མཚོ་སྔོན་འཐུས་ཚབ་ཚོགས་པས་ཚང་འཛོམས་གྲོས་ཚོགས་བསྡུས།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

​ཟླ3པའི་ཚེས11ཉིན་གྱི་སྔ་དྲོར། རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་བཞི་པར་ཞུགས་པའི་མཚོ་སྔོན་འཐུས་ཚབ་ཚོགས་པས་ཚང་འཛོམས་གྲོས་ཚོགས་བསྡུས་ཏེ། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྙན་ཞུ་དང་།     ཆེས་མཐོ་མི་དམངས་ཁྲིམས་ཁང་གི་བྱ་བའི་སྙན་ཞུ། ཆེས་མཐོ་མི་དམངས་ཞིབ་དཔྱོད་ཁང་གི་བྱ་བའི་སྙན་ཞུ་བཅས་ལ་མུ་མཐུད་དུ་གྲོས་ཞིབ་བྱས། ཝུའུ་ཞའོ་ཅུན་དང་ལུའོ་ཏུང་ཁྲོན།     ལིའུ་ཆི་ཧྥན། ཀྲང་ཅིན་ཀང་བཅས་གྲོས་ཚོགས་སུ་ཞུགས་པ་དང་། ཝང་ལི་མིང་གིས་འགོ་འཛིན་བྱས། ཆེས་མཐོ་མི་དམངས་ཁྲིམས་ཁང་དང་ཆེས་མཐོ་མི་དམངས་ཞིབ་དཔྱོད་ཁང་གི་འབྲེལ་ཡོད་བློ་མཐུན་གྲོས་ཞིབ་ལ་ཞུགས་ནས་འཐུས་མིའི་བསམ་འཆར་དང་གྲོས་གཞི་ལ་ཉན།

ཤ་བོ་སྒྲོལ་མ་དང་ཏུང་ཆོན་མིན། པི་ཧྲེང་ལུང་། རིན་ཆེན་བཀྲ་ཤིས། ཅང་ཀྲི་ཀང་། མཱ་ཧྲི་ཀུང་། ཀུའོ་ཅིན་ཕིང་སོགས་འཐུས་མིས་གཏམ་བཤད། འཐུས་མི་རྣམས་ཀྱིས་བསྟན་དོན། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྙན་ཞུ་དང་ཆེས་མཐོ་མི་དམངས་ཁྲིམས་ཁང་གི་བྱ་བའི་སྙན་ཞུ། ཆེས་མཐོ་མི་དམངས་ཞིབ་བཤེར་ཁང་གི་བྱ་བའི་སྙན་ཞུ་བཅས་ལ་ཡོངས་སུ་འཐད་པ་ཡིན།   རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྙན་ཞུའི་ནང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་ཚང་དུ་གཏོང་བའི་སྐོར་གྱི་དགོངས་པ་གལ་ཆེན་ཁྱོན་ཡོངས་ནས་དོན་འཁྱོལ་བྱས་པ་དང་།  དོན་དངོས་དང་མཐུན་པ་དང་ཕྱོགས་ཡོངས་ཡིན་པ།     བྱ་བའི་བཀོད་སྒྲིག་གནད་དུ་འཁེལ་ཞིང་ནུས་ལྡན་ཡིན་པ་སྤྱི་བསྡོམས་བྱས་པས།  ཏང་གི་འགོ་ཁྲིད་རྒྱུན་འཁྱོངས་དང་མི་དམངས་རང་ཁྱིམ་རང་བདག་བྱེད་པ། ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་བཅས་གཅིག་གྱུར་དམ་ཚགས་ཡོང་བ་གང་ལེགས་སྒོས་མཚོན་པ་དང་།     ལམ་ལུགས་ཀྱི་ཡིད་ཆེས་མངོན་པ་དང་དམངས་ཀྱི་དོན་དུ་བརྩེ་སེམས་ཀྱིས་ཁེངས་པ།     འབད་འཐབ་མདུན་སྐྱོད་ཀྱི་སྟོབས་ཤུགས་ཡོད་པས་སྙན་ཞུ་བཟང་བོ་ཞིག་རེད། ཆེས་མཐོ་མི་དམངས་ཁྲིམས་ཁང་གི་བྱ་བའི་སྙན་ཞུ་དང་ཆེས་མཐོ་མི་དམངས་ཞིབ་དཔྱོད་ཁང་གི་བྱ་བའི་སྙན་ཞུས་སྐད་ཆ་དངོས་བཤད་པ་དང་གཞི་གྲངས་འདེགས་སྐྱོར་དང་། གྱོད་དཔེ་ལ་བརྟེན་ནས་ཁྲིམས་གསལ་བཤད་བྱས་པ།  གྲུབ་འབྲས་གཡུར་དུ་ཟ་བ་བླངས་པ། ཁྱད་ཆོས་མངོན་གསལ་ལྡན་པས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པའི་ཁྲིམས་འཛིན་ལག་ལེན་གསོན་ཉམས་ལྡན་པའི་སྒོ་ནས་གསལ་བཤད་བྱས་པ་དེ་ནི་དྲང་གཞག་དྲང་བདེན་སྲུང་སྐྱོང་དང་། འཕེལ་རྒྱས་ཀྱི་ཁྱོན་ཡོངས་ལ་ཞབས་ཞུ་བྱེད་པ།     དམངས་ཀྱི་ཆེད་དུ་ཁྲིམས་འཛིན་མངོན་པ་བཅས་ཀྱི་སྙན་ཞུ་ཡག་པོ་ཞིག་རེད།   

རྩོམ་སྒྲིག་པ། : ཡེ་ཤེས་སྒྲོལ་མ།