མཚོ་སྔོན་དུ་སྡོད་པའི་སྲིད་གྲོས་ཨུ་ཡོན་གྱིས་སྙན་ཞུར་གྲོས་སྡུར་བྱས་ཏེ་འཕེལ་རྒྱས་ལ་འཆར་འགོད་བྱས།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

 

ཟླ3པའི་ཚེས7ཉིན། རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་བཞི་པར་ཞུགས་པའི་མཚོ་སྔོན་དུ་སྡོད་པའི་རྒྱལ་ཡོངས་སྲིད་གྲོས་ཨུ་ཡོན་རྣམས་ཀྱིས་ཚོགས་ཆེན་ལས་གཏན་འཁེལ་བྱས་པའི་གྲོས་རིམ་ལྟར་སྲིད་གཞུང་བྱ་བའི་སྙན་ཞུ་དང་འཆར་གཞིའི་སྙན་ཞུ། སྔོན་རྩིས་སྙན་ཞུ་བཅས་ལ་མུ་མཐུད་དུ་གྲོས་སྡུར་བྱས། ཚང་མས་སྔ་རྗེས་སུ་གཏམ་བཤད་པ་དང་བགྲོ་གླེང་ཟབ་མོ་བྱས་ནས། མཚོ་སྔོན་འཕེལ་རྒྱས་ཀྱི་བསམ་གཞིགས་དེ་རྒྱལ་ཁབ་འཕེལ་རྒྱས་ཀྱི་སྤྱི་ཡོངས་ཁྲོད་འདྲེས་པར་བྱས།

ཚན་ཆུང་བགོས་པའི་བགྲོ་གླེང་ཚོགས་རའི་ནང་། ཨུ་ཡོན་རྣམས་ཀྱིས་སྙན་ཞུའི་ནང་དོན་ལ་དམ་པོར་དམིགས་ཤིང་། མཚོ་སྔོན་གྱི་དངོས་ཡོད་དང་ཟུང་འབྲེལ་གྱིས་སོ་སོའི་བསམ་ཚུལ་བཤད་པས། བགྲོ་གླེང་རྣམ་པར་སྤྲོ་བས་ཁེངས་ཤིང་དངོས་ཡོད་དང་མཐུན་པ་ཞིག་རེད། ཚང་མས་གཅིག་གྱུར་གྱིས་བལྟས་ན། སྲིད་གཞུང་བྱ་བའི་སྙན་ཞུས་རྒྱལ་ཁབ་འཕེལ་རྒྱས་ཀྱི་འཆར་འགོད་རླབས་ཆེན་ལ་དམིགས་པར་མ་ཟད། ས་གནས་ཀྱི་གནད་འཁེལ་ཇུས་འདོན་ལ་ཁ་ཕྱོགས་གསལ་སྟོན་གནང་ཡོད་པར་འདོད། ཨུ་ཡོན་རྣམས་ཀྱིས་ལང་ལོང་སྒོས་བསྟན་དོན། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་འཛིན་པ་རྒྱུན་འཁྱོངས་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཚོ་སྔོན་ལ་གཟིགས་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་ཅིང་། མཚོ་སྔོན་གྱི་རྒྱལ་ཁབ་འཕེལ་རྒྱས་སྤྱི་ཡོངས་ཁྲོད་ཀྱི་འཐབ་ཇུས་ངེས་གནས་ལ་དམ་པོར་དམིགས་ཏེ། ལས་སྒྲུབ་ཁ་ཕྱོགས་དམ་འཛིན་བྱེད་པ་དང་། བསམ་བློའི་ཐུན་མོང་ངོས་འཛིན་གཅིག་སྡུད་བྱས་ནས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་འཕེལ་རིམ་ཁྲོད་མཚོ་སྔོན་གྱི་སྤྱོད་ཚུལ་མངོན་པ་དང་མཚོ་སྔོན་གྱི་ཁག་ཁུར་མཚོན་པར་བྱེད་དགོས།

བགྲོ་གླེང་བརྒྱུད་རིམ་ཁྲོད། ཨུ་ཡོན་རྣམས་ཀྱིས་སྙན་ཞུ་ལས་བཀོད་སྒྲིག་བྱས་པའི་འཕེལ་རྒྱས་ཀྱི་ལས་འགན་སྣ་ཚོགས་ལ་དམིགས་པ་དང་། ཆེད་ལས་ཁྱབ་ཁོངས་ལ་རྐང་བཙུགས་ཏེ། རྟོག་ཞིབ་གྲུབ་འབྲས་ལ་ཟུང་འབྲེལ་བྱས་ཤིང་། ཚད་གནད་བརྗོད་བྱར་དམིགས་ནས་བསམ་ཚུལ་དང་གྲོས་གཞི་བཏོན། ཚང་མས་གཅིག་གྱུར་སྒོས་བལྟས་ན། འདས་པའི་ལོ་ངོ་གཅིག་གི་རིང་། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་འགོ་ཁྲིད་བརྟན་པོའི་འོག རྒྱལ་ཡོངས་གོང་འོག་ཚང་མས་རྡོག་རྩ་གཅིག་སྒྲིལ་དང་འགག་སྒྲོལ་དཀའ་སེལ་བྱས་ཏེ། རྒྱལ་ཕྱི་ནང་གི་རྙོག་འཛིང་ཆེ་བའི་གནས་བབ་འོག་ཏུ་ཐོབ་དཀའ་བའི་གྲུབ་འབྲས་བླངས་ཡོད་ལ། དེ་མཚོ་སྔོན་འཕེལ་རྒྱས་ཀྱི་ལག་ལེན་ཁྲོད་མངོན་པར་གསལ་ཡོད། ལོ་ངོ་གཅིག་གི་རིང་། མཚོ་སྔོན་དུ་སྡོད་པའི་རྒྱལ་ཡོངས་སྲིད་གྲོས་ཨུ་ཡོན་རྣམས་ཀྱིས་ཞིང་ཆེན་ཡོངས་ཀྱི་ལྟེ་བའི་ཁྱོན་ཡོངས་ལ་དམ་པོར་དམིགས་ནས་འགན་སྒྲུབ་ནན་མོ་བྱས་པ་དང་། རྟོག་ཞིབ་བློ་འདོན་བྱས་ལ། སྐྱེ་ཁམས་སྲུང་སྐྱོབ་དང་ཐོན་ལས་རིམ་སྤོར། གྲོང་གསེབ་དར་སྤེལ་སོགས་གཙོ་གནད་བརྗོད་བྱར་དམིགས་ཏེ། གཞི་རིམ་གྱི་ལས་ཡུལ་དང་པོར་སོང་ནས་དམངས་ཀྱི་སེམས་གཏམ་ལ་ཉན་ཞིང་། དམངས་འཚོའི་དོ་ཁུར་གནད་དོན་ཐག་གཅོད་པའི་བརྒྱུད་རིམ་ཁྲོད་ཇུས་གཞི་ལེགས་པོ་བཏོན་པ་དང་། ཡར་བརྩོན་སྟོབས་ཤུགས་གཅིག་སྡུད་བྱེད་པའི་བརྒྱུད་རིམ་ཁྲོད་ཁག་ཁུར་མངོན་པར་བྱས་ནས། སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོའི་གྲོས་མོལ་དེ་མཚོ་སྔོན་གྱི་གསོན་ཉམས་ལྡན་པའི་ལག་ལེན་ཁྲོད་ལེགས་པོར་མངོན་ཡོད། བགྲོ་གླེང་སྐབས་སུ། ཨུ་ཡོན་རྣམས་ཀྱིས་དྲིན་ཤེས་པ་དང་བརྩེ་སེམས་བཅངས་པ། དངོས་སྒྲུབ་གཙོར་འཛིན་བཅས་ཀྱི་འགན་སྒྲུབ་ཁག་ཁུར་ལ་བརྟེན་ནས། རྒྱལ་ཡོངས་ཀྱི་ཚོགས་ཆེན་གཉིས་ཀྱི་སྟེང་མཚོ་སྔོན་གྱི་སེམས་གཏམ་སྒྲོག་པ་དང་མཚོ་སྔོན་གྱི་གཏམ་རྒྱུད་ལེགས་པོར་བཤད་པས། ཁོ་ཚོའི་གཏམ་བཤད་རེ་རེ་དང་གྲོས་གཞི་རེ་རེས་རྒྱལ་ཁབ་འཕེལ་རྒྱས་ལ་བསམ་གཞིགས་ནན་མོ་བཏང་བ་དང་མཚོ་སྔོན་གྱི་མ་འོངས་པར་སྨོན་འདུན་བཟང་པོ་བཅངས་པ་མཚོན་ཡོད་པར་འདོད།

གྲུབ་འབྲས་ཀྱིས་མི་སེམས་ལ་སྐུལ་ལྕག་ཐེབས་པ་དང་འཆར་གཞིས་བརྩོན་སེམས་བསྐྱེད་པར་བྱས། ཨུ་ཡོན་རྣམས་ཀྱིས་ལང་ལོང་སྒོས་བསྟན་དོན། ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་འགོ་རྩོམ་ས་གསར་བར། དུས་རབས་གསར་བའི་མི་དམངས་སྲིད་གྲོས་ཀྱི་ལངས་གནས་གསར་བ་དང་ལས་འགན་གསར་བ་དམ་འཛིན་ནན་མོ་བྱེད་པ་དང་། མཚོ་སྔོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལྟེ་བའི་ལས་འགན་ལ་དམིགས་ཏེ། ཆབ་སྲིད་གྲོས་མོལ་དང་དམངས་གཙོའི་ལྟ་སྐུལ། སྲིད་ཞུགས་སྲིད་གླེང་བཅས་ཀྱི་འགན་ནུས་ལག་བསྟར་ནན་མོ་བྱེད་པ་དང་། སྤྲོ་སྣང་ཆེན་པོ་དང་དངོས་གཉེར་སྤྱོད་ཚུལ་གྱིས་དུས་རབས་ཀྱི་འགན་འཁྲི་ལྕི་མོ་ཕྲག་ཏུ་འཁུར་ནས་ཨུ་ཡོན་གྱི་ཁག་ཁུར་མངོན་པར་བྱས་ཏེ། མཚོ་སྔོན་འདི་ཉིད་རྒྱལ་ཁབ་འཕེལ་རྒྱས་ཀྱི་སྤྱི་ཡོངས་ཁྲོད་འདྲེས་པར་གནད་འཁེལ་གྱིས་བློ་འདོན་ཇུས་འབུལ་བྱེད་པ་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་ལག་ལེན་ལ་འབད་པས་སྐུལ་འདེད་གཏོང་ཆེད་སྲིད་གྲོས་ཀྱི་བློ་གྲོས་དང་སྟོབས་ཤུགས་འབུལ་དགོས།

རྩོམ་སྒྲིག་པ། : ཨ་གཡང་སྐྱིད།