མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཟླ3ཚེས2ཉིན། གསར་འགོད་པས་ཞིང་ཆེན་བུད་མེད་མཉམ་འབྲེལ་ལྷན་ཚོགས་ནས་ཤེས་གསལ་ལྟར་ན། མཚོ་སྔོན་ཞིང་ཆེན་གྱི་མི་སྒེར9ལ2025ལོའི་རྒྱལ་ཡོངས་གསུམ་བརྒྱད་དར་དམར་འཛིན་མཁན་དང་། ཐུན་མོང14ལ་རྒྱལ་ཡོངས་གསུམ་བརྒྱད་དར་དམར་འཛིན་མཁན་གྱི་ཐུན་མོང་། རྒྱལ་ཡོངས་མཛངས་མའི་ཤེས་དཔལ་ལས་གནས་བཅས་ཀྱི་མཚན་སྙན་ཐོབ།
ཤེས་གསལ་ལྟར་ན། ཐེངས་འདིའི་རང་ཞིང་དུ་བདམས་ཐོན་བྱུང་བའི་རྒྱལ་ཡོངས་གསུམ་བརྒྱད་དར་དམར་འཛིན་མཁན་ནི། ཟི་ལིང་གྲོང་ཁྱེར་གྲོང་དབུས་སྲིད་གཞུང་ལྷོ་ཐང་ནུབ་ལམ་དོན་གཅོད་ཁང་གི་སྤྱི་གཞུང་ཞབས་ཞུ་གཞུང་སྒྲུབ་ཁང་གི་ཀྲུའུ་རེན་ཝང་ཧུའེ་དང་། ཧོར་གྲོང་སྡེར་དྲུབས་ཧོར་རིགས་རིག་གནས་ཁྱབ་སྤེལ་ཚད་ཡོད་ཀུང་སིའི་ཏུང་ཧྲི་ཀྲང་དང་སྤྱི་གཉེར་བའི་འགན་གཅིག་ལྕོགས་སུ་འཁུར་བའི་ཧ་ཁྲེན་ཆིང་། རྒྱ་མདོ་ཧུའེ་རིགས་རང་སྐྱོང་རྫོང་ཀྲུང་ལུགས་སྨན་ཁང་གི་གསབ་ཁབ་ཚན་ཁག་གི་སྨན་པ་ཀྲང་ཆིན་ཅུས། རྨ་ཆེན་རྫོང་རྨ་ཆུ་ལམ་བུ་བཅོལ་ཁང་གི་ཏང་ཀྲི་པུའུ་ཧྲུའུ་ཅི་དང་སློབ་གཙོ་ཚེ་རིང་སྒྲོལ་མ། ཐུན་རིན་གྲོང་ཁྱེར་མི་དམངས་ཁྲིམས་ཁང་གི་ཏང་ཙུའུ་ཁོངས་མི་དང་གླིང་གཙོ་གཞོན་པ་ལྕགས་མོ་བྱམས། མཚོ་སྔོན་ཞིང་ཆེན་སྨན་རྫས་ཞིབ་བཤེར་ཚད་ལེན་གླིང་གི་ཏང་ཨུའི་ཨུ་ཡོན་དང་གླིང་གཙོ་གཞོན་པ་ཀྲང་མའེ་ཅུན། ཀྲུང་གོའི་ལྕགས་ལམ་མཚོ་སྔོན་སྡེ་ཤོག་ཚད་ཡོད་ཀུང་སི་ཟི་ལིང་གློག་སྒུལ་མེ་འཁོར་བདེ་འཇགས་ཐོན་སྐྱེད་བཀོད་འདོམས་ལྟེ་གནས་དྲ་རྒྱ་དང་ཆ་འཕྲིན་བདེ་འཇགས་དོ་དམ་པ་མཱ་ཐིན། ཆུ་གསུམ་མགོ་ཁུངས་གླིང་ཁུལ་རྒྱལ་ཁབ་སྤྱི་གླིང་ཆུ་དམར་ལེབ་དོ་དམ་ཁྲུའུ་སྐྱེ་ཁམས་སྲུང་སྐྱོབ་ས་ཚིགས་ཀྱི་ཕྱུགས་ལས་མཁན་སྨོན་ལམ་སྒྲོལ་མ། ཡུལ་ཤུལ་གྲོང་ཁྱེར་གྱི་མི་རིགས་ཆ་ཚང་སློབ་ཆུང་ལྔ་པའི་སློབ་གཙོ་ཡེ་གཡང་བཅས་རེད། རྒྱལ་ཡོངས་གསུམ་བརྒྱད་དར་དམར་ཐུན་མོང་གི་མཚན་སྙན་ཐོབ་མཁན་ནི། ཟི་ལིང་གྲོང་ཁྱེར་ལྟ་སྲུང་ཁང་བུད་མེད་རུ་འབྲིང་གཉིས་པ། ཟི་ལིང་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་དམངས་དོན་འདྲི་གཅོད་ཁྲིམས་ཁང་གཉིས་པ། མཚོ་ཤར་གྲོང་ཁྱེར་མི་དམངས་སྨན་ཁང་དང་པོའི་ཁོག་ནད་ཚན་ཁག གཏེར་ལེན་ཁ་གྲོང་ཁྱེར་ཆུ་ནུབ་སྲང་ལམ་དོན་གཅོད་ཁང་ཚྭ་འདམ་ལམ་སྡོད་ཁུལ་སྡོད་དམངས་ཨུ་ལྷན། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཏང་གི་སློབ་གྲྭ། ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་འབྲི་སྟོད་རྫོང་སྒ་སྐྱ་ལོ་དམངས་ཕན་གོས་བཟོ་མ་རྐང་ཚད་ཡོད་ཀུང་སི། རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུས་སྲིད་ཇུས་ཁྲིམས་སྲོལ་ཁྲུའུ། ཧྲིན་ཡུན་ས་གདན་སྡེ་ཤོག་ཚད་ཡོད་ཀུང་སིའི་ཀའོ་ཝན་ལན་ངལ་རྩོལ་དཔེ་བཟང་གསར་གཏོད་ལས་སྒྲུབ་ཁང་བཅས་རེད། རྒྱལ་ཡོངས་མཛངས་མའི་ཤེས་དཔལ་ལས་རྐང་གི་མཚན་སྙན་ཐོབ་མཁན་ནི། མཚོ་ཤར་གྲོང་ཁྱེར་བ་ཡན་ཧུའེ་རིགས་རང་སྐྱོང་རྫོང་བུད་མེད་དང་བྱིས་པའི་བདེ་སྲུང་ཞབས་ཞུ་ལྟེ་གནས། ཀྲུང་གོའི་འཛུགས་སྐྲུན་དངུལ་ཁང་མཚོ་ལྷོ་ཁུལ་ཡན་ལག་དངུལ་ཁང་ཀུན་ཕན་དངུལ་རྩ(ཞིང་གྲོང་དར་སྤེལ)གཉེར་སྐྱོང་ལྟེ་གནས། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གནམ་གཤིས་བརྟག་དཔྱད་ཁང་། ཡུལ་ཤུལ་གྲོང་ཁྱེར་སྤྱི་བདེ་ཅུས་འགྲིམ་འགྲུལ་དོ་དམ་རུ་ཆེན་བུད་མེད་རུ་འབྲིང་། མཚོ་སྔོན་ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་གྱོད་གཞི་དོ་དམ་གཞུང་སྒྲུབ་ཁང་། མཚོ་སྔོན་ཀུན་གྲོ་བདག་སྐྱོང་ཞབས་ཞུ་ཚད་ཡོད་ཀུང་སིའི་རྒན་གསོ་བདག་སྐྱོང་ཚན་ཆུང་བཅས་རེད།