ཟླ2པའི་ཚེས26ཉིན། ཞིང་ཆེན་སྲིད་གྲོས་ཀྱི་ཏང་ཙུའུ་ཧྲུའུ་ཅི། ཀྲུའུ་ཞི་མགོན་པོ་བཀྲ་ཤིས་ཀྱིས་འགོ་འཛིན་མཛད་དེ་ཞིང་ཆེན་སྲིད་གྲོས་ཀྱི་ཏང་ཙུའུ་གྲོས་ཚོགས་དང་ཀྲུའུ་ཞིའི་གྲོས་ཚོགས་བསྡུས་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཉེ་ལམ་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་བརྒྱུད་སྒྲོག་བྱས་པར་མ་ཟད། ལག་བསྟར་བསམ་འཆར་ལ་ཞིབ་འཇུག་དང་འབྲེལ་ཡོད་དོན་ཚན་ཁག་གི་གྲོས་ཞིབ་ལ་ཉན།
གྲོས་ཚོགས་ལས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཞིང་ཆེན་རིམ་པའི་འགོ་ཁྲིད་ལས་བྱེད་མི་སྣ་གཙོ་བོའི་ཏང་གི་སྐབས་ཉི་ཤུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་བའི་དགོངས་དོན་གྱི་ཆེད་དོན་བགྲོ་གླེང་འཛིན་གྲྭའི་འགོ་ཚུགས་པའི་མཛད་སྒོ་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་གཅིག་གྱུར་སློབ་སྦྱོང་ཐེངས་ཉེར་བཞི་བ། ཏང་ཕྱིའི་མི་སྣ་དང་ལྷན་དུ་ལོ་སར་བསུ་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སོགས་ལ་སློབ་སྦྱོང་བྱས་པར་མ་ཟད། བགྲོ་གླེང་དང་ཞིབ་འཇུག་བྱས། གྲོས་ཚོགས་ལས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་གྱི་ཕུན་སུམ་ཚོགས་པའི་ནང་དོན་དང་བརྗོད་སྙིང་གལ་ཆེན། ལག་ལེན་གྱི་བླང་བྱ་བཅས་ཁོང་དུ་ཆུད་དགོས་ལ། “གཏན་ཕབ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ་དང་། བློ་ཐག་རྦ་ཆོད་ཀྱིས“སྲུང་སྐྱོང་གཉིས”ལེགས་པོར་སྒྲུབ་སྟེ། རང་ཞིང་གི“ལོ་ལྔའི་འཆར་འགོད་བཅོ་ལྔ་བའི”དམིགས་འབེན་ལས་འགན་ལ་དམ་པོར་དམིགས་ནས། ཆབ་སྲིད་བསམ་བློའི་སྣེ་ཁྲིད་ལ་ཤུགས་སྣོན་པ་དང་། ཐུན་མོང་གི་ལྟ་བ་གཅིག་བསྡུས་བྱེད་པ། ཐབས་འདོན་གྲོས་མོལ་གཏིང་ཟབ་བཅས་བྱེད་དགོས། ཚན་རིག་ལག་རྩལ་གྱི་མདུན་གྲལ་ཤེས་བྱ་དང་དེང་རབས་ཐོན་ལས་མ་ལག་གི་ཞིབ་འཇུག་སློབ་སྦྱོང་ལ་ཤུགས་བསྣན་ཏེ། རྒྱུན་མཐུད་ངང་སྲིད་གླེང་ཇུས་འདོན་གྱི་རྒྱང་ལྟའི་རང་བཞིན་དང་ཁ་གཏད་རང་བཞིན་མཐོར་འདེགས་གཏོང་དགོས་ལ། སྲིད་གྲོས་བྱ་བ་དེ་ཐོག་མཐའ་བར་གསུམ་དུ་ཞིང་ཆེན་ཡོངས་ཀྱི་ཁྱོན་ཡོངས་བྱ་བའི་གོམ་སྟབས་དང་གཅིག་གྱུར་ཡོང་བ་དང་། ཁ་ཕྱོགས་མཐུན་པའི་སྒོ་ནས་ནུས་ཤུགས་འདོན་དགོས། ཏང་ཁག་ཚོགས་པ་དང་ཏང་ཕྱིའི་མི་སྣའི་རྒྱལ་ཁབ་ཆབ་སྲིད་འཚོ་བའི་ཁྲོད་ཀྱི་གོ་གནས་གལ་ཆེན་དང་བྱེད་ནུས་གལ་ཆེན་ངོས་ཟིན་དགོས་པ་དང་། སྲིད་གྲོས་འགན་ནུས་ཀྱི་ལེགས་ཆར་དམིགས་ནས། སྔར་ལས་ལྷག་པའི་སྒོ་ནས་དམངས་གཙོ་ཏང་ཁག་སོ་སོ་དང་བཟོ་ཚོང་མཉམ་འབྲེལ་གྱི་མཉམ་ལས་མཉམ་སྒྲུབ་ལ་ཤུགས་སྣོན་དགོས། ཏང་ཕྱིའི་མི་སྣའི་འབྲེལ་འདྲིས་འབྲེལ་གཏུག་དམ་ཟབ་ཏུ་བཏང་སྟེ། སྲིད་གྲོས་སྤྱི་སྟེགས་ཀྱི་བྱེད་ནུས་འདོན་སྤེལ་གང་ལེགས་བྱེད་པ་ལ་བརྟེན་ནས། ཏང་ཕྱིའི་མི་སྣའི་གསོ་སྦྱོང་དང་སྦྱོང་བརྡར་ལ་ཤུགས་བསྣན་ཏེ། ཧུར་ཐག་གིས་ཏང་ཕྱིའི་མི་སྣའི་སྲིད་གླེང་ཇུས་འདོན་དང་ཐུན་མོང་གི་ལྟ་བ་གཅིག་གྱུར་གྱི་ཕྱོགས་གཉིས་ལ་ཤུགས་འདོན་དགོས།
གྲོས་ཚོགས་ལས་ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་བའི་དགོངས་དོན་སློབ་སྦྱོང་དང་བརྒྱུད་བསྒྲགས་བྱས། གྲོས་ཚོགས་ལས་ནན་གྱིས་བསྟན་དོན། ཆབ་སྲིད་ཀྱི་ལངས་གནས་མཐོར་འདེགས་བཏང་སྟེ། རང་རྟོག་གིས་བསམ་བློ་དང་བྱ་སྤྱོད་ཏང་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུས་མིག་སྔའི་ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་འཛིང་གི་རྣམ་པའི་གནད་ཁེལ་བརྡར་གཅོད་དང་གཙོ་གནད་བྱ་བའི་བཀོད་སྒྲིག་ཡང་དག་གི་སྟེང་གཅིག་གྱུར་བྱས་ཏེ། སྔར་བས་ཚད་གཞི་མཐོ་བ་དང་སྔར་བས་གཟབ་ནན་གྱི་བྱེད་ཐབས་ལ་བརྟེན་ནས་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པར་སྐུལ་འདེད་གཏོང་དགོས། ནན་ཏན་གྱིས་སློབ་སྦྱོང་བྱས་ཏེ་གོ་བ་གསལ་བོ་ལེན་པ་དང་། ལག་ལེན་དོན་འཁྱོལ་གཏིང་ཟབ་བྱེད་པ། བློ་བརྟན་འགྱུར་མེད་ཀྱིས་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པའི་ཆབ་སྲིད་ཀྱི་འགན་འཁྲི་མཐའ་གཅིག་ཏུ་འཁུར་བ་དང་། རྒྱུན་ཆད་མེད་པར་སྤྱོད་ལམ་འཛུགས་སྐྲུན་ལ་ཤུགས་སྣོན་པ། ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པའི་གྲུབ་འབྲས་གསར་བར་བརྟེན་ནས། སྲིད་གྲོས་ལས་དོན་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་འགྲོ་བ་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་ལག་ལེན་ལ་སྲ་བརྟན་གྱི་འགན་སྲུང་འདོན་སྤྲོད་བྱེད་པར་སྐུལ་འདེད་གཏོང་དགོས།
གྲོས་ཚོགས་ལས་ཞིང་ཆེན་སྲིད་གྲོས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ཉི་ཤུ་པའི་འབྲེལ་ཡོད་དོན་ཚན་དང་ཞིང་ཆེན་སྲིད་གྲོས་ཀྱི2026ལོའི་ཞིང་ཆེན་ཕྱིའི་སློབ་སྦྱོང་དང་རྟོག་ཞིབ་འཆར་གཞིར་གྲོས་ཞིབ་བྱས་པ་དང་། ཞིང་ཆེན་སྲིད་གྲོས་ལས་ཁུངས་ཀྱི2025ལོའི་གསོ་སྦྱོང་བྱ་བའི་ལེགས་འགྲུབ་གནས་ཚུལ་དང2026ལོའི་གསོ་སྦྱོང་འཆར་གཞིའི་སྙན་ཞུར་ཉན་པར་མ་ཟད། མི་དོན་དང་འབྲེལ་བའི་ལས་དོན་ལ་གྲོས་ཞིབ་བྱས།
རིན་ཆེན་རྣམ་རྒྱལ། ཁོང་ཡོང་། ཝང་ཞུན། ཝང་ཀྲིན་ཁྲང་། ཀྲང་ཞའོ་རུང་། ལི་ཞའོ་ནན། ཐེན་ཁོའུ། ལིའུ་ཏ་ཡེ། མ་ཡའོ་ཞང་། ཅིན་ཧྲེང་ཧྲོའུ། ཀྲུའུ་ཞང་ཏུང་བཅས་གྲོས་ཚོགས་ལ་ཞུགས།