ཟླ3པའི་ཚེས8ཉིན། རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་བཞི་པར་ཞུགས་པའི་མཚོ་སྔོན་འཐུས་ཚབ་ཚོགས་པས་ཚང་འཛོམས་གྲོས་ཚོགས་བསྡུས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྲིད་གྲོས་གྲོས་ཚོགས་ལ་ཞུགས་པའི་ཞིང་བཟོ་ཏང་དང་དགུ་གསུམ་སློབ་ཚོགས། སྨན་བཅོས་འཕྲོད་བསྟེན་ལས་རིགས། སྤྱི་ཚོགས་ཕན་བདེ་དང་སྤྱི་ཚོགས་འགན་སྲུང་ལས་རིགས་བཅས་ཀྱི་ཨུ་ཡོན་ལ་འཚམས་འདྲི་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་། དེ་བཞིན་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བཅིངས་འགྲོལ་དམག་དང་དྲག་ཆས་ཉེན་རྟོག་དམག་དཔུང་གི་འཐུས་ཚབ་ཚོགས་པའི་ཚང་འཛོམས་གྲོས་ཚོགས་སྟེང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་པ་དང་། སྐྱེ་ཁམས་ཁོར་ཡུག་ཁྲིམས་གཞུང་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་བཅའ་ཁྲིམས། རྒྱལ་ཁབ་འཕེལ་རྒྱས་འཆར་འགོད་བཅའ་ཁྲིམས་བཅས་ཀྱི་འཆར་ཟིན་ལ་གྲོས་ཞིབ་བྱས། ཝུའུ་ཞའོ་ཅུན་དང་ལུའོ་ཏུང་ཁྲོན། ཀྲང་ཅིན་ཀང་བཅས་ཀྱིས་གཏམ་བཤད།
འཐུས་མི་ཝུའུ་ཞའོ་ཅུན་གྱིས་བཤད་རྒྱུར། སྐྱེ་ཁམས་ཁོར་ཡུག་ཁྲིམས་གཞུང་གིས་རི་ལྗང་ཆུ་དྭངས་སྲུང་སྐྱོང་བྱས་ལ། དེ་ནི་སྐྱེ་ཁམས་ཁྱབ་ཁོངས་ཀྱི་སྤྱིའི་སྒྲིག་སྲོལ་ཡིན། མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་བཅའ་ཁྲིམས་ཀྱིས་མི་རིགས་ཀྱི་བློ་སེམས་གཅིག་མཐུན་ལ་དམིགས་ཏེ་མ་ལག་ལྡན་པའི་སྒོ་ནས་དུས་རབས་གསར་པའི་མི་རིགས་བྱ་བའི་ཁྲིམས་སྐྱོང་སྒྲོམ་གཞི་བསྐྲུན་ཡོད། རྒྱལ་ཁབ་འཕེལ་རྒྱས་འཆར་འགོད་བཅའ་ཁྲིམས་ཀྱིས་རླབས་ཆེན་འཆར་འགོད་བྲིས་ཡོད་པ་དང་། རྒྱལ་ཁབ་འཕེལ་རྒྱས་འཆར་འགོད་བྱ་བས་སྲིད་ཇུས་ཀྱི་ཁྲིད་སྟོན་ནས་ཁྲིམས་སྐྱོང་འགན་སྲུང་གི་ལོ་རྒྱུས་རང་བཞིན་གྱི་ཐོལ་བརྒལ་མངོན་འགྱུར་བྱས་པ་མཚོན་ཡོད། བཅའ་ཁྲིམས་འཆར་ཟིན་གསུམ་པོས་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་ཀྱི་ཆབ་སྲིད་དགེ་མཚན་ཐུན་མོང་སྒོས་མངོན་པར་བྱས་ཡོད་པ་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་བརྟན་བགྲོད་རྒྱང་འཁྱོལ་ལ་འདེགས་སྐྱོར་དང་བཅོས་སྐྱོང་བྱེད་ཐབས་ཁྲིམས་སྐྱོང་ཅན་གྱི་ཚུལ་སྒྱུར་ལ་སྐུལ་འདེད། མི་དམངས་གཙོ་ཡིན་པའི་རིན་ཐང་འཚོལ་སྙེག་མངོན་པར་བྱས་ཡོད་ལ། སྔར་ལས་འཐུས་ཚང་ཡིན་པའི་ཁྲིམས་སྐྱོང་མ་ལག་དང་ཆུ་ཚད་སྔར་ལས་མཐོ་བའི་ཁྲིམས་སྐྱོང་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་མཚོན་རྟགས་རང་བཞིན་གྱི་ཁྲིམས་འཛུགས་ཡིན་ཞིང་། ཁྲིམས་སྐྱོང་བགྲོད་ལམ་སྟེང་ཆུ་ཚད་མཐོ་བའི་སྐྱེ་ཁམས་སྲུང་སྐྱོབ་ལ་སྐུལ་འདེད་བྱེད་པ་དང་། མི་རིགས་བྱ་བ་དང་དཔལ་འབྱོར་སྤྱི་ཚོགས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཡར་སྐུལ་བྱེད་པར་དོན་སྙིང་གལ་ཆེན་ལྡན་པས། ང་ཡོངས་སུ་འཐད་པ་ཡིན། བཅའ་ཁྲིམས་གསུམ་པོ་གཏན་འབེབས་དང་ལག་བསྟར་བྱས་པ་དེས་མཚོ་སྔོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཐད་ཁྲིམས་སྐྱོང་གི་འགན་སྲུང་བརྟན་པོ་འདོན་སྤྲོད་བྱས་ཡོད། གོ་རིམ་རྗེས་མར། ང་ཚོས་ཆེས་ཆེ་བ་གསུམ་གྱི་ཞིང་ཆེན་གྱི་ངེས་གནས་དང་། མཚོ་སྔོན་དུ་མི་རིགས་བྱ་བ་བཟང་བོར་མ་སྒྲུབ་ན་སྤྱི་ཡོངས་ཀྱི་ལས་དོན་བཟང་བོར་སྒྲུབ་ཐབས་མེད་ཅེས་པའི་མངགས་བཅོལ་གལ་ཆེན་ཡིད་ལ་བརྟན་པོར་ངེས་པར་བྱེད་པ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལས་འགན་གཙོ་བོར་དམ་དུ་དམིགས་པ། འགན་འཁྲིའི་འདུ་ཤེས་མཐོན་པོར་བརྟེན་ནས་སློབ་སྦྱོང་དྲིལ་སྒྲོག་དང་ནུས་ཡོད་ལག་བསྟར། ལམ་ལུགས་སྦྲེལ་མཐུད་བཅས་དམ་འཛིན་བྱས་ཏེ་བཅའ་ཁྲིམས་གསུམ་པོ་མཚོ་སྔོན་དུ་དོན་འཁྱོལ་བྱས་ནས་ཕན་འབྲས་ཐོན་པར་འགན་སྲུང་བྱེད་རྒྱུ་ཡིན།
འཐུས་མི་ལུའོ་ཏུང་ཁྲོན་གྱིས་བཤད་རྒྱུར། མི་དམངས་འཐུས་མིའི་ཚོགས་ཆེན་ལ་གྲོས་ཞིབ་བྱེད་པར་སྤྲད་པའི་སྐྱེ་ཁམས་ཁོར་ཡུག་ཁྲིམས་གཞུང་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་བཅའ་ཁྲིམས། རྒྱལ་ཁབ་འཕེལ་རྒྱས་འཆར་འགོད་བཅའ་ཁྲིམས་བཅས་བཅའ་ཁྲིམས་འཆར་ཟིན་གསུམ་ནི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཁྲིམས་སྐྱོང་མ་ལག་འཐུས་ཚང་དུ་གཏོང་བ་དང་། རྒྱལ་ཁབ་ཀྱི་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་བསྒྱུར་བར་སྐུལ་འདེད་གཏོང་བའི་ཁྲིམས་འཛུགས་བཀོད་སྒྲིག་གལ་ཆེན་ཞིག་ཡིན་པ་དང་། མཛེས་པའི་ཀྲུང་གོ་འཛུགས་སྐྲུན་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ་དང་། མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཀྱི་དེང་རབས་ཅན་མགྱོགས་མྱུར་སྒོས་མངོན་འགྱུར་བྱེད་པའི་ཁྲིམས་སྐྱོང་གཞི་རྩ་ཇེ་བརྟན་དུ་བཏང་ཡོད་ལ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་བ་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བར་ཁྲིམས་སྐྱོང་གི་བསྲུང་བྱ་འདོན་སྤྲོད་བྱས་ཡོད་པར་མ་ཟད། ཚན་རིག་དང་མཐུན་པའི་སྒོ་ནས་འཆར་འགོད་སྒྲིག་བཟོ་གཏན་འབེབས་དང་ལག་བསྟར་བྱེད་པ་དང་། འཐབ་ཇུས་ཁྲིད་ཕྱོགས་ཇེ་དྲག་ཏུ་གཏོང་བར་ཁྲིམས་སྐྱོང་འགན་སྲུང་ཇེ་དྲག་ཏུ་བཏང་ཡོད་ལ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་ཁྲིམས་སྐྱོང་འཛུགས་སྐྲུན་ལ་བརྟེན་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་བརྟན་བགྲོད་རྒྱང་འཁྱོལ་སྲུང་སྐྱོབ་བྱེད་པའི་ཡིད་ཆེས་བརྟན་པོ་དང་སེམས་ཤུགས་ཆེན་པོ་མངོན་པར་བྱས་ཡོད་པས། ཡོངས་སུ་འཐད་པ་ཡིན། ང་ཚོས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་བྱེད་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་བཅའ་ཁྲིམས་གསུམ་པོའི་སློབ་སྦྱོང་དང་དྲིལ་སྒྲོག ལག་བསྟར་བཅས་ཕྱོགས་ཡོངས་ནས་དམ་འཛིན་བྱེད་པ། ཁྲིམས་སྐྱོང་ནན་མོར་བརྟེན་ནས་རྨ་འབྲི་རྫ་གསུམ་འབྱུང་ཡུལ་ལ་སྲུང་སྐྱོབ་དང་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་འཛུགས་སྐྲུན་བྱེད་པ། ཚད་གཞི་སྔར་ལས་མཐོན་པོས་མི་རིགས་བྱ་བའི་ཁྲིམས་སྐྱོང་ཅན་གྱི་ཆུ་ཚད་མཐོར་འདེགས་གཏོང་བ་དང་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་པའི་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ། སྤུས་ཚད་སྔར་ལས་མཐོན་པོས་འཆར་འགོད་སྣ་ཚོགས་ཀྱི་སྒྲིག་བཟོ་གཏན་འབེབས་དང་ལག་བསྟར་ལ་སྐུལ་འདེད་གཏོང་བ། ཁྲིམས་སྐྱོང་སྟོབས་ཤུགས་ལ་བརྟེན་ནས་དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་ཐད་འཕེལ་རྒྱས་གསར་པ་འབྱུང་བ་དང་ཕན་འབྲས་གསར་པ་ཐོན་པར་བྱེད་རྒྱུ་ཡིན།
འཐུས་མི་ཀྲང་ཅིན་ཀང་གིས་བཤད་རྒྱུར། སྐྱེ་ཁམས་ཁོར་ཡུག་ཁྲིམས་གཞུང་འཆར་ཟིན་ནི་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པའི་ཁྲིམས་སྐྱོང་ལག་ལེན་ཡིན་པ་དང་། རང་རྒྱལ་གྱི་སྐྱེ་ཁམས་ཁོར་ཡུག་ཁྲིམས་སྐྱོང་གཅིག་རྐྱང་གི་ཁྲིམས་འཛུགས་ནས་མ་ལག་རང་བཞིན་གྱི་ཁྲིམས་སྐྱོང་གི་ཕྱོགས་སུ་མཐོར་འདེགས་བྱུང་ཞིང་། ཁྲིམས་སྐྱོང་ལ་བརྟེན་ནས་ལྗང་མདོག་ཐཱན་ཉུང་འཕེལ་རྒྱས་དང་དམངས་འཚོའི་དོ་ཁུར་ལ་སྲུང་སྐྱོབ་བྱས་ཡོད། མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་བཅའ་ཁྲིམས་འཆར་ཟིན་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་རིགས་བྱ་བར་ཤུགས་སྣོན་དང་ལེགས་བཅོས་བྱེད་པའི་དགོངས་པ་གལ་ཆེན་གྱི་ལམ་ལུགས་ཅན་དང་ཁྲིམས་སྐྱོང་ཅན་གྱི་གནད་འགག་གི་ཆ་ཞིག་ཡིན་པ་དང་། བཅའ་ཁྲིམས་ཀྱི་རྣམ་པར་བརྟེན་ནས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་པའི་ཐོག་མའི་གསར་རྩོམ་རང་བཞིན་གྱི་འདུ་ཤེས་གལ་ཆེན་གཏན་འབེབས་བྱས་ཡོད་པས། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱེད་པར་སྐུལ་འདེད་གཏོང་བའི་ཐད་སྣེ་ཁྲིད་ཀྱི་བྱེད་ནུས་གལ་ཆེན་ལྡན། རྒྱལ་ཁབ་འཕེལ་རྒྱས་འཆར་འགོད་བཅའ་ཁྲིམས་འཆར་ཟིན་ནི་རང་རྒྱལ་གྱི་རྒྱལ་ཁབ་འཕེལ་རྒྱས་འཆར་འགོད་གཏན་འབེབས་ཚད་ལྡན་དུ་གཏོང་བ་དང་གོ་རིམ་ཧྲིལ་བོའི་ལག་བསྟར་གྱི་བཅའ་ཁྲིམས་ཐོག་མ་ཡིན་པ་དང་། འཆར་འགོད་སྒྲིག་བཟོ་མ་ལག་སྔར་ལས་ལེགས་སྒྲིག་བྱས་ཡོད་ལ། རྒྱལ་ཁབ་འཕེལ་རྒྱས་འཆར་འགོད་དང་དེ་མ་ཡིན་པའི་རིམ་པ་སོ་སོ་དང་རིགས་སོ་སོའི་འཆར་འགོད་ཀྱི་འབྲེལ་བ་གཏན་འབེབས་བྱས་ཡོད་པར་མ་ཟད། རྒྱལ་ཁབ་ཀྱི་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་བསྒྱུར་བར་སྐུལ་འདེད་གཏོང་བར་དོན་སྙིང་གལ་ཆེན་དང་ཤུགས་རྐྱེན་ཟབ་མོ་ལྡན་པས། ཡོངས་སུ་འཐད་པ་ཡིན།
ལི་ཀའོ་དང་ཏི་ཆིང་ཡུན། ཝང་ཀའོ་ཏུང་། ཏུང་ཆོན་མེན། ཞུའུ་ཆེན་མེན། ལིའུ་ཞའོ་རོང་། རིན་ཆེན་བཀྲ་ཤིས། མཱ་ཧྥུའུ་ཁྲང་། ཝང་ཧྭ་ཅེ། ཆའོ་ཡཱ་ཆོན། ཡོན་ཧུང་ཝེ། ཅང་ཀྲི་ཀང་། ཤ་བོ་སྒྲོལ་མ་སོགས་འཐུས་མིས་གཏམ་བཤད།