མཚོ་སྔོན་གྱིས་ཕྱོགས་ཡོངས་ནས་དཀའ་ཁག་ཅན་གྱི་བྱིས་པར་ཕན་བདེ་འགན་སྲུང་གི་སྲིད་ཇུས་ལམ་ལུགས་མ་ལག་བསྐྲུན།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

 

​“བྱིས་པའི་ཁེ་ཕན་ཆེས་ཆེར་གཏོང་བའི”རྩ་དོན་རྒྱུན་འཁྱོངས་བྱས་ཏེ། མཚོ་སྔོན་གྱིས་ཕྱོགས་ཡོངས་ནས་དཀའ་ཁེག་ཅན་གྱི་བྱིས་པའི་ཕན་བདེ་འགན་སྲུང་སྲིད་ཇུས་ཀྱི་ལམ་ལུགས་མ་ལག་འཛུགས་སྐྲུན་དང་འཐུས་ཚང་དུ་བཏང་ནས། དཀའ་ཁེག་ཅན་གྱི་བྱིས་པའི་ཕན་བདེ་འགན་སྲུང་བྱ་བར་གྲུབ་འབྲས་གསར་བ་ལེན་པར་སྐུལ་འདེད་བཏང་། མིག་སྔར། དཀའ་ཁག་ཅན་གྱི་བྱིས་པའི་གཞི་རྩའི་འཚོ་བ་དང་སྨན་བཅོས་ཁམས་གསོ། སྤྱི་བའི་སློབ་གསོ་སོགས་སུ་གནས་པའི་ཞན་ཆ་དང་མི་འདང་སར་དམིགས་ནས། མགྱོགས་མྱུར་ངང་དངོས་ཟོག་དང་ཞབས་ཞུ་གཉིས་ལྡན་གྱི་དཀའ་ཁག་ཅན་གྱི་བྱིས་པའི་འགན་སྲུང་རྣམ་པ་བསྐྲུན་ཡོད། འདི་ནི་གསར་འགོད་པས་ཟླ2པའི་ཚེས23ཉིན་ཞིང་ཆེན་དམངས་སྲིད་ཐིང་ནས་རྒྱུས་ལོན་བྱུང་བའི་གནས་ཚུལ་རེད། 

མིག་སྔའི་བར་དུ། ཞིང་ཆེན་ཡོངས་ཀྱི་གཅིག་བསྡུས་གསོ་སྐྱོང་དང་སྤྱི་ཚོགས་ཀྱི་ཁ་ཐོར་དུ་གནས་པའི་དྭ་ཕྲུག་གི་གཞི་རྩའི་འཚོ་བའི་ཆ་སྙོམས་འགན་སྲུང་ཚད་གཞི་མི་རེར་ཟླ་རེར་སྒོར1555སླེབས་ཡོད། དཀའ་ཁག་ཅན་གྱི་བྱིས་པའི་སྨན་བཅོས་འགན་སྲུང་སྲིད་ཇུས་ཀྱི་མ་ལག་འཐུས་ཚང་དུ་བཏང་བ་ལ་བརྟེན་ནས། དྭ་ཕྲུག་དང་དོན་དངོས་སུ་གཉོར་སྐྱོང་བྱེད་མཁན་མེད་པའི་བྱིས་པ་སོགས་དམིགས་གསལ་ཅན་གྱི་བྱིས་པའི་ཚོགས་སྤྱི་ལ་སྨན་བཅོས་འགན་སྲུང་ནང་ཞུགས་པར་རོགས་དངུལ་ཆ་ཚང་སྤྲད་པ་དང་། དོན་དངོས་སུ་གསོ་སྐྱོང་བྱེད་མཁན་མེད་པའི་བྱིས་པར་སློབ་གསོའི་ཡུན་རིང་འགན་སྲུང་ལམ་ལུགས་བཙུགས་ཏེ། མི་རེར་སློབ་ལོ་རེར་སྒོར་ཁྲི་གཅིག་གི་རོགས་སྐྱོར་ཚད་གཞི་ལྟར་སློབ་ཞུགས་རོགས་དངུལ་བྱིན།

དཀའ་ཁག་ཅན་གྱི་བྱིས་པའི་དངོས་ཡོད་དགོས་མཁོར་དམིགས་ནས། ཕན་བདེ་འགན་སྲུང་བྱེད་ཡུལ་སྲོལ་རྒྱུན་གྱི་བདག་མེད་ཀྱི་བྱིས་པ་དང་ ་དོན་དངོས་སུ་གཉོར་སྐྱོང་བྱེད་མཁན་མེད་པའི་བྱིས་པ་དང་དབང་བོ་སྐྱོན་ཅན་གྱི་བྱིས་པ། ཁྱིམ་ཚང་གི་དཔལ་འབྱོར་དཀའ་ཁག་ཅན་གྱི་བྱིས་པ་སོགས་དམིགས་གསལ་ཅན་གྱི་བྱིས་པའི་ཚོགས་སྤྱིར་རྒྱ་བསྐྱེད་ཡོད། ཁྱོན་ཡོངས་ནས་སྤྱི་ཚོགས་རོགས་སྐྱོར་ཀྱི་རིགས་བགར་འགན་སྲུང་བྱེད་པའི་བྱེད་ཐབས་དོན་འཁྱོལ་བྱས་ཏེ། མ་མཐའི་འཚོ་བའི་འགན་སྲུང་ཁྲོད་ཚུད་པའི་ཁྱིམ་ཚང་གི་བྱིས་པར་གྲོང་གསེབ་ཀྱི་མ་མཐའི་འཚོ་བའི་འགན་སྲུང་གི་ཚད་གཞི་ལས་བརྒྱ་ཆའི15འཕར་སྣོན་གྱིས་རིགས་བགར་ནས་འགན་སྲུང་དངུལ་སྟེར་བ། གྲོང་གསེབ་ཀྱི་མ་མཐའི་འཚོ་བའི་འགན་སྲུང་བྱས་རྗེས་ད་དུང་འཚོ་བར་དཀའ་ཁག་ཡོད་པའི་བྱིས་པར་གནས་སྐབས་ཀྱི་རོགས་སྐྱོར་བྱིན་ཏེ་ཡང་བསྐྱར་འགན་སྲུང་བྱེད་པ།

དེ་དང་མཉམ་དུ། དམིགས་གསལ་ཅན་གྱི་ལྟ་སྐྱོང་དཀའ་ཁག་ཡོད་པའི་གནད་དོན་ལ་གཞིགས་ནས། ཕ་མ་གཉིས་ཀྱི་གཅིག་ཚེ་ལས་འདས་པ་དང་གཅིག་ཡང་བསྐྱར་གཉེན་སྒྲིག་ནས་གཉོར་སྐྱོང་འོས་འགན་སྒྲུབ་མི་ཐུབ་པ་དང་ཚེ་ལས་འདས་པ། ཡང་ན་ཡང་བསྐྱར་གཉེན་སྒྲིག་རྗེས་ཉིན་རྒྱུན་གྱི་ལྟ་སྐྱོང་དང་བདག་སྐྱོང་བྱེད་མི་བདེ་བའི་བྱིས་པ་འགན་སྲུང་ཁྱབ་ཁོངས་སུ་བཅུག་ཡོད། སྤྱི་བདེ་དང་ཞིབ་དཔྱོད་ལས་ཁུངས། ཁྲིམས་ཁང་སོགས་སྡེ་ཁག་མང་བོས་མཉམ་འབྲེལ་སྒོས་ལྟ་ཞིབ་བྱེད་པ་དང་། མཐུན་སྦྱོར་གྱིས་ནུས་ཤུགས་བཏོན་ནས། འགན་མི་ཁུར་བའི་ཁྱིམ་བདག་གིས་འགན་འཁྲི་ཤེས་རྟོག་དང་འགན་འཁྲི་ལེགས་པོར་འཁུར་བར་བྱས། ཁྱད་པར་དུ་དྭ་ཕྲུག་དང་དོན་དངོས་སུ་བདག་སྐྱོང་བྱེད་མཁན་མེད་པའི་བྱིས་པ་འགན་སྲུང་ཁྱབ་ཁོངས་སུ་ཚུད་ཡོད་པ་དང་། ལོ18ལོན་རྗེས་ད་དུང་མཐོ་འབྲིང་དང་ལག་རྩལ་སློབ་གྲྭ་འགྲིམས་བཞིན་པ། ཆེད་སྦྱོང་དང་ཉིན་ཧྲིལ་པོའི་ལམ་ལུགས་ཀྱི་སློབ་གྲྭར་སློབ་གཉེར་བྱེད་བཞིན་པའི་དྭ་ཕྲུག་སོགས་དམིགས་གསལ་གྱི་ཚོགས་སྤྱི་ལ་དམིགས་ཏེ། མུ་མཐུད་དུ་གཞི་རྩའི་འཚོ་བའི་གྲོན་དངུལ་སྤྲོད་པ་སོགས་ཀྱི་བྱེད་ཐབས་ལ་བརྟེན་ནས། སློབ་གྲྭ་འགྲིམས་པའི་སྐབས་ཀྱི་གཞི་རྩའི་འཚོ་བར་ཤུགས་རྐྱེན་མི་ཐེབས་པར་ཁག་ཐེག་བྱས།

རྩོམ་སྒྲིག་པ། : ཨ་གཡང་སྐྱིད།