2026ལོའི《སྲིད་གཞུང་གི་བྱ་བའི་སྙན་ཞུའི》ལས་ས་ཁོངས་འཕེལ་རྒྱས་ཀྱི་གནད་ཡིག་ལེགས་སྒྲིག་བྱས་པ།
1. 2026ལོར་ས་ཁོངས་འདི་དག་ལ་འཕེལ་རྒྱས་ཆེན་པོ་འབྱུང་རྒྱུ་ཡིན་པས། དེརཁྱེད་རང་གི་ཕ་ཡུལ་ཡོད་དམ།2026ལོའི《སྲིད་གཞུང་གི་བྱ་བའི་སྙན་ཞུ》ཡི་ནང་ས་ཁོངས་མཐུན་སྦྱོར་ངང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་པ་སྟེ། ས་ཁོངས་མཐུན་སྦྱོར་ངང་འཕེལ་རྒྱས་གཏོང་བའི་འཐབ་ཇུས་དང་། ས་ཁོངས་ཀྱི་འཐབ་ཇུས་གལ་ཆེན། བྱེད་པོའི་བྱེད་ནུས་ཁུལ་གྱི་འཐབ་ཇུས་བཅས་ལག་བསྟར་བྱ་དགོས་པ་བཏོན་ཡོད་པས། ཁྱེད་རང་ཚོའིི་ཕ་ཡུལ་ལ་སྲིད་ཇུས་འདིས་རྒྱབ་སྐྱོར་གང་དག་ཐོབ་སྲིད་པ་རེད་ཅེ་ན། འདི་ལྟར་བསྟན་ཡོད་དེ།
1.ནུབ་རྒྱུད་གསར་སྤེལ་ཆེན་པོར་རྣམ་པ་གསར་པ་ཆགས་པ་དང་། བྱང་ཤར་ཕྱོགས་ཡོངས་ནས་དར་རྒྱས་གཏོང་བར་ཐོལ་བརྒལ་གསར་པ་འབྱུང་བ། དབུས་རྒྱུད་ས་ཁུལ་དར་རྒྱས་ཀྱི་གོམ་ཁ་ཇེ་མགྱོགས་སུ་གཏོང་བ། ཤར་རྒྱུད་ས་ཁུལ་དེང་རབས་ཅན་དུ་འགྱུར་བར་མགྱོགས་པོར་སྐུལ་སྤེལ་བཅས་ལ་སྐུལ་འདེད་ཏན་ཏིག་གཏང་དགོས།
3.བཅོས་སྒྱུར་འགག་སྒྲོལ་དང་། སྲིད་ཇུས་ཀྱི་ནུས་འདོན། གཙོ་རྒྱུའི་འགན་སྲུང་བཅས་ལ་ཤུགས་སྣོན་བརྒྱབ་སྟེ་དཔལ་འབྱོར་ཞིང་ཆེན་ཆེ་ཤོས་ཀྱི་འགན་ཆེན་མོ་ཕྲག་ཏུ་འཁུར་བར་རྒྱབ་སྐྱོར་བྱ་དགོས།
4.པེ་ཅིང་དང་། ཐེན་ཅིན། ཧོ་པེ་བཅས་དང་། འབྲི་ཆུའི་ཟུར་གསུམ་རྒྱུད། ཀོང་ཏུང་དང་། ཞང་ཀང་། ཨའོ་མོན་མཚོ་ཁུག་ཆེན་པོའི་ཁུལ་བཅས་སུུ་འཛམ་གླིང་རིམ་པའི་གྲོང་ཁྱེར་ཚོགས་བསྐྲུན་དགོས།
5.ཚད་གཞི་དང་སྤུས་ཚད་མཐོ་བའི་སྒོ་ནས་ཞུང་ཨན་ཁུལ་གསར་འཛུགས་སྐྲུན་ལ་སྐུལ་འདེད་གཏང་དགོས།
6.འབྲི་ཆུའི་དཔལ་འབྱོར་ཁུལ་འཕེལ་རྒྱས་དང་། རྨ་ཆུའི་འབབ་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་བཅས་ལ་རྒྱུན་མཐུད་ངང་སྐུལ་འདེད་གཏང་དགོས།
7.ཁྲེང་ཏུའུ་དང་ཁྲུང་ཆིང་ས་ཁུལ་གྱི་གྲོང་ཁྱེར་གཉིས་ཀྱི་དཔལ་འབྱོར་ཁུལ་འཕེལ་ནུས་རིམ་པ་ཇེ་མཐོར་གཏང་དགོས།
8.འབྲི་ཆུའི་དབུས་རྒྱུད་ཀྱི་གྲོང་ཁྱེར་ཚོགས་སོགས་གོང་སྤེལ་གྱི་མྱུར་ཚད་ཇེ་མགྱོགས་སུ་གཏོང་བར་སྐུལ་འདེད་གཏང་དགོས།
9. གྲོང་ཁྱེར་གཙོ་བོ་ཚོགས་མཐུན་སྦྱོར་མཉམ་འགུལ་ལ་ཤུགས་བསྣན་ཏེ། གཅིག་གྱུར་འཆར་འགོད་དང་། ཐོན་ལས་མཉམ་སྦྱོར། ཁེ་ཕན་མཉམ་སྤྱོད་སོགས་ཀྱི་ལམ་སྲོལ་འཐུས་ཚང་དུ་གཏོང་བ་དང་། རྒྱལ་ཁབ་ཀྱི་ཐོན་ལས་སྤོ་སྒྱུར་འཕེལ་རྒྱས་དང་རིམ་སྤོར་ལས་གཞི་ལག་བསྟར་བྱས་ནས་སྲིད་འཛིན་ཁུལ་ལས་བརྒལ་བའི་མཉམ་ལས་གཏིང་ཟབ་ཏུ་གཏང་དགོས།
10. ཁྱད་པར་ཅན་གྱི་སྲིད་ཇུས་ཀྱིས་རྒྱབ་སྐྱོར་བྱེད་ཤུགས་ཇེ་ཆེར་གཏོང་བ་དང་། མཐའ་མཚམས་དར་རྒྱས་དང་དམངས་ཕྱུག་གི་བྱ་སྤྱོད་ལ་སྐུལ་འདེད་གཏིང་ཟབ་བཏང་སྟེ། གསར་བརྗེའི་གནས་རྙིང་ཁུལ་དང་། མི་རིགས་ས་ཁུལ། མཐའ་མཚམས་ས་ཁུལ། ཐོན་ཁུངས་ཟད་པའི་གྲོང་ཁྱེར་སོགས་དར་རྒྱས་ལ་སྐུལ་འདེད་གཏང་དགོས།
11.མཚོ་ཁུག་གཙོ་བོའི་ཁྱོན་ཡོངས་ཀྱི་འཆར་འགོད་ལ་ཤུགས་བསྣན་ཏེ་རྒྱ་མཚོའི་ཐོན་ལས་སྟོབས་ཆེར་གཏང་དགོས།