
ཟླ3པའི་ཚེས11ཉིན་གྱི་སྔ་དྲོར། ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་བཞི་པ་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོ་རུ་གྲོལ། འདི་ནི་ཞི་ཅིན་ཕིང་དང་། ལི་ཆང་། ཀྲའོ་ལི་ཅི། ཚའེ་ཆི། ཏིང་ཞུའེ་ཞང་། ལི་ཞི། ཧན་ཀྲེང་སོགས་ཀྲུའུ་ཞི་སྟེགས་བུར་བཞུགས་པའི་རྣམ་པ་རེད།
ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་བཞི་པའི་གྲོས་རིམ་སོ་སོ་ཕུན་སུམ་ཚོགས་པོའི་ངང་ལེགས་གྲུབ་བྱུང་ནས། ཚེས11ཉིན་གྱི་སྔ་དྲོར་མི་དམངས་ཚོགས་ཁང་ཆེན་མོར་གྲོལ། གྲོས་ཚོགས་ལས་མི་དམངས་སྲིད་གྲོས་ལ་ཞུགས་པའི་ལས་ཁུངས་སོ་སོ་དང་རྒྱ་ཆེའི་སྲིད་གྲོས་ཨུ་ཡོན་རྣམས་ཀྱིས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཀྲུང་གུང་ཀྲུང་དབྱང་གི་མཐའ་འཁོར་དུ་སྔར་ལས་མཐུན་སྒྲིལ་དམ་ཟབ་བྱས་ཏེ། སེམས་ཤུགས་གཅིག་སྒྲིལ་དང་སྤོབས་པས་མདུན་སྐྱོད། བློ་བརྟན་འགྱུར་མེད་བཅས་ཀྱིས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བགྲོད་ལམ་དུ་བསྐྱོད་དེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་རླབས་ཆེན་བྱ་གཞག་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བར་སྔར་ལས་ནུས་ཤུགགས་འདོན་དགོས་པའི་འབོད་སྐུལ་བཏང་།

ཟླ3པའི་ཚེས11ཉིན་གྱི་སྔ་དྲོར། ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་བཞི་པ་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོ་རུ་གྲོལ།
རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་ཧུའུ་ཉིང་གིས་ཚོགས་འདུར་འགོ་འཛིན་གནང་། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཧྲི་ཐའེ་ཧྥུང་དང་། ཧུའུ་ཁྲུན་ཧྭ། ཧྲེན་ཡུའེ་ཡུའེ། ཝང་ཡུང་། ཀྲོའུ་ཆང་། འཕགས་པ་ལྷ་དགེ་ལེགས་རྣམ་རྒྱལ། ཧོ་ཧོའུ་ཧྭ། ལེང་ཀྲེན་དབྱིང་། པ་ཐར། སུའུ་ཧུའེ། ཧྲའོ་ཧུང་། ཀའོ་ཡུན་ལུང་། མུའུ་ཧུང་། ཞན་ཧུའེ། ཝང་ཏུང་ཧྥེང་། ཅང་ཞིན་ཀྲི། ཅང་ཙུའོ་ཅུན། ཧོ་པའོ་ཞང་། ཝང་ཀོང་ཆན། ཆིན་པོ་ཡུང་། ཀྲུའུ་ཡུང་ཞིན། དབྱང་ཀྲེན་བཅས་ཀྲུའུ་ཞི་སྟེགས་བུའི་མདུན་གྲལ་དུ་བསྡད།
ཞི་ཅིན་ཕིང་དང་། ལི་ཆང་། ཀྲའོ་ལི་ཅི། ཚའེ་ཆི། ཏིང་ཞུའེ་ཞང་། ལི་ཞི། ཧན་ཀྲེང་སོགས་ཀྲུའུ་ཞི་སྟེགས་བུར་བཞུགས།

ཟླ3པའི་ཚེས11ཉིན་གྱི་སྔ་དྲོར། ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་བཞི་པ་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོ་རུ་གྲོལ། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་ཧུའུ་ཉིང་གིས་མཇུག་སྒྲིལ་ཚོགས་འདུར་འགོ་འཛིན་གནང་བར་མ་ཟད་གཏམ་བཤད།
སྔ་དྲོའི་ཆུ་ཚོད9པར་མཇུག་བསྒྲིལ་ཚོགས་འདུ་འགོ་ཚུགས་ཤིང་། ཝང་ཧུའུ་ཉིང་གིས་ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་བཞི་པར་ཞུགས་དགོས་པའི་ཨུ་ཡོན2125ཡོད་པ་དང་། དངོས་སུ་ཨུ་ཡོན2059འབྱོར་ཡོད་པས། ཁྲིམས་བཀོད་མི་གྲངས་དང་མཐུན་པ་ཁྱབ་བསྒྲགས་གནང་།
གྲོས་ཚོགས་ལས་སྲིད་གྲོས་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་བཞི་པས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྙན་ཞུའི་སྐོར་གྱི་གྲོས་ཆོད་དང་། སྲིད་གྲོས་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་བཞི་བས་སྲིད་གྲོས་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གསུམ་པ་འཚོགས་ཚུན་གྱི་གྲོས་གཞིའི་ལས་དོན་བསྒྲུབས་ཚུལ་སྙན་ཞུའི་སྐོར་གྱི་གྲོས་ཆོད། སྲིད་གྲོས་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་སྐབས་བཅུ་བཞི་པའི་གྲོས་གཞི་ཨུ་ཡོན་ལྷན་ཁང་གིས་སྲིད་གྲོས་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་བཞི་པའི་གྲོས་གཞིར་ཞིབ་བཤེར་བྱས་པའི་སྐོར་གྱི་སྙན་ཞུ། སྲིད་གྲོས་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་བཞི་པའི་ཆབ་སྲིད་གྲོས་ཆོད་བཅས་ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་།
ཝང་ཧུའུ་ཉིང་གིས་གསུང་བཤད་ཁྲོད་བསྟན་དོན། རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་བཞི་པ་ནི་དར་ཆ་མཐོན་པོར་སྒྲེང་བ་དང་། སེམས་ཤུགས་གཅིག་ཏུ་སྒྲིལ་བ། བདེན་འཚོལ་ཡར་བརྩོན། སྤྱོད་གཙང་གཞུང་དྲང་བཅས་ཀྱི་ཚོགས་ཆེན་ཞིག་ཡིན་ཞིང་། རྒྱ་ཆེའི་སྲིད་གྲོས་ཨུ་ཡོན་གྱིས་རྒྱལ་ཁབ་ཀྱི་དོན་དུ་འགན་འཁྲི་སྒྲུབ་པ་དང་། མི་དམངས་ཀྱི་ཆེད་དུ་འགན་འཁྲི་སྒྲུབ་པའི་འགན་འཁྲི་འཁུར་སེམས་གསོན་ཉམས་ལྡན་པའི་སྒོ་ནས་མངོན་པ་དང་། སྤྱི་ཚོགས་རིང་ལུགས་ཀྱི་གྲོས་མོལ་དམངས་གཙོའི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་དང་སྐྱེ་སྟོབས་ནུས་ཤུགས་གང་ལེགས་སྒོས་མཚོན་ཡོད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་སོགས་ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་བློ་མཐུན་ཚོགས་ཆེན་འགོ་ཚུགས་ཚོགས་འདུ་དང་མཇུག་བསྒྲིལ་ཚོགས་འདུར་ཞུགས་པ་དང་། སྲིད་གྲོས་ཨུ་ཡོན་ལ་འཚམས་འདྲི་བྱས་པ་དང་ཚན་ཆུང་མཉམ་འབྲེལ་གྱི་གྲོས་བསྡུར་ཁྲོད་ཞུགས་ནས་སྲིད་གྲོས་ཨུ་ཡོན་ཚོ་དང་མཉམ་དུ་རྒྱལ་དོན་གྲོས་མོལ་གནང་བ་རེད། སྲིད་གྲོས་ཨུ་ཡོན་ཡོངས་ཀྱིས་སྲིད་གཞུང་བྱ་བའི་སྙན་ཞུ་དང་ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་རྩ་གནད་མ་ཟིན། སྙན་ཞུ་གཞན་དག་བཅས་ལ་གྲོས་བསྡུར་ནན་མོ་བྱས་པ་མ་ཟད། སྲིད་གྲོས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྙན་ཞུ་དང་གྲོས་གཞིའི་བྱ་བའི་གནས་ཚུལ་སྙན་ཞུ་སོགས་ཀྱི་ཡིག་ཆར་གྲོས་ཞིབ་བྱས་ཏེ། གྲུབ་འབྲས་གཡུར་དུ་ཟ་བ་བླངས། སྲིད་གྲོས་ཨུ་ཡོན་ཡོངས་ཀྱིས་འདས་ཟིན་པའི་ལོ་གཅིག་དང་“ལོ་ལྔའི་འཆར་འགོད་བཅུ་བཞི་པའི་”དུས་སྐབས་ཀྱི་སྤྱིར་བཏང་མིན་པའི་འཕེལ་རྒྱས་ཀྱི་ལོ་རྒྱུས་བརྒྱུད་རིམ་དང་ཐོབ་དཀའ་བའི་འཕེལ་རྒྱས་ཀྱི་གྲུབ་འབྲས་ལ་ངོས་འཛིན་གང་ལེགས་བྱས་ཏེ། དུས་རབས་གསར་པ་དང་བགྲོད་ལམ་གསར་པར་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བ་དང་། དཔལ་འབྱོར་མགྱོགས་མྱུར་ངང་འཕེལ་རྒྱས་དང་སྤྱི་ཚོགས་ཡུན་རིང་བརྟན་བརླིང་ཡོང་བའི་ངོ་མཚར་ཆེན་པོ་གཉིས་ཀྱི་ལེའུ་གསར་པ་འབྲི་པའི་ཐད་སྔར་ལས་བྱས་རྗེས་འཇོག་རྒྱུའི་ཆོད་སེམས་བསྟན།
ཝང་ཧུའུ་ཉིང་གིས་བསྟན་དོན། 2026ལོ་ནི“ལོ་ལྔའི་འཆར་འགོད་བཅོ་ལྔ་པ”འགོ་རྩོམ་པའི་ལོ་ཡིན་པ་དང་། ཀྲུང་གོ་གུང་ཁྲན་ཏང་གིས་མི་དམངས་དུང་ཕྱུར་མང་པོའི་སྣེ་ཁྲིད་དེ་ཡིད་ཆེས་ཆེན་པོས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་བགྲོད་ལམ་གསར་བའི་སྟེང་བསྐྱོད་བཞིན་ཡོད། མི་དམངས་སྲིད་གྲོས་ཀྱིས་རང་ངོས་ཀྱི་ངོ་བོ་དང་ངེས་གནས། འགན་འཁྲི་དང་ལས་འགན་བཅས་ལ་རྐང་བཙུགས་ནས། ཀྲུང་གོའི་གུང་ཁྲན་ཏང་གི་འགོ་ཁྲིད་རྒྱུན་འཁྱོངས་དང་། གཞུང་ལུགས་ཀྱིས་དྲག་ཆས་སྤྲས་པར་ཤུགས་བསྣན་ཏེ། མི་དམངས་སྲིད་གྲོས་ཀྱི་ཆབ་སྲིད་རྩ་འཛུགས་ཀྱི་ནུས་པ་སྔར་ལས་འདོན་སྤེལ་གང་ལེགས་དང་། མི་དམངས་སྲིད་གྲོས་ཀྱི་ཐབས་འདོན་སྲིད་སྐྱོང་གི་ནུས་པ་སྔར་ལས་འདོན་སྤེལ་གང་ལེགས། མི་དམངས་སྲིད་གྲོས་ཀྱི་སེམས་ཤུགས་གཅིག་སྒྲིལ་གྱི་ནུས་པ་སྔར་ལས་འདོན་སྤེལ་གང་ལེགས་བཅས་བྱས་ཏེ། ལོ་ལྔའི་འཆར་འགོད་བཅོ་ལྔ་པ་འགོ་ལེགས་པོ་ཞིག་རྩོམ་པ་དང་གོམ་སྟབས་ལེགས་པར་སྤོས་ཏེ་མི་སེམས་གཅིག་སྒྲིལདང་། ངོས་འཛིན་གཅིག་སྒྲིལ། བློ་གྲོས་གཅིག་སྒྲིལ། སྟོབས་ཤུགས་གཅིག་སྒྲིལ་བཅས་བྱེད་དགོས། “ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་”འཆར་འགོད་ལག་བསྟར་ལ་ཞབས་ཞུ་དང་རོགས་འདེགས་བྱ་རྒྱུ་དེ་ལས་འགན་སྒྲུབ་པའི་གཙོ་གནད་དུ་བཟུང་སྟེ། ཆབ་སྲིད་གྲོས་མོལ་དང་དམངས་གཙོའི་ལྟ་སྐུལ། སྲིད་ཞུགས་སྲིད་གླེང་བཅས་ཀྱི་བྱ་བ་སོ་སོ་ནང་ཁྱབ་པར་བྱེད་པ་དང་། དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཁྲོད་ཀྱི་གནད་དོན་གལ་ཆེན་ལ་དམིགས་ཏེ་རྒྱང་ལྟའི་རང་བཞིན་གྱི་ཞིབ་འཇུག་དང་འཐབ་ཇུས་རང་བཞིན་གྱི་བསམ་གཞིགས་གཏིང་ཟབ་བཏང་ནས། གནས་བབ་ཀྱི་འགྱུར་ལྡོག་ལ་རྟོག་ཞིབ་དང་གནད་དོན་ངོས་འཛིན་གྱི་གནད་འགག སྤྱོད་གོ་ཆོད་པའི་ཐབས་ཇུས་བཅས་དོན་འཁྱོལ་གང་ཐུབ་བྱེད་དགོས། མི་དམངས་སྲིད་གྲོས་ཀྱིས་མི་དམངས་ལ་ཞབས་འདེགས་ཞུ་བ་དང་དམངས་ཕན་གྱི་སྐད་ཆ་མང་ཙམ་བཤད་པ། དམངས་ཕན་གྱི་བྱ་བ་མང་ཙམ་བསྒྲུབས་པ་བཅས་བྱས་ཏེ། དེང་རབས་ཅན་དུ་འགྱུར་བའི་འཛུགས་སྐྲུན་གྱི་གྲུབ་འབྲས་ཀྱིས་མི་དམངས་ཡོངས་ལ་བདེ་སྐྱིད་བསྐྲུན་པར་སྐུལ་འདེད་གཏོང་བ་དང་། རྒྱལ་ཁབ་ཕྱི་ནང་གི་ཀྲུང་ཧྭའི་བུ་བུ་མོས་དཔའ་མཛངས་རྟུལ་ཕོད་ཀྱིས་མདུན་དུ་སྐྱོད་པའི་བགྲོད་ལམ་གསར་པ་དང་དུས་རབས་གསར་པར་བྱས་རྗེས་འཇོག་པའི་དྲང་ནུས་ཆེན་པོ་རྒྱ་ཁྱབ་ཏུ་གཅིག་བསྡུ་བྱེད་དགོས།
ཝང་ཧུའུ་ཉིང་གིས་མཇུག་མཐར་གསུང་རྒྱུར། ང་ཚོས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཀྲུང་གུང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་ཟབ་བྱས་ཏེ། སེམས་ཤུགས་གཅིག་སྒྲིལ་དང་འབད་འབུངས་ཡར་བརྩོན་གྱིས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་ཆེད་འབད་འཐབ་ལྷོད་མེད་བྱེད་དགོས།
མཇུག་སྒྲིལ་ཚོགས་འདུར་ཞུགས་པའི་འགོ་ཁྲིད་བློ་མཐུན་ཝང་དབྱི་དང་། དབྱིན་ལིས། ལིའུ་གོ་ཀྲུང་། ལི་ཀན་ཅེ། ལི་ཧྲུའུ་ལེ། ལི་ཧུང་ཀྲུང་། ཧོ་ལི་ཧྥེང་། ཁྲེན་ཝུན་ཆིང་། ཁྲེན་ཅི་ཉིང་། ཁྲེན་མེན་ཨར། ཡོན་ཅ་ཅུན། ཧོང་ཁུན་མིང་། ལིའུ་ཅིན་གོ། ཝང་ཞའོ་ཧུང་སོགས་ཡོད།
ཀྲུང་གུང་ཀྲུང་དབྱང་དང་། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འབྲེལ་ཡོད་སྡེ་ཁག་བཅས་ཀྱི་འགན་འཁུར་བློ་མཐུན་མཇུག་སྒྲིལ་ཚོགས་འདུར་ཟུར་ཞུགས་བྱས། ཀྲུང་གོར་སྡོད་པའི་ཕྱི་རྒྱལ་གྱི་གཞུང་ཚབ་པ་དང་ཕྱིར་སྡོད་རང་མི་སོགས་གདན་ཞུས་ལྟར་མཇུག་སྒྲིལ་ཚོགས་འདུར་ཞུགས།
ཚོགས་ཆེན་རྔམ་བརྗིད་ལྡན་པའི་རྒྱལ་གླུའི་ཁྲོད་མཇུག་བསྒྲིལ།