་མ་ལ་སུང་སྐབས་དགུ་བ་ལས་ས་ཁྲོན་སྐོར་རྒྱུག(མེ་ཧྲན་ས་ཚིགས)བོའུ་སྐད་དང་བསྡོངས་ནས་རྒྱུག་མགོ་བརྩམས། རྒྱལ་ཁབ་དང་ས་ཁུལ་མང་པོ་ཡི་འགྲན་ཞུགས་པ་ཁྲི2རེན་ཧྲོའུ་འགྲན་རར་འཛོམས་ནས་མྱུར་ཚད་ཀྱི་རྒྱལ་ཕམ་རྩད། ཀྲུང་གོའི་འགྲན་ཞུགས་པ་སྟེ། མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་ནས་ཡོང་བའི་ལུས་རྩལ་པ་རྒྱལ་ཏོག་ནོར་བུ་རྒྱལ་ཡིས་མྱུར་ཚད་ཆུ་ཚོད1དང་སྐར་མ2སྐར་ཆ7ཡིས་སྐྱེས་པའི་ཚན་ཆུང་གི་ཨང་དང་པོ་བླངས། ཁོས་རྒྱལ་ཡོངས་ཀྱི་ལེགས་སྐྱེས་འགྲན་སྡུར་ལ་མིང་ཐོ་བཀོད་མེད་པས། མཚོ་སྔོན་གྱི་རིན་ཆེན་དོན་འགྲུབ་ཀྱིས་མྱུར་ཚད་ཆུ་ཚོད1དང་སྐར་མ2སྐར་ཆ15རྒྱུག་ནས་རྒྱལ་ཡོངས་ལེགས་སྐྱེས་འགྲན་སྡུར་སྐྱེས་པའི་ཚན་ཆུང་གི་ཨང་དང་པོ་བླངས།
ཤེས་གསལ་ལྟར་ན། མེ་ཧྲན་རིན་ཧྲོའུ་ལམ་ཕྱེད་མ་ལ་སུང་འགྲན་རྒྱུག་ནི2017ལོར་གསར་དུ་སྤེལ་ཞིང་། 2025ལོར་གསེར་དཀར་ལེགས་སྐྱེས་འགྲན་སྡུར་གྱི་རིམ་པ་སྤར་ནས་ཧྲང་ཧའེ་མ་ལ་སུང་དང་། ཞ་མེན་མ་ལ་སུང་གི་རྗེས་སུ་ཀྲུང་གོར་སྤེལ་བའི་འཛམ་གླིང་གི་མཆོང་རྒྱུག་འཕེན་གསུམ་མཉམ་འབྲེལ་འགྲན་སྡུར་གསེར་དཀར་ལེགས་སྐྱེས་ལམ་རྒྱུག་འགྲན་སྡུར་གསུམ་པ་ཡིན་པ་དང་། རང་རྒྱལ་གྱི་གསེར་དཀར་ལེགས་སྐྱེས་ལམ་ཕྱེད་མ་ལ་སུང་འགྲན་སྡུར་ཐོག་མ་ཡང་རེད། ཐེངས་འདིའི་ལམ་ཕྱེད་མ་ལ་སུང་འགྲན་སྡུར་འགྲན་སྡུར་གྱི་རྒྱུག་ཐག་དེ་ལེ་དབར21.0975ཡིན་་པ་དང་། མཚོ་སྔོན་གྱི་འགྲན་ཞུགས་པ་འདི་གཉིས་ཀྱིས་འགྲན་རྒྱུག་གི་ཆུ་ཚད་དང་འབད་འཐབ་ལ་བརྟེན་ནས་དཀའ་ཁག་ཧ་ཅང་ཆེ་བའི་འགྲན་རྒྱུག་ཁྲོད་རང་ཚོད་ལས་བརྒལ་ཏེ་མྱུར་ཚད་དང་སེམས་ཤུགས་ཀྱིས་མཚོ་བྱང་ལུས་རྩལ་པའི་ཉམས་འགྱུར་གསེལ་འགྲེལ་བྱས།