ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་འཆར་གཞི་གསར་པ་བཀོད་དེ།  སེམས་ཤུགས་གཅིག་སྒྲིལ་གྱིས་ལམ་བུ་གསར་བ་གཏོད།

ཡོང་ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ།

​སེམས་ཤུགས་གཅིག་ཏུ་སྒྲིལ་ནས་འཕེལ་རྒྱས་འཆར་གཞི་མཉམ་འགོད་བྱས་ཏེ་དུས་རབས་གསར་བའི་བགྲོད་ལམ་གསར་པར་སྐྱོད་འགོ་བརྩམས། རྒྱལ་ཡོངས་སྲིད་གྲོས་ཨུ་ཡོན་རྣམས་ཀྱིས་བསྟན་དོན། དངོས་སྒྲུབ་ཀྱི་གྲུབ་འབྲས་དངོས་ལ་བརྟེན་ནས“ལོ་ལྔའི་འཆར་འགོད་བཅོ་ལྔ་པ”འགོ་ཡག་པོ་འཛུགས་རྒྱུར་རོགས་རམ་བྱས་ཏེ་ཀྲུང་གོའི་མཚར་སྡུག་གི་ལེའུ་གསར་པ་མུ་མཐུད་དུ་རྩོམ་དགོས། 

ཚོགས་ཆེན་གྱི་གྲོས་རིམ་ཚང་མ་ལེགས་གྲུབ་བྱུང་རྗེས། ལས་རིགས་ཁག34ནས་ཡོང་བའི་རྒྱལ་ཡོངས་སྲིད་གྲོས་ཨུ་ཡོན་ཉིས་སྟོང་ལྷག་སྤོབས་པ་ཆེན་པོས་མི་དམངས་ཚོགས་ཁང་ཆེན་མོ་ནས་ཕྱི་རུ་བུད།  

རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་ལིན་དབྱི་ཧྥུའུ་ཡིས་བཤད་རྒྱུར།“ལོ་ལྔའི་འཆར་འགོད་བཅུ་བཞི་པའི”སྐབས་སུ། ང་ཚོའི་དཔལ་འབྱོར་བསྡོམས་འབོར་ལོ་ལྔའི་རིང་སྐས་རིམ་ཆེན་པོ་བཞི་ལས་བརྒལ་བ་དང་། ལྷག་པར་དུ་རྒྱལ་སྤྱིའི་དཔལ་འབྱོར་ཧྲིལ་པོ་ཇེ་དལ་དུ་སོང་བའི་གནས་ཚུལ་འོག ང་ཚོས་ལོ་རེར་ཆ་སྙོམས་བརྒྱ་ཆའི་ལྔ་དང་གྲངས་ཆུང་བཞིའི་འཕར་ཚད་ཀྱིས་ལོ་རེར་འཛམ་གླིང་དཔལ་འབྱོར་འཕར་སྣོན་ལ་བྱས་རྗེས་བཞག་ཚད་བརྒྱ་ཆའི་སུམ་ཅུ་ཡས་མས་ཡིན་ལ། དེ་ནི་གྲུབ་འབྲས་ཧ་ཅང་ཆེན་པོ་ཞིག་རེད། ང་ཚོས་རྒྱལ་ནང་གི་དགེ་མཚན་ཡོད་ཚད་འདོན་སྤེལ་གང་ལེགས་བྱེད་ཐུབ་པ་ནི། གཙོ་བོ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྣེ་ཁྲིད་དེ་ཡང་དག་པའི་ཇུས་ཐག་བཅད་དེ། རྒྱལ་ཡོངས་གོང་འོག་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་དང་འགག་སྒྲོལ་དཀའ་སེལ་བྱས་ཏེ། ང་ཚོ་རང་ཉིད་ཀྱི་བྱ་བ་ལེགས་པོར་བསྒྲུབས་པ་དང་། ཕྱི་རོལ་གྱི་གནས་བབ་ཇི་འདྲ་ཡིན་ཀྱང་ང་ཚོ་གོམ་སྟབས་བརྟན་པོས་མདུན་སྐྱོད་བྱེད་དགོས། 

རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་ལིའུ་ཧྲང་ཞིས་བཤད་རྒྱུར། འཛམ་གླིང་གི་ལོ་བརྒྱའི་འགྱུར་ལྡོག་ཁྲོད་ཀྲུང་གོའི་འཕེལ་རྒྱས་ཀྱིས་བརྟན་ལྷིང་རང་བཞིན་དང་གཏན་འཁེལ་རང་བཞིན་འདོན་སྤྲོད་བྱས་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཐོག་མཐའ་བར་གསུམ་དུ་ལོ་རྒྱུས་ཀྱི་ལྟ་བ་ཆེན་མོ་དང་།  འཐབ་ཇུས་ཆེན་པོ། འཕེལ་ཕྱོགས་ཆེན་མོའི་འགྱུར་ལྡོག་ལ་གཞི་བཙུགས་ནས་ཏང་དང་རྒྱལ་ཁབ་ཀྱི་འཕེལ་རྒྱས་ལ་འཆར་འགོད་བསམ་གཞིག་གནང་སྟེ། རྒྱལ་ནང་དང་རྒྱལ་སྤྱིའི་སྤྱི་ཡོངས་གཉིས་ལ་སྤྱི་འདོམས་བྱེད་པའི་འཐབ་ཇུས་ཀྱི་བསམ་གཞིག་ལ་བརྟེན་ནས་ཡང་དག་པའི་འཐབ་ཇུས་བཟོ་བ་དང་།  ཚང་མར་སྣེ་ཁྲིད་དེ་ཉེན་ཁ་དང་འགྲན་སློང་གྲངས་མེད་ལས་རྣམ་པར་རྒྱལ་བ། རྒྱལ་ཁའི་ཕྱོགས་སུ་མུ་མཐུད་དུ་སྐྱོད་པ་དང་། ང་ཚོས“གཏན་ཕབ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་ཟབ་མོ་བླངས་ནས“སྲུང་སྐྱོང་གཉིས”ལེགས་པོར་སྒྲུབ་སྟེ། འགྱུར་ལྡོག་ཁྲོད་དངོས་སྒྲུབ་ཀྱི་འགན་འཁྲི་འཁུར་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས།  

ད་ལོའི་ཚོགས་ཆེན་གཉིས་ཀྱི་སྟེང་། སྔོན་མཐོང་གི་བཀོད་པ་རབ་དང་རིམ་པ་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ཁ་ཕྱོགས་བརྟན་པོ་དང་འགུལ་ནུས་ཆེན་པོ་མངོན་ཡོད། སྤུས་གསར་ཐོན་སྐྱེད་ནུས་ཤུགས་སྐྱེད་སྲིང་དང་སྟོབས་ཆེར་གཏོང་བ་དང་། དམའ་དབྱིངས་དཔལ་འབྱོར་དང་མི་ཐབས་རིག་ནུས་སོགས་མ་འོངས་འགྲན་ལམ་གྱི་སྔོན་འགྲོའི་བཀོད་སྒྲིག་ལས་ཚན་རྩལ་གསར་གཏོད་སྒུལ་ཤུགས་སུ་བྱེད་པ་དང་། དངོས་ཕུང་དཔལ་འབྱོར་རྨང་གཞིར་བྱེད་པ། དམངས་འཚོའི་བདེ་སྐྱིད་རྨང་གཞིར་བྱེད་པ་བཅས་ཡུན་རིང་ལ་དམིགས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་དུ་བརྟན་པོར་སྐྱོད་རྒྱུར་སྒུལ་ཤུགས་ཆེན་པོ་བསྣན།

རྒྱལ་ཡོངས་སྲིད་གྲོས་ཨུ་ཡོན་ཏེང་ཀྲུང་ཧན་གྱིས་བཤད་རྒྱུར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཐོག་མའི་གསར་གཏོད་དང་འགག་རྩར་ཐུག་པའི་ལག་རྩལ་གཙོ་བོ་འགག་སྒྲོལ་བྱེད་ཤུགས་ཆེ་རུ་བཏང་སྟེ། ཚན་རྩལ་གྱི་མཐོ་གནས་ནས་ཐོད་བརྒལ་གསར་བ་བརྩོན་ལེན་བྱ་དགོས་པའི་བླང་བྱ་བཏོན་པ་དང་། དེ་ནི་ང་ཚོའི་ཚན་རྩལ་ལས་སྒྲུབ་པར་འབད་འཐབ་ཁ་ཕྱོགས་གསལ་སྟོན་གནང་བ་རེད། ང་ཚོས་གསར་དར་དང་མ་འོངས་པའི་ཐོན་ལས་འཕེལ་རྒྱས་བརྒྱུད་རིམ་ཁྲོད། རང་བརྟེན་ལག་རྩལ་གྱི་ལམ་ཕྱོགས་འཚོལ་ཞིབ་དང་གསར་གཏོད་ཧུར་ཐག་བྱས་ནས་ཐབས་ལམ་བརྗེ་བ་དང་མདུན་གྲལ་སྙེགས་ཏེ། ཚན་རྩལ་གསར་གཏོད་དེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྒུལ་ཤུགས་གཙོ་བོར་སྒྱུར་དགོས།  

རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་ཝང་ཉིང་ལིས་བཤད་རྒྱུར། “ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”འགོ་རྩོམ་ས་གསར་བར། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བདེ་ཐང་ཀྲུང་གོའི་ཕྱོགས་ཀྱི་གསུང་བཤད་ཀྱི་དགོངས་དོན་ལག་བསྟར་ཏན་ཏིག་བྱས་ནས། དེ་རང་འགན་གཙང་སྒྲུབ་ཀྱི་བྱ་སྤྱོད་དངོས་ལ་སྒྱུར་བ་དང་།  སྨན་པའི་བྱམས་སེམས་དང་ཨུ་ཡོན་གྱི་འགན་སེམས་ཀྱིས་མི་དམངས་ཀྱི་བདེ་ཐང་སྲུང་མཁན་བཟང་བོ་ཞིག་བྱེད་དགོས།  

ད་ལོ་ནི“ལོ་ལྔའི་འཆར་འགོད་བཅོ་ལྔ་པ”འགོ་བརྩམས་པའི་ལོ་ཡིན་ལ། ཕྱོགས་ཡོངས་ནས་བཅོས་བསྒྱུར་ཟབ་སྤེལ་བྱས་པའི་ལོ་གལ་ཆེན་ཞིག་ཀྱང་ཡིན། འཐབ་ལམ་གསར་བའི་སྟེང་། ཨུ་ཡོན་ཚོས་དམིགས་འབེན་ལས་འགན་གཏན་འཁེལ་བྱེད་པ་དང་། ཡིད་ཆེས་ཇེ་བརྟན་དང་བབ་བསྟུན་འཕྲལ་སྒྲུབ་ཀྱིས་མདུན་དུ་བསྐྱོད་པ་དང་། “ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”ངོས་འཛིན་གཅིག་མཐུན་དང་སྟོབས་ཤུགས་ཆེན་པོ་གཅིག་ཏུ་བསྒྲིལ་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་གྱི་རྣམ་པ་གསར་པ་ཧུར་ཐག་སྒོས་བཏོད་དགོས། 

རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་ཀའོ་ཅི་ཞི་ཡིས་བཤད་རྒྱུར། ད་ལོའི་ཚོགས་ཆེན་གཉིས་ཀྱི་སྟེང་། ང་ཚོས་རང་རྒྱལ་གྱི་ཁྲིམས་གཞུང་ལས་མིང་བཏགས་པའི་བཅའ་ཁྲིམས་གཉིས་པ་སྟེ《སྐྱེ་ཁམས་ཁོར་ཡུག་གི་ཁྲིམས་གཞུང》གྲོས་བསྡུར་བྱས་པ་དེས་རང་རྒྱལ་གྱི་སྐྱེ་ཁམས་ཁོར་ཡུག་ཁྲིམས་སྐྱོང་འཛུགས་སྐྲུན་དེ་མ་ལག་གཅིག་སྡུད་དང་མཐུན་སྦྱོར་ནུས་ཆེ་བཅས་ཀྱི་དུས་རིམ་གསར་པར་སླེབས་པ་མཚོན། “ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”སྐབས་སུ། ང་ཚོས་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པའི་མཛུབ་སྟོན་འོག འཕེལ་རྒྱས་ཐབས་ལམ་དེ་ལྗང་མདོག་ཚུལ་སྒྱུར་བྱེད་ཚད་དུ་ཇེ་མགྱོགས་སུ་བཏང་ནས་སྐྱེ་ཁམས་ཐོན་རྫས་ཀྱི་རིན་ཐང་མངོན་འགྱུར་ཐབས་ལམ་ཆེ་རུ་བསྐྱེད་རྒྱུ་ཡིན། 

རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་ཀའོ་ཅིན་ཧྥེང་གིས་བཤད་རྒྱུར། ང་ཚོས་ལས་རིམ་དང་པོ་ནས“ལོ་ལྔའི་འཆར་འགོད་བཅོ་ལྔ་པ”བཀོད་སྒྲིག་དོན་འཁྱོལ་ཡག་པོ་བྱ་རྒྱུ་ཡིན། མི་འབོར་གྱི་འགྱུར་ལྡོག་དང་ཐོན་ཁུངས་འགུལ་རྣམ་བཀོད་སྒྲིག་གི་རྟོག་ཞིབ།  འཛིན་གྲྭ་ཆུང་གྲས་ཅན་གྱི་སློབ་ཁྲིད། གྲོང་ཁྱེར་དང་གྲོང་གསེབ། སློབ་གྲྭ་བཅས་བར་གྱི་མཐུན་སྦྱོར། མཁོ་སྤྲོད་ཀྱི་གནས་འཛོལ་སེལ་རོགས་བྱེད་པ་སོགས་ཀྱི་གནད་དོན་ལ་དམིགས་ཏེ།  འགན་འཁྲི་གཙང་སྒྲུབ་སྒོས་ང་ཚོའི་རྨང་གཞིའི་སློབ་གསོ་འདྲ་མཉམ་དང་སྤུས་ལེགས་ངང་འཕེལ་བར་སྐུལ་འདེད་གཏོང་རྒྱུ་ཡིན། 

རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་ཙེང་ཞའོ་མིན་གྱིས་བཤད་རྒྱུར། ད་ལོ་ནི་ལོ་ལྔའི་འཆར་འགོད་བཅོ་ལྔ་པ་འགོ་བརྩམས་པའི་ལོ་ཡིན། ངས་ཞི་ཅིན་ཕིང་གི་རིག་གནས་དགོངས་པ་ཁྲིད་སྟོན་དུ་འཛིན་རྒྱུའི་རྒྱུན་བསྐྱངས་ནས་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ཀྱི་གསར་གཏོད་རང་བཞིན་གྱི་ཚུལ་སྒྱུར་དང་གསར་གཏོད་རང་བཞིན་གྱི་འཕེལ་རྒྱས། བདེན་སྲུང་གསར་གཏོད། འཚོ་བར་རྐང་ཚུགས་པར་སྐུལ་འདེད་གཏོང་བ་དང་། སེམས་ཤུགས་ཡོད་རྒུ་བཏོན་ནས་བརྩམས་ཆོས་རྩེ་གྲ་སྔར་ལས་མང་པོ་བརྩམས་ནས་ཀྲུང་གོའི་གཏམ་རྒྱུད་ཡག་པོ་བཤད་རྒྱུ་ཡིན། 

རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་ཡུས་ཅིན་གྱིས་བཤད་རྒྱུར། ཕྱིར་ལས་གནས་སྟེང་ལོག་རྗེས། ངས་ཏང་དང་རྒྱལ་ཁབ་ཀྱི་སྲིད་ཇུས་བཟང་པོ་ཡུལ་མི་སྤུན་ཟླ་ཚོར་བརྒྱུད་སྒྲོག་བྱ་རྒྱུ་ཡིན། བརྟག་ཞིབ་གཏིང་ཟབ་དང་འགན་འཁྲི་གཙང་སྒྲུབ་བྱེད་པ་དང་། གྲོང་གསེབ་ཀྱི་ཁྱད་ལྡན་ཐོན་ལས་སྟོབས་ཆེར་གཏོང་བ་དང་། གྲོང་གསེབ་ཀྱི་རིག་གནས་ཡུལ་སྐོར་གཏིང་ཟབ་མཉམ་འདྲེས་འབྱུང་བར་སྐུལ་འདེད་གཏོང་བའི་ཐད་ནས་བསྟུད་མར་ཤུགས་འདོན་རྒྱུ་ཡིན་ཞིང་། ཡུལ་མི་ཚོའི་འཚོ་བ་ཉིན་རེ་ནས་ཉིན་རེ་བཞིན་ཇེ་ལེགས་སུ་འགྲོ་བར་འབད་རྒྱུ་ཡིན། 

རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་ཞུང་ཐན་ཧྥང་གིས་བཤད་རྒྱུར། མི་རིགས་སོ་སོ་མཉམ་དུ་མཐུན་སྒྲིལ་ཡར་ཐོན་དང་མཉམ་དུ་དར་རྒྱས་གོང་འཕེལ་ཡོང་རྒྱུ་ནི་ཀྲུང་ཧྭ་མི་རིགས་ཀྱི་ཚེ་སྲོག་དང་སྟོབས་ཤུགས། རེ་བ་བཅས་ཡིན། ང་ཚོས“གཏན་ཕབ་གཉིས”ལ་མཐའ་གཅིག་ཏུ་གོང་བཀུར་བྱེད་པ་དང་། “སྲུང་སྐྱོང་གཉིས”ལེགས་པར་སྒྲུབ་ནས། དངོས་གཉེར་ནུས་ལྡན་གྱི་རྟོག་ཞིབ་འགན་སྒྲུབ་ལས་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་བཅའ་ཁྲིམས་ཀྱི་བྱེད་ཐབས་ཁག་དོན་ཐོག་ཏུ་འཁྱོལ་བར་བྱེད་དགོས། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་ཇེ་བརྟན་དུ་གཏོང་བ་དང་། ཀྲུང་ཧྭ་མི་རིགས་ཀྱི་མཛེས་སྡུག་ལྡན་པའི་འབྱུང་འགྱུར་མཉམ་དུ་གཏོད་དེ་མི་རིགས་བསྐྱར་དར་གྱི་རླབས་ཆེན་གཟི་དཔལ་མཉམ་དུ་སྤྱོད་དགོས།  

རྩོམ་སྒྲིག་པ། : ཡེ་ཤེས་སྒྲོལ་མ།