རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་ལན་ཀྲིན་གྱིས་སྡེ་ཚོགས་ཅན་གྱི་སློབ་སྒྲུབ་གྱིས་གྲོང་གསེབ་དགེ་རྒན་གྱི་ལས་སྒོའི་ཆུ་ཚད་ཇེ་ལེགས་སུ་གཏོང་དགོས་པའི་གྲོས་གཞི་འདོན་རྒྱུ་རེད།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

གྲོང་གསེབ་ཀྱི་སློབ་གསོ་དར་སྤེལ་ཡོང་བའི་འགག་རྩ་ནི་དགེ་རྒན་ཡིན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་ལན་ཀྲིན་ནི་གཞི་རིམ་སློབ་གསོར་རྐང་ཚུགས་ནས་ལོ38འགོར་བའི་ཧྲེ་རིགས་ཀྱི་བུད་མེད་དགེ་རྒན་ཞིག་ཡིན་ལ། ཧྥུའུ་ཅན་ཞིང་ཆེན་ལན་ཀྲིན་དགེ་རྒན་གྲགས་ཅན་ལས་དོན་ཁང་གི་སྣེ་ཁྲིད་པའང་ཡིན། ད་ལོའི་རྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱི་སྐབས་སུ། ལན་ཀྲིན་གྱིས་སྡེ་ཚོགས་ཅན་གྱི་སློབ་གཉེར་ལ་བརྟེན་ནས་གྲོང་གསེབ་དགེ་རྒན་གྱི་ལས་སྒོའི་ཆུ་ཚད་ཇེ་ལེགས་སུ་གཏོང་བར་ཇི་ལྟར་སྣེ་ཁྲིད་བྱ་རྒྱུའི་ཐད་ཐབས་འདོན་ཇུས་འབུལ་བྱ་རྒྱུ་རེད།

གསར་འགོད་པས་ལན་ཀྲིན་མཐོང་དུས། ཁོ་མོས་ཀྲང་ཀྲོའུ་གྲོང་ཁྱེར་ནན་ཅིང་རྫོང་ལུང་ཧྲན་ལྟེ་བའི་སློབ་ཆུང་གི་སློབ་ཁང་དུ་གྲོང་གསེབ་ཀྱི་དགེ་རྒན་ཚོ་དང་མཉམ་དུ་གྲངས་འཛིན་གྲངས་རིག་གི་སློབ་ཁྲིད་ཡོ་བྱད་སྤྱོད་པའི་ཐབས་རྩལ་བརྗེ་རེས་བྱེད་བཞིན་ཡོད། སློབ་སྐབས་གསར་པ་འགོ་ཚུགས་མ་ཐག ཁོ་མོས་འགན་སྒྲུབ་རྟོག་ཞིབ་ཀྱི་ས་ཚིགས་དང་པོ་དེ་རི་ཁུལ་འདིའི་སློབ་ཆུང་དུ་བཙུགས་ནས། ཡུལ་དངོས་དང་པོའི་དགེ་སློབ་ཀྱི་དགོས་མཁོ་དངོས་ལ་རྒྱུས་ལོན་བྱས།

རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་ལན་ཀྲིན་གྱིས་བཤད་རྒྱུར། ངས་རྟོག་དཔྱོད་ཞིབ་འཇུག་བྱེད་སྐབས། གྲོང་གསེབ་ཀྱི་སློབ་གྲྭའི་ཆ་རྐྱེན་ཇེ་ལེགས་སུ་འགྲོ་བཞིན་ཡོད་མོད། འོན་ཀྱང་སློབ་གྲྭས་སྤུས་ཚད་མཐོ་བའི་འཕེལ་རྒྱས་གཏོང་དགོས་ན། དོ་དམ་གྱི་ཆུ་ཚད་དང་དགེ་རྒན་གྱི་དཔུང་སྡེ་འཛུགས་སྐྲུན། དགེ་རྒན་སྒེར་གྱི་ཆེད་ལས་ཆུ་ཚད་ཇེ་མཐོར་འགྲོ་བ་སོགས་ཀྱི་ཐད་ད་དུང་སྔར་བས་མཐོར་འདེགས་གཏོང་དགོས་པ་དང་། སློབ་གྲྭ་གཅིག་པུ་དང་དགེ་རྒན་གྲགས་ཅན་ཁག་ཅིག་ཁོ་ནར་བརྟེན་ན་ཚད་བརྒལ་ཡོང་དཀའ་ལ། ངེས་པར་དུ་སྡེ་ཚོགས་ཅན་གྱི་སློབ་སྒྲུབ་ཀྱི་སྤུས་ལེགས་ཐོན་ཁུངས་རོགས་སྐྱོར་དང་སྐུལ་ཁྲིད་ལ་བརྟེན་དགོས་པ་དངོས་གནས་མྱོང་ཚོར་ཟབ་མོ་བྱུང་།

སྡེ་ཚོགས་ཅན་གྱི་སློབ་གཉེར་ནི་སྤུས་ལེགས་སློབ་གྲྭ་ཞིག་སྣེ་འདྲེན་དུ་བྱས་ཏེ། མཐའ་འཁོར་གྱི་ཉམས་ཞན་སློབ་གྲྭ་དང་གྲོང་གསེབ་ཀྱི་སློབ་གྲྭ་ཁག་ཅིག་མཉམ་འབྲེལ་དང་། སློབ་གསོའི་ཐུན་མོང་ཚོགས་པ་ཞིག་ཆགས་པར་བྱེད་དགོས། ལན་ཀྲིན་གྱིས་སྤུས་ལེགས་སློབ་ཁུལ་དང་གྲོང་གསེབ་ཡན་ལག་སློབ་གྲྭའི་རོགས་སྐྱོར་འགན་འཁྲི་དོན་ཐོག་ཏུ་འཁྱོལ་རྒྱུར་རྒྱུན་ཆད་མེད་པར་སྐུལ་འདེད་བཏང་སྟེ། གྲོང་གསེབ་དགེ་རྒན་གྱི་ཆ་འཕྲིན་ལག་རྩལ་གྱི་ནུས་པ་ཆེ་རུ་གཏོང་རྒྱུར་རོགས་རམ་བྱས། ལོ་མང་པོའི་རིང་། ལན་ཀྲིན་ཀྲང་ཀྲོའུ་ཀྲང་ཕུའུ་དང་། ཕིང་ཧི། ཏུང་ཧྲན་སོགས་ཐག་རིང་ལུང་ཁུག་གི་རི་གྲོང་གི་མཚོ་གླིང་དུ་བསྐྱོད་དེ། “སློབ་གསོ་དང་གསོ་སྦྱོང་དུ་སྐྱེལ་བའི”གྲོང་གསེབ་ཏུ་ཐེངས120བསྐྱོད་པ་དང་། གྲོང་གསེབ་ཀྱི་དགེ་རྒན་ཕུལ་བྱུང1200ལྷག་གསོ་སྐྱོང་བྱས། གྲོང་གསེབ་ཀྱི་སློབ་གྲྭ་མང་པོར་འཚམས་འདྲི་བྱས་རྗེས། ལན་ཀྲིན་གྱིས་ངེས་པར་དུ་སྡེ་ཚོགས་སློབ་གྲྭའི་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། གྲོང་གསེབ་ཀྱི་ཡན་ལག་སློབ་གྲྭའི་དགེ་རྒན་གྱི་ལས་སྒོ་འཚར་ལོངས་ཡོང་བར་སྐུལ་ཁྲིད་དང་། སྡེ་ཚོགས་ཅན་གྱི་སློབ་གསོ་ཞིབ་འཇུག་མཉམ་སྐྲུན་ལས་སྟེགས་བཙུགས་ཏེ། རྒྱུན་མཐུད་དང་བརྒྱུད་རིམ་ལྡན་པའི་རོགས་སྐྱོར་ལམ་སྲོལ་ཞིག་འཛུགས་དགོས་པའི་འདུན་མ་བྱུང་།

ལན་ཀྲིན་གྱིས་བཤད་རྒྱུར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“སློབ་གསོ་བཅོས་སྒྱུར་དང་འཕེལ་རྒྱས་ཀྱི་གྲུབ་འབྲས་དེ་བས་མང་བ་དང་། དེ་བས་འདྲ་མཉམ་གྱིས་མི་དམངས་ཡོངས་ལ་ཕན་ཐོགས་པར་བྱེད་དགོས།”ང་གཞི་རིམ་ནས་ཡོང་བ་དང་། སློབ་གསོ་དོ་མཉམ་ནི་ཐོན་ཁུངས་དོ་མཉམ་དང་། དགེ་རྒན་དོ་མཉམ་བྱུང་བ་ལས་གྲུབ་པ་ཡིན། ངས་སྡེ་ཚོགས་ཅན་གྱི་སློབ་སྒྲུབ་བྱེད་ཐབས་རབ་དང་རིམ་པ་དོན་ཐོག་ཏུ་འཁྱོལ་རྒྱུར་སྐུལ་འདེད་ཧུར་ཐག་གཏོང་བ་དང་། གྲོང་གསེབ་དགེ་རྒན་གྱི་ཆེད་ལས་ཆུ་ཚད་ལ་ཁྲིད་སྟོན་བྱས་ཏེ། གྲོང་གསེབ་ཀྱི་བྱིས་པ་ཚང་མར་དེ་བས་སྤུས་ལེགས་ཀྱི་སློབ་གསོ་ལོངས་སྤྱོད་ཐུབ་པར་བྱེད་རྒྱུ་ཡིན་ཟེར།

རྩོམ་སྒྲིག་པ། : ཡེ་ཤེས་སྒྲོལ་མ།