མཚོ་སྔོན་འཐུས་ཚབ་ཚོགས་པས་གྲོས་ཆོད་འཆར་ཟིན་སྣ་ཚོགས་ལ་གྲོས་ཞིབ་བྱས།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

ཟླ3པའི་ཚེས11ཉིན་གྱི་ཕྱི་དྲོར། རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་བཞི་པར་ཞུགས་པའི་མཚོ་སྔོན་འཐུས་ཚབ་ཚོགས་པས་ཚང་འཛོམས་གྲོས་ཚོགས་བསྡུས་པ་དང་། གྲོས་ཆོད་འཆར་ཟིན་སྣ་ཚོགས་ལ་གྲོས་ཞིབ་བྱས། ཝུའུ་ཞའོ་ཅུན་དང་ལིའུ་ཆི་ཧྥན། ཝང་ལི་མིང་། ཀྲང་ཅིན་ཀང་བཅས་གྲོས་ཚོགས་སུ་ཞུགས་པ་དང་། ལུའོ་ཏུང་ཁྲོན་གྱིས་འགོ་འཛིན་བྱས།

གྲོས་ཚོགས་སྟེང་། རང་ཞིང་གི་འཐུས་ཚབ་ཚོགས་པས་སྲིད་གཞུང་བྱ་བའི་སྙན་ཞུའི་ཇུས་ཆོད་འཆར་ཟིན་དང་། རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་འཆར་འགོད་རྩ་གནད་ཀྱི་ཇུས་ཆོད་འཆར་ཟིན། 2025ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འཆར་འགོད་ལག་བསྟར་གནས་ཚུལ། 2026ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འཆར་འགོད་ཀྱི་ཇུས་ཆོད་འཆར་ཟིན། 2025ལོའི་ཀྲུང་དབྱང་དང་ས་གནས་ཀྱི་སྔོན་རྩིས་ལག་བསྟར་གནས་ཚུལ་དང་། 2026ལོའི་ཀྲུང་དབྱང་དང་ས་གནས་ཀྱི་སྔོན་རྩིས་ཀྱི་ཇུས་ཆོད་འཆར་ཟིན་ལ་གྲོས་ཞིབ་བྱས་པ་དང་། འཐུས་མི་རྣམས་ཀྱིས་ཁས་ལེན་བྱས།

རྩོམ་སྒྲིག་པ། : ཡེ་ཤེས་སྒྲོལ་མ།