མཚོ་སྔོན་འཐུས་ཚབ་ཚོགས་པས་ཚང་འཛོམས་གྲོས་ཚོགས་བསྡུས།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

ཟླ3པའི་ཚེས9ཉིན་གྱི་ཕྱི་དྲོར། རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་བཞི་པར་ཞུགས་པའི་མཚོ་སྔོན་འཐུས་ཚབ་ཚོགས་པས་ཚང་འཛོམས་གྲོས་ཚོགས་བསྡུས་ནས། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྙན་ཞུ་དང་།     རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བཅའ་ཁྲིམས་གཙང་བཤེར་བྱ་བའི་གནས་ཚུལ་དང་། འབྲེལ་ཡོད་བཅའ་ཁྲིམས་དང་ཆོད་དོན་ཐག་གཅོད་བསམ་འཆར་སྐོར་གྱི་སྙན་ཞུར་གྲོས་ཞིབ་བྱས། ཝུའུ་ཞའོ་ཅུན་དང་ལུའོ་ཏུང་ཁྲོན། ལིའུ་ཆི་ཧྥན། ཀྲང་ཅིན་ཀང་བཅས་ཀྱིས་གཏམ་བཤད་པ་དང་། ཝང་ལི་མིང་གིས་འགོ་འཛིན་བྱས། རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཏི་ཆིང་ཡུན་གྱིས་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚབ་བྱས་ཏེ་འཐུས་མིའི་བསམ་འཆར་དང་གྲོས་གཞིར་ཉན་པ་དང་།  རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་འབྲེལ་ཡོད་བློ་མཐུན་གྱིས་བསམ་འཆར་ལ་ཉན་ཏེ་དྲི་བར་ལན་བཏབ།

འཐུས་མི་ཝུའུ་ཞའོ་ཅུན་གྱིས་བཤད་རྒྱུར། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྙན་ཞུ་ཧྲིལ་བོ་ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མི་དམངས་འཐུས་མི་ཚོགས་ཆེན་གྱི་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་ཚང་དུ་གཏོང་བའི་སྐོར་གྱི་དགོངས་པ་གལ་ཆེན་ལ་འབྲེལ་ཡོད་པ་དང་། དེའི་ཐོག་ནས་ཆབ་སྲིད་ཀྱི་རང་རྟོགས་མཐོན་པོ་དང་ཁྲིམས་སྐྱོང་གི་སྙིང་སྟོབས་དྲག་པོ། དམངས་དོན་གྱི་བརྩེ་སེམས་ཟབ་མོ་བཅས་མངོན་ཡོད་པས་མཛུབ་ཁྲིད་རང་བཞིན་དང་། དམིགས་སའི་རང་བཞིན། བཀོལ་སྤྱོད་རང་བཞིན་བཅས་ཧ་ཅང་ཆེ་བའི་སྙན་ཞུ་ཡག་པོ་ཞིག་རེད། བཅའ་ཁྲིམས་གཙང་བཤེར་བྱ་བའི་གནས་ཚུལ་དང་འབྲེལ་ཡོད་བཅའ་ཁྲིམས་དང་གཏན་འབེབས་ཐག་གཅོད་བསམ་འཆར་སྐོར་གྱི་སྙན་ཞུའི་ནང་ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་ཁྱོན་ཡོངས་ནས་ལག་ལེན་མཐར་ཕྱིན་བྱས་ཡོད་པས། 《ཁྲིམས་འཛུགས་བཅའ་ཁྲིམས》ཀྱི་བླང་བྱ་དང་མཐུན་པ་དང་སྙན་ཞུ་གཉིས་ལ་ཡོངས་སུ་འཐད་པ་ཡིན།  འདས་ཟིན་པའི་ལོ་གཅིག་གི་ནང་། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྱོང་གི་ཁྱོན་ཡོངས་ལ་དམ་པོར་དམིགས་ནས།     ཁྲིམས་ལྟར་འགན་འཁྲི་གཙང་སྒྲུབ་དང་འགན་འཁྲི་ཧུར་ཐག་གིས་འཁུར་བ། ཆབ་སྲིད་ཀྱི་ལངས་ཕྱོགས་བརྟན་ཞིང་ནུས་ལྡན་ཡིན་པ། རྩ་ཁྲིམས་ཀྱི་དབང་གྲགས་གང་ལེགས་སྒོས་མངོན་པ། ཁྲིམས་འཛུགས་ཀྱི་སྤུས་ཚད་དང་ཕན་འབྲས་རྒྱུན་ཆད་མེད་པར་མཐོ་རུ་ཕྱིན་པ།     ལྟ་སྐུལ་ཕན་འབྲས་རྒྱུན་མཐུད་སྒོས་ཆེ་རུ་ཕྱིན་པ། འཐུས་མིའི་ནུས་པ་འདོན་སྤེལ་ནུས་ལྡན་བྱས་པ་དང་།  རང་ངོས་འཛུགས་སྐྱོང་ལ་ཕྱོགས་ཡོངས་ནས་ཤུགས་བསྣན་ཡོད། གོ་རིམ་རྗེས་མར་བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོ་ལག་ལེན་བསྟར་བ་དང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་ཆེད་མཚོ་སྔོན་དམངས་ཆེན་གྱི་སྟོབས་ཤུགས་སྔར་ལས་མང་པོ་འབུལ་རྒྱུ་ཡིན། 

འཐུས་མི་ལུའོ་ཏུང་ཁྲོན་གྱིས་བཤད་རྒྱུར། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྙན་ཞུ་ནི་ཏང་གི་འགོ་ཁྲིད་དང་མི་དམངས་རང་ཁྱིམ་རང་བདག ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་བཅས་གཅིག་གྱུར་དམ་ཟབ་རྒྱུན་འཁྱོངས་དང་། བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོ་ལག་ལེན་བསྟར་བའི་སྙན་ཞུ་བཟང་པོ་ཞིག་ཡིན་ཞིང་།     བཅའ་ཁྲིམས་གཙང་བཤེར་བྱ་བའི་གནས་ཚུལ་དང་འབྲེལ་ཡོད་བཅའ་ཁྲིམས་དང་ཐག་གཅོད་བསམ་འཆར་གཏན་འབེབས་སྐོར་གྱི་སྙན་ཞུའི་ནང་ཁྲིམས་འཛུགས་བྱ་བ་དང་བབ་བསྟུན་མདུན་སྐྱོད། དངོས་ཐོག་བདེན་འཚོལ་གྱི་སྙིང་སྟོབས་མཚོན་ཡོད་པས་ཡོངས་སུ་འཐད་པ་ཡིན། འདས་ཟིན་པའི་ལོ་གཅིག་གི་ནང་། རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པ་དང་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་འགོ་ཁྲིད་སྟོབས་ལྡན་འོག ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་ཚང་དུ་གཏོང་བའི་སྐོར་གྱི་དགོངས་པ་གལ་ཆེན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་པ་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་ལ་དམིགས་ནས་ཁྲིམས་ལྟར་འགན་འཁྲི་སྒྲུབ་པ་དང་འགན་འཁྲི་གཙང་སྒྲུབ་བྱས་ཏེ་གྲུབ་འབྲས་མངོན་གསལ་བླངས་ཡོད། ང་ཚོས་ཚོགས་ཆེན་གྱི་བླང་བྱ་དོན་འཁྱོལ་ནན་མོ་བྱེད་པ་དང་།     རང་འགུལ་ངང་དམངས་ཆེན་གྱི་ལྟ་སྐུལ་དང་ལེན་བྱེད་པ། དམངས་ཆེན་འཐུས་མིའི་གྲོས་གཞི་སྤུས་ཚད་མཐོ་བའི་སྒོ་ནས་སྒྲུབ་པ། ཁྲིམས་སྐྱོང་སྲིད་གཞུང་འཛུགས་སྐྱོང་ལ་ཤུགས་སྣོན་པ།  མཚོ་སྔོན་གྱི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་བྱ་བ་སྣ་ཚོགས་ཏན་ཏིག་གིས་བཟང་བོར་སྒྲུབ་དགོས།

འཐུས་མི་ལིའུ་ཆི་ཧྥན་གྱིས་བཤད་རྒྱུར། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྙན་ཞུ་ནི་བསམ་བློའི་དར་ཆ་མཐོན་པོར་སྒྲེང་བ་དང་འགན་འཁྲི་ཆེན་པོ་འཁུར་བ།  ཁྲིམས་སྐྱོང་གི་སྟོབས་ཤུགས་གོང་བུར་འགྲིལ་བ། དམངས་དོན་གྱི་བརྩེ་སེམས་ཟབ་མོ་འཆང་བ།  ལམ་ལུགས་ཀྱི་ཁྱད་སྟོབས་མངོན་པའི་སྙན་ཞུ་ཞིག་རེད། བཅའ་ཁྲིམས་གཙང་བཤེར་བྱ་བའི་གནས་ཚུལ་དང་འབྲེལ་ཡོད་བཅའ་ཁྲིམས་དང་གཏན་འབེབས་ཐག་གཅོད་བསམ་འཆར་སྐོར་གྱི་སྙན་ཞུ་ནི་ཁྲིམས་སྐྱོང་བསམ་གཞིགས་བཀོལ་སྤྱོད་བྱས་ཏེ་བཅོས་སྒྱུར་འཕེལ་རྒྱས་ཀྱི་ཁྱོན་ཡོངས་ལ་ཞབས་འདེགས་ཞུ་བ་དང་། རྒྱབ་ཁབ་བཅོས་སྐྱོང་གི་ནུས་ཕྱོད་མཐོ་རུ་གཏོང་བའི་གསོན་ཉམས་ལྡན་པའི་ལག་ལེན་ཞིག་རེད།     སྙན་ཞུ་གཉིས་ལ་ང་ཡོངས་སུ་འཐད་པ་ཡིན།

འཐུས་མི་ཝང་ལི་མིང་གིས་བཤད་རྒྱུར། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྙན་ཞུས་བྱ་བ་སྤྱི་བསྡོམས་བྱས་པ་དོན་དངོས་དང་མཐུན་པ་དང་། ལས་འགན་བཀོད་སྒྲིག་བྱས་པ་ལག་བསྟར་བྱེད་རིན་ལྡན་ལ། ལྷག་པར་དུ་ཏང་གི་འགོ་ཁྲིད་རྒྱུན་འཁྱོངས་དང་། རྩ་ཁྲིམས་དང་ཁྲིམས་ལྟར་འགན་འཁྲི་སྒྲུབ་པ། གཙོ་གནད་ཁྱབ་ཁོངས་ལ་ཁྲིམས་འཛུགས་ལྟ་སྐུལ་བྱེད་པ། བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོ་ལག་ལེན་བྱེད་པ།     “ལས་ཁུངས་བཞི”འཛུགས་སྐྱོང་ལ་ཤུགས་སྣོན་པ་སོགས་ཀྱི་ཐད་གྲུབ་འབྲས་གཡུར་དུ་ཟ་བ་བླངས་པ་དང་། ལམ་ལུགས་ཀྱི་ཁྱད་སྟོབས་མངོན་པར་བྱས་པས། འབད་འཐབ་ཀྱི་སྟོབས་ཤུགས་གཅིག་ཏུ་སྒྲིལ་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྱོང་ལ་འགན་ལེན་ནུས་ལྡན་འདོན་སྤྲོད་བྱས་ཡོད།

འཐུས་མི་ཀྲང་ཅིན་ཀང་གིས་བཤད་རྒྱུར། ཨུ་ཡོན་ཀྲང་ཀྲའོ་ལེ་ཅི་ཡིས་གནང་བའི་བྱ་བའི་སྙན་ཞུའི་བརྗོད་བྱ་གསལ་བ་དང་ནང་དོན་ཞིབ་ཅིང་ཕྲ་ལ།  དམིགས་འབེན་གསལ། དེས་ཏང་གི་ཁྱོན་ཡོངས་ཀྱི་འགོ་ཁྲིད་རྒྱུན་འཁྱོངས་བྱེད་པའི་ཆབ་སྲིད་ཀྱི་རང་རྟོགས་གང་ལེགས་ཀྱིས་མངོན་པ་དང་། རང་རྟོགས་ཀྱིས་ལྟེ་བའི་ཁྱོན་ཡོངས་ལ་ཞབས་འདེགས་ཞུ་བའི་འགན་འཁྲི་མཚོན་ལ། བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོ་འཕེལ་རྒྱས་གཏོང་བའི་རིན་ཐང་དང་འཚོལ་སྙེག་ཁྲོད་ཁྱབ་པར་བྱས་ཡོད་པ་དང་། ཆབ་སྲིད་གླེང་བ་དང་ཁྲིམས་སྐྱོང་ལ་དོ་སྣང་བྱེད་པ།     དངོས་ཕན་དོན་གཉེར་བཅས་བྱེད་པའི་སྙན་ཞུ་ཡག་པོ་ཞིག་ཡིན་པས་ཡོངས་སུ་འཐད་པ་ཡིན།

ཏི་ཆིང་ཡུན་དང་ཞུས་ཆིང་མིན། ཀུའོ་ཅིན་ཕིང་། མཱ་ཧྲི་ཀུང་།  མཱ་ཧྥུའུ་ཁྲང་། ཝང་གོ་ཏུང་སོགས་འཐུས་མིས་གཏམ་བཤད།

རྩོམ་སྒྲིག་པ། : ཨ་གཡང་སྐྱིད།