ཚེས7ཉིན་གྱི་སྔ་དྲོར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཏིང་ཞུའེ་ཞང་ཞང་ཀང་འཐུས་ཚབ་ཚོགས་པ་དང་ཨའོ་མོན་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས། འཐུས་མིའི་གཏམ་བཤད་ལ་ནན་ཏན་ངང་གསན་རྗེས། ཏིང་ཞུའེ་ཞང་གིས། འདས་མ་ཐག་པའི་ལོ་ལྔའི་འཆར་འགོད་བཅུ་བཞི་པའི་དུས་སྐབས་སུ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་འགོ་ཁྲིད་སྟོབས་ལྡན་འོག རང་རྒྱལ་གྱི་དཔལ་འབྱོར་སྟོབས་ཤུགས་དང་། ཚན་རྩལ་སྟོབས་ཤུགས། རྒྱལ་སྲུང་སྟོབས་ཤུགས། ཕྱོགས་བསྡུས་རྒྱལ་སྟོབས་བཅས་སྐས་རིམ་གསར་པ་ཞིག་ཏུ་སླེབས། རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱི་ལག་ལེན་ལ་ཚད་བརྒལ་རང་བཞིན་གྱི་འཕེལ་རྒྱས་དང་མཚོན་རྟགས་རང་བཞིན་གྱི་གྲུབ་འབྲས་རབ་དང་རིམ་པ་བླངས་ཡོད་བསྟན། ཏིང་ཞུའེ་ཞང་གིས། ཞང་ཀང་དང་ཨའོ་མོན་གྱིས་རང་འགུལ་ངང་རྒྱལ་ཁབ་ཀྱི་ལོ་ལྔའི་འཆར་འགོད་བཅོ་ལྔ་པ་དང་འབྲེལ་མཐུད་བྱས་ཏེ་རྒྱལ་ཁབ་འཕེལ་རྒྱས་ཀྱི་སྤྱི་ཡོངས་ནང་སྔར་ལས་ལེགས་པའི་སྒོ་ནས་མཉམ་འདྲེས་ཐུབ་པར་བྱེད་པ་དང་དེ་ལ་ཞབས་འདེགས་ཞུ་དགོས་ཤིང་། རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱི་བྱ་གཞག་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་བཏོད་དེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་ཆེད་སྔར་ལས་བྱས་རྗེས་གལ་ཆེན་འཇོག་དགོས་འཇོག་དགོས་ཞེས་ནན་གྱིས་བསྟན། ཏིང་ཞུའེ་ཞང་གིས་འཐུས་མི་ཚོས་ནུས་ཤུགས་ཡོད་རྒུས་དམིགས་བསལ་སྲིད་འཛིན་ས་ཁུལ་གྱི་སྲིད་གཞུང་ལ་རྒྱབ་སྐྱོར་བྱེད་པ་དང་སྤྱི་ཚོགས་ལས་རིགས་སོ་སོ་བར་མཐུན་སྒྲིལ་བྱས་ཏེ། མཉམ་དུ་ཞང་ཀང་དང་ཨའོ་མོན་གྱི་དར་རྒྱས་གོང་འཕེལ་འགྲོ་ཚད་ཆུ་ཚད་གསར་པར་སླེབས་རྒྱུར་སྐུལ་འདེད་གཏོང་དགོས་པའི་ཕུགས་རེ་བཏོན།