ཆུ་ཚད་མཐོ་བའི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲོམ་རའི་དཔལ་འབྱོར་ལམ་ལུགས་དམིགས་སུ་བཟུང་སྟེ།
རྒྱལ་ཁབ་ལ་དབང་བའི་རྒྱུ་ནོར་བཅའ་ཁྲིམས་གཏན་ལ་ཕབ།
ཁེ་ལས་ཀྱི་མ་རྩ་སྟོངས་པའི་བཅའ་ཁྲིམས་དང་། ཁེ་ལས་ཀྱི་རྒྱལ་ཁབ་ལ་དབང་བའི་རྒྱུ་ནོར་བཅའ་ཁྲིམས། འོས་སྐུལ་འོས་འགུགས་བཅའ་ཁྲིམས།རིན་གོང་བཅའ་ཁྲིམས། གྲོང་ཁྱེར་གྱི་ས་ཁང་བདག་ཁོངས་དོ་དམ་བཅའ་ཁྲིམས། ཁྲལ་བསྡུ་དོ་དམ་བཅའ་ཁྲིམས། རྩིས་པའི་ཐོ་འགོད་བཅའ་ཁྲིམས། སྲིད་གཞུང་གི་ཉོ་སྒྲུབ་བཅའ་ཁྲིམས། ཚོང་རྟགས་བཅའ་ཁྲིམས་བཅས་ལ་བཟོ་བཅོས་བརྒྱབ།
དངུལ་རྩའི་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་གྱི་གོམ་ཁ་ཇེ་མགྱོགས་སུ་གཏང་བར་དམིགས་ཏེ།
དངུལ་རྩའི་བཅའ་ཁྲིམས།དངུལ་རྩ་བརྟན་བརླིང་བཅའ་ཁྲིམས་གཉིས་གཏན་ལ་ཕབ།
ཀྲུང་གོ་མི་དམངས་དངུལ་ཁང་གི་བཅའ་ཁྲིམས། དངུལ་ཁང་ལས་རིགས་ཀྱི་ལྟ་སྐུལ་དོ་དམ་བཅའ་ཁྲིམས་གཉིས་ལ་བཟོ་བཅོས་བརྒྱབ།
ཞིང་ལས་ཀྱི་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྱོང་ལ་སྐུལ་འདེད་གཏང་བར་དམིགས་ཏེ།
རྨོ་ཞིང་སྲུང་སྐྱོབ་དང་སྤུས་ཚད་མཐོར་འདེགས་བཅའ་ཁྲིམས་གཏན་ལ་ཕབ།
ཞིང་ལས་བཅའ་ཁྲིམས་ལ་བཟོ་བཅོས་བརྒྱབ།དམངས་ཚིས་འགན་སྲུང་ལ་ཤུགས་སྣོན་པར་དམིགས་ཏེ།
སྨན་བཅོས་འགན་སྲུང་བཅའ་ཁྲིམས། སྤྱི་ཚོགས་རོགས་སྐྱོབ་བཅའ་ཁྲིམས། རྒྱལ་ཁབ་མེ་ཟོན་མེ་འགོག་རོགས་སྐྱོབ་མི་སྣའི་བཅའ་ཁྲིམས། ཐོན་ལས་བཟོ་བའི་དཔུང་སྡེ་འཛུགས་སྐྱོང་བཅའ་ཁྲིམས། བུ་བཅོལ་གཉོར་སྐྱོང་ཞབས་ཞུ་བཅའ་ཁྲིམས། ཕྱིར་སྡོད་ཀྲུང་གོ་བའི་ཁེ་དབང་སྲུང་སྐྱོབ་བཅའ་ཁྲིམས་བཅས་གཏན་ལ་ཕབ།
དགེ་རྒན་བཅའ་ཁྲིམས། འགྲོ་ལམ་འགྲིམ་འགྲུལ་བདེ་འཇགས་བཅའ་ཁྲིམས་བཅས་ལ་བཟོ་བཅོས་བརྒྱབ།
འདྲ་མཉམ་དྲང་བདེན་གྱི་ཁྲིམས་འཛིན་བཅའ་ཁྲིམས་ལ་སྐུལ་འདེད་གཏང་བར་དམིགས་ཏེ།
ཞིབ་དཔྱོད་སྤྱི་ཕན་གྱི་ཞུ་གཏུག་བཅའ་ཁྲིམས་གཏན་ལ་ཕབ།
ཉེས་དོན་ཞུ་གཏུག་བཅའ་ཁྲིམས་དང་། བཙོན་ཁང་གི་བཅའ་ཁྲིམས།མཚོ་དོན་ཞུ་གཏུག་དམིགས་བསལ་སྒྲིག་རིམ་བཅའ་ཁྲིམས་བཅས་ལ་བཟོ་བཅོས་བརྒྱབ།
རུལ་སུངས་ལ་རྒོལ་བའི་རྒྱལ་ཁབ་ཀྱི་ཁྲིམས་འཛུགས་ལ་སྐུལ་འདེད་གཏང་བའི་དམིགས་ཏེ།
ས་ཁོངས་བརྒལ་བའི་རུལ་རྒོལ་བཅའ་ཁྲིམས་གཏན་ལ་ཕབ།
སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལ་དམིགས་ཏེ།
གོ་ལའི་ལྷོ་སྣེའི་བྱེད་སྒོ་དང་དེའི་ཁོར་ཡུག་སྲུང་སྐྱོབ་བཅའ་ཁྲིམས་གཏན་ལ་ཕབ།
ཆུའི་བཅའ་ཁྲིམས། སླར་སྐྱེ་རུང་བའི་ནུས་ཁུངས་བཅའ་ཁྲིམས་བཅས་ལ་བཟོ་བཅོས་བརྒྱབ།
མིས་བཟོས་རིག་ནུས་ལ་སོགས་ཁྱབ་ཁོངས་ཀྱི་ཁྲིམས་འཛུགས་ཞིབ་འཇུག་ལ་ཤུགས་བསྣན་དང་། བཅོས་སྒྱུར་གྱི་བྱེད་ཐབས་གལ་ཆེན་ལག་ལེན་མཐར་ཕྱིན་བྱས་ཏེ། ཁྲིམས་བཞིན་དུ་ལམ་སེང་དབང་སྤྲོད་ཐག་གཅོད་དམ་བཅོས་སྒྱུར་ཐག་གཅོད་བྱེད་དགོས།