
ཟླ3པའི་ཚེས9ཉིན། རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་བཞི་པས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོ་རུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་བསྡུས།
ཚེས9ཉིན་གྱི་སྔ་དྲོར། རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་བཞི་པས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོ་རུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་བསྡུས་ཏེ། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྙན་ཞུ་དང་ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་བྱ་བའི་སྙན་ཞུ། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་བྱ་བའི་སྙན་ཞུ་བཅས་ལ་ཉན་པ་དང་གྲོས་ཞིབ་བྱས་ལ། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བཅའ་ཁྲིམས་དག་ཐེར་བྱས་ཚུལ་དང་འབྲེལ་ཡོད་བཅའ་ཁྲིམས་དང་ཆོད་དོན་ཐག་གཅོད་བྱས་ཚུལ་སྐོར་གྱི་སྙན་ཞུར་གྲོས་ཞིབ་བྱས།
ཞི་ཅིན་ཕིང་། ལི་ཆང་། ཝང་ཧུའུ་ཉིང་། ཚའེ་ཆི། ཏིང་ཞུའེ་ཞང་། ལི་ཞི། ཧན་ཀྲེང་སོགས་གྲོས་ཚོགས་སུ་ཕེབས།
གྲོས་ཚོགས་ལ་ཞུགས་དགོས་པའི་འཐུས་མི2878ཡོད་པ་དང་། འཐུས་མི2760ཞུགས་ཡོད། ཞུགས་མེད་པའི་མི118ཡོད་ལ། ཚོགས་ཞུགས་མི་གྲངས་ཁྲིམས་བཀོད་མི་གྲངས་དང་མཐུན།

ཟླ3པའི་ཚེས9ཉིན། རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་བཞི་པས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོ་རུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་བསྡུས། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་མངགས་བཅོལ་ལྟར། ཨུ་ཡོན་ཀྲང་ཀྲའོ་ལེ་ཅི་ཡིས་ཚོགས་ཆེན་ལ་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྙན་ཞུ་ཕུལ།
རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་མངགས་བཅོལ་ལྟར། ཨུ་ཡོན་ཀྲང་ཀྲའོ་ལེ་ཅི་ཡིས་ཚོགས་ཆེན་ལ་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྙན་ཞུ་ཕུལ། ཀྲའོ་ལེ་ཅི་ཡིས་སྙན་ཞུའི་ནང་བསྟན་དོན། 2025ལོ་ནི་སྤྱིར་བཏང་མིན་པའི་ལོ་ཞིག་ཡིན། ལོ་གཅིག་རིང་། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་འགོ་ཁྲིད་སྟོབས་ལྡན་འོག རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་འཛིན་པ་རྒྱུན་འཁྱོངས་བྱས་ཏེ། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཚང་འཛོམས་གྲོས་ཚོགས་རིམ་བྱུང་གི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱས་ལ། ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་ཚང་དུ་གཏོང་བའི་སྐོར་གྱི་དགོངས་པ་གལ་ཆེན་སློབ་སྦྱོང་དང་ལག་བསྟར་དོན་འཁྱོལ་བྱས་ཤིང་། སྔར་ལས་འཐུས་སྒོ་ཚང་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་མ་ལག་འཛུགས་སྐྲུན་དང་སྔར་ལས་ཆུ་ཚད་མཐོ་བའི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་རྒྱལ་ཁབ་འཛུགས་སྐྲུན་བྱེད་པར་དམིགས་ལ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་ལ་དམ་པོར་དམིགས་ཏེ་ཁྲིམས་ལྟར་འགན་འཁྲི་སྒྲུབ་པ་དང་འགན་འཁྲི་དང་དུ་བླངས་ནས། ཕྱོགས་སོ་སོའི་བྱ་བར་འཕེལ་རྒྱས་དང་ཕན་འབྲས་གསར་པ་ཐོབ། གཅིག་ནས་རྩ་ཁྲིམས་ལག་བསྟར་དང་ལྟ་སྐུལ་ལ་ཤུགས་བསྣན་ནས་རྒྱལ་ཁབ་ཀྱི་ཁྲིམས་སྐྱོང་གཅིག་གྱུར་སྲུང་སྐྱོང་བྱས། རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་བཅའ་ཁྲིམས་ཀྱི་འཆར་ཟིན་ལ་གྲོས་ཞིབ་ཐེངས་གཉིས་བྱས་པ་མ་ཟད་ཐེངས་འདིའི་ཚོགས་ཆེན་ལ་གྲོས་ཞིབ་གནང་རྒྱུར་ཕུལ་ནས། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པར་ཁྲིམས་སྐྱོང་གི་རྨང་གཞི་ཇེ་བརྟན་དུ་བཏང་། ཐའེ་ཝན་ཚུར་ལེན་གྱི་རྗེས་དྲན་ཉིན་མོ་བཙུགས་ཏེ་འགྲམ་གཉིས་ཀྱི་སྤུན་ཟླའི་ཐུན་མོང་གི་མི་རིགས་ལོ་རྒྱུས་ཀྱི་དྲན་པ་ཇེ་དྲག་ཏུ་བཏང་། རྩ་ཁྲིམས་དང་མཐུན་མིན་གྱི་ཞིབ་བཤེར་དང་ཐོ་འགོད་སྙན་སེང་བྱ་བའི་སྤུས་ཚད་མཐོ་རུ་བཏང་ནས། རྩ་ཁྲིམས་ཀྱི་དགོངས་དོན་དང་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་སྙིང་སྟོབས་དར་སྤེལ་གཏོང་དགོས། གཉིས་ནས་ཁྲིམས་འཛུགས་བྱ་བར་ཤུགས་བརྒྱབ་ནས། སྤུས་ཚད་མཐོ་བའི་ཁྲིམས་འཛུགས་ལ་བརྟེན་ནས་བཅོས་སྒྱུར་འཕེལ་རྒྱས་ལ་ཞབས་ཞུ་དང་འགན་སྲུང་བྱེད་དགོས། ཁྲིམས་འཛུགས་དང་བཅོས་བསྒྱུར། མེད་པར་བཟོ་བ། འགྲེལ་བཤད་བཅས་གཅིག་གྱུར་འཆར་འགོད་བྱས་ཏེ། ལོ་གཅིག་ནང་བཅའ་ཁྲིམས་དང་བཅའ་ཁྲིམས་འགྲེལ་བཤད། ཆོད་དོན་འཆར་ཟིན40ལ་གྲོས་ཞིབ་བྱས་ལ། དེའི་ནང་ཁག24ལ་གྲོས་འཆམ་བྱུང་བ་དང་། དེར་བཅའ་ཁྲིམས6གཏན་ཁེལ་དང་བཅའ་ཁྲིམས14བཟོ་བཅོས་སོགས་ཚུད་ཡོད། གསུམ་ནས་དམངས་ཆེན་ལྟ་སྐུལ་གྱི་ཏང་དང་རྒྱལ་ཁབ་ཀྱི་ལྟ་སྐུལ་མ་ལག་ཁྲོད་ཀྱི་ནུས་པ་གལ་ཆེན་འདོན་སྤེལ་གང་ལེགས་བྱས། ཁྱོན་བསྡོམས་ལྟ་སྐུལ་བྱ་བའི་སྙན་ཞུ22ལ་ཉན་ནས་གྲོས་ཞིབ་བྱས་པ་དང་། བཅའ་ཁྲིམས་ལག་བསྟར་བྱས་ཚུལ་ལྔ་ལ་ཞིབ་བཤེར་བྱས་་ཤིང་། ཆེད་དོན་འདྲི་རྩད་ཁག་2དང་ཆེད་དོན་བརྟག་དཔྱད་ཞིབ་འཇུག11རྩ་འཛུགས་བྱས་པ་དང་གྲོས་ཐག1བཅད། བཞི་ནས་འཐུས་མིའི་བྱ་བ་ཟབ་སྤེལ་དང་རྒྱ་ཆེར་བཏང་ནས། དམངས་ཆེན་འཐུས་མིའི་ནུས་པ་འདོན་སྤེལ་གང་ལེགས་བྱས། གསར་དུ་བཟོ་བཅོས་བརྒྱབ་པའི་འཐུས་མིའི་བཅའ་ཁྲིམས་ཕྱོགས་ཡོངས་ནས་ལག་ལེན་མཐར་ཕྱིན་བྱས་ཏེ། འཐུས་མིའི་བྱ་བ་སྒྲུབ་ནུས་ཆེ་རུ་གཏོང་བར་མུ་མཐུད་དུ་ཤུགས་བསྣན་ལ། འཐུས་མིས་བྱ་བ་སོ་སོ་ཡག་པོ་བསྒྲུབ་པར་དམིགས་པ་དང་། འཐུས་མིས་ཁྲིམས་ལྟར་འགན་འཁྲི་སྒྲུབ་པར་རྒྱབ་སྐྱོར་དང་འགན་སྲུང་བྱས། ལྔ་ནས་དམངས་ཆེན་གྱི་ཕྱི་ཕྱོགས་འགྲོ་འོང་གི་ཁྱད་ཆོས་དང་ལེགས་ཆ་འདོན་སྤེལ་བྱས་ནས། རྒྱལ་ཁབ་ཀྱི་ཕྱི་འབྲེལ་སྤྱི་ཡོངས་ལ་རང་འགུལ་ངང་ཞབས་འདེགས་ཞུས། དྲུག་ནས་རང་ངོས་འཛུགས་སྐྱོང་ལ་ཕྱོགས་ཡོངས་ནས་ཤུགས་བསྣན་ནས། ཁྲིམས་ལྟར་འགན་འཁྲི་སྒྲུབ་པའི་ནུས་པ་དང་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་བཏང་།
ལྷག་བསམ་ཟོལ་མེད་ངང་འགན་འཁྲི་བསྒྲུབས་ཏེ། ལས་དོན་ཏན་ཏིག་བསྒྲུབས་ནས་སྤྱི་ཡོངས་ལ་ཞབས་འདེགས་ཞུ་བ་དང་དམངས་ཀྱི་ཆེད་དུ་ཁྲིམས་འཛིན་བྱེད་པ། བདེན་སྲུང་གསར་གཏོད་དང་། ཁྲིམས་འཛིན་དྲང་གཞག་གི་སྒྲིག་སྲོལ་དང་ལམ་སྲོལ་འཐུས་ཚང་དུ་གཏོང་དགོས། དོ་དམ་ནན་པོ་དང་གཅེས་སྐྱོང་ནན་མོ་བྱས་ནས་ལས་འགན་ལྕི་མོ་འཁུར་ཐུབ་པའི་དུས་རབས་གསར་པའི་ཁྲིམས་ཁང་གི་དཔུང་ཁག་རྩེ་གྲ་འཛུགས་སྐྲུན་བྱས་ཏེ། སེམས་ཤུགས་གཅིག་སྒྲིལ་དང་དངོས་སྒྲུབ་འགན་སྒྲུབ་བྱས་ནས། ཆུ་ཚད་སྔར་ལས་མཐོ་བའི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་རྒྱལ་ཁབ་འཛུགས་སྐྲུན་བྱ་ཆེད་སྔར་ལས་ལྷག་པས་བྱས་རྗེས་གསར་པ་འཇོག་དགོས།

ཟླ3པའི་ཚེས9ཉིན། རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་བཞི་པས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོ་རུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་བསྡུས། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་དཔོན་དབྱིན་ཡུང་གིས་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་བྱ་བའི་སྙན་ཞུའི་ཕུལ།
ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་དཔོན་དབྱིན་ཡུང་གིས་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་བྱ་བའི་སྙན་ཞུའི་ནང་བསྟན་དོན། 2025ལོར། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་འགོ་ཁྲིད་བརྟན་པོའི་འོག་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གིས་ཁྱོན་ཡོངས་ནས་བཅོས་བསྒྱུར་ཟབ་སྤེལ་དང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་འཕེལ་རིམ་ལ་སྐུལ་འདེད་གཏོང་བའི་ནང་འབད་པས་ཞུགས་ཏེ། ཁྱོན་ཡོངས་ལ་ཞབས་འདེགས་ཞུ་བ་དང་དམངས་ཀྱི་ཆེད་དུ་ཁྲིམས་འཛིན་བྱེད་པ། ཁྲིམས་སྐྱོང་གི་འགན་འཁྲི་འཁུར་བ་བཅས་རྒྱུན་འཁྱོངས་བྱས་ནས། ཞིབ་དཔྱོད་ལྟ་སྐུལ་བྱེད་ཤུགས་ཆེ་རུ་བཏང་སྟེ། གྱོད་གཞི་རེ་རེ་སྤུས་ཚད་མཐོ་བའི་སྒོ་ནས་ཡག་པོར་བསྒྲུབས། ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པའི་ཞིབ་དཔྱོད་ལག་ལེན་ལ་མུ་མཐུད་དུ་སྐུལ་འདེད་བཏང་བས་ཞིབ་དཔྱོད་བྱ་བ་སོ་སོར་གྲུབ་འབྲས་གསར་པ་བླངས། རྒྱལ་ཡོངས་ཀྱི་ཞིབ་དཔྱོད་ལས་ཁུངས་ཀྱིས་བསྡོམས་པས་རིགས་སོ་སོའི་གྱོད་གཞི་ས་ཡ་གསུམ་དང་འབུམ་བཞི་ཁྲི་དྲུག་དང་སྟོང་བདུན་བསྒྲུབས་པ་དང་དེའི་ནང་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གིས8151བསྒྲུབས།
དབྱིན་ཡུང་གིས2025ལོའི་བྱ་བར་ཕྱིར་དྲན་བྱས། སྤྱི་ཡོངས་རྒྱལ་ཁབ་བདེ་འཇགས་ལྟ་བ་ལག་བསྟར་བྱས་ནས། ཆུ་ཚད་སྔར་ལས་མཐོ་བའི་དུས་བདེའི་ཀྲུང་གོ་འཛུགས་སྐྲུན་ལ་སྐུལ་འདེད་བཏང་། འཐུས་སྒོ་ཚང་ལ་གནད་ལ་འཁེལ་བའི་སྒོ་ནས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཁྱོན་ཡོངས་ནས་ལག་བསྟར་བྱས་ཏེ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཞབས་འདེགས་ཞུས། དམངས་འཚོ་གཙོ་བོར་འཛིན་རྒྱུ་རྒྱུན་འཁྱོངས་བྱས་ནས་ཁྲིམས་ལྟར་མི་དམངས་ཀྱི་ཁེ་དབང་ལ་སྲུང་སྐྱོབ་བྱས། ཞིབ་དཔྱོད་ལྟ་སྐུལ་ལ་ཤུགས་བསྣན་ནས། དྲང་གཞག་དྲང་བདེན་ལ་སྐུལ་འདེད་བཏང་། ལྟ་སྐུལ་དང་ལེན་གྱི་འདུ་ཤེས་ཇེ་ཟབ་ཏུ་བཏང་ནས། ཞིབ་དཔྱོད་དབང་ཆ་ཐོག་མཐའ་བར་གསུམ་དུ་ཁྲིམས་སྐྱོང་གི་ལམ་བུའི་ཐོག་འཁོར་སྐྱོད་ཐུབ་པར་འགན་སྲུང་བྱས། ཏང་གི་ཆབ་སྲིད་འཛུགས་སྐྲུན་སྤྱི་འདོམས་སུ་བཟུང་ནས་ཉམས་སད་ཐེག་ཐུབ་པའི་ཞིབ་དཔྱོད་དཔུང་སྡེ་འཛུགས་སྐྲུན་ལ་ཏན་ཏིག་སྒོས་ཤུགས་བསྣན།
དབྱིན་ཡུང་གིས་སྙན་ཞུའི་ནང་བསྟན་དོན། 2026ལོར། རྒྱལ་ཡོངས་ཞིབ་དཔྱོད་ལས་ཁུངས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་འཛིན་རྒྱུ་རྒྱུན་འཁྱོངས་དང་། ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ། ཁྲིམས་སྐྱོང་དེ་བཅོས་བསྒྱུར་དང་། འཕེལ་རྒྱས། བརྟན་ལྷིང་བཅས་དང་ཕན་ཚུན་སྔར་བས་མཐུན་སྦྱོར་ཡོང་བར་དོ་སྣང་བྱ་དགོས་ལ། སྤྱི་ཚོགས་འདྲ་མཉམ་དྲང་གཞག་ཡོང་བར་སྔར་བས་འགན་སྲུང་དང་སྐུལ་འདེད་བཏང་སྟེ། རྒྱལ་ཁབ་ཀྱི་བཅའ་ཁྲིམས་ལྟ་སྐུལ་ལས་ཁུངས་ཀྱི་འགན་འཁྲི་ལེགས་པར་བསྒྲུབ་དགོས། ཏང་གིས་ཞིབ་དཔྱོད་ལས་དོན་ལ་མཐའ་གཅིག་ཏུ་འགོ་ཁྲིད་བྱེད་པ་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་བྱས་ནས། སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་ཆུ་ཚད་མཐོ་བའི་བདེ་འཇགས་ལ་སྔར་ལས་ཞབས་འདེགས་ཞུ་བ་དང་། དམངས་ཀྱི་དོན་དུ་ཞིབ་དཔྱོད་ཏན་ཏིག་བྱེད་པ་དང་། ཞིབ་དཔྱོད་ལྟ་སྐུལ་བྱེད་ཤུགས་ཆེ་རུ་གཏོང་བ། སྤྱི་ཕན་གཏུག་བཤེར་ལ་ཤུགས་བསྣན་ནས། ཞིབ་དཔྱོད་དཔུང་སྡེ་འཛུགས་སྐྲུན་བྱེད་ཤུགས་མུ་མཐུད་དུ་ཆེ་རུ་གཏོང་དགོས།
གྲོས་ཚོགས་སྟེང་ད་དུང་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་བཅའ་ཁྲིམས་གཙང་བཤེར་ལས་དོན་བསྒྲུབས་པའི་གནས་ཚུལ་དང་འབྲེལ་ཡོད་བཅའ་ཁྲིམས་དང་གཏན་འབེབས་ཐག་གཅོད་བསམ་འཆར་སྐོར་གྱི་སྙན་ཞུར་གྲོས་ཞིབ་བྱས།

3པའི་ཚེས9ཉིན། རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་བཞི་པས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོ་རུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་བསྡུས། ལི་ཧུང་ཀྲུང་གིས་གྲོས་ཚོགས་ལ་འགོ་འཛིན་བྱས།
གྲོས་ཚོགས་ལ་ཚོགས་ཆེན་ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི། ལག་བསྟར་ཀྲུའུ་ཞི་ལི་ཧུང་ཀྲུང་གིས་འགོ་འཛིན་མཛད།
ཚོགས་ཆེན་གྱི་ལག་བསྟར་ཀྲུའུ་ཞི་ཡུས་ཝེ་གོ་དང་། ཝང་ཉིང་། ཝང་ཝེ་ཀྲུང་། ཝང་ཀྲུང་ལིན། ཝང་ཞའོ་ཧུའེ། ཝང་ཧའོ། པ་དབྱིན་ཁྲའོ་ལུའུ། ཧྥེང་ཧྥེ། ལིའུ་དབྱི་ལིའང་། ཏུའུ་ཅ་ཧའོ། ལི་ཞིའུ་ལིང་། དབྱང་ཞའོ་ཁྲའོ། ཝུའུ་ཞའོ་ཅུན། ཀྲང་ཧྲེང་རྨིན། ཁྲེན་ཞའོ་ཅང་། ལིན་ཝུའུ། ཀྲོའུ་ཙུའུ་དབྱི། ཀྲའོ་དབྱི་ཏེ། ཉི་ཡུའེ་ཧྥེང་། ཧོང་ལི་ཞིན། ཧོང་ཆང་། ཧོང་ཁྲུའུ་ཕིང་། ལུའོ་ཧྲུའུ་ཀང་བཅས་ཀྲུའུ་ཞི་སྟེགས་བུའི་ལག་བསྟར་ཀྲུའུ་ཞིའི་འདུག་སྟེགས་སུ་བསྡད།