ཞིང་ཆེན་ཡོངས་ཀྱི་བདེ་འཇགས་ཐོན་སྐྱེད་དང་ནགས་ཚལ་རྩྭ་ཐང་གི་མེ་ཟོན་སྔོན་འགོག་གི་བརྙན་རིས་གྲོས་ཚོགས་བསྡུས།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

​ཟླ2པའི་ཚེས26ཉིན། རྒྱལ་ཁབ་བདེ་འཇགས་ཐོན་སྐྱེད་དང་ནགས་ཚལ་རྩྭ་ཐང་གི་མེ་ཟོན་སྔོན་འགོག་བརྙན་རིས་གྲོས་ཚོགས་མཇུག་སྒྲིལ་རྗེས། རང་ཞིང་གིས་མྱུར་དུ་ཞིང་ཆེན་ཡོངས་ཀྱི་བདེ་འཇགས་ཐོན་སྐྱེད་དང་ནགས་ཚལ་རྩྭ་ཐང་གི་མེ་ཟོན་སྔོན་འགོག་གི་བརྙན་རིས་གྲོས་ཚོགས་བསྡུས་པ་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་། ཞིང་ཆེན་བདེ་འཇགས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ལུའོ་ཏུང་ཁྲོན་ཚོགས་འདུར་ཞུགས་པ་མ་ཟད་གཏམ་བཤད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བདེ་འཇགས་ཐོན་སྐྱེད་དང་ནགས་ཚལ་རྩྭ་ཐང་གི་མེ་ཟོན་སྔོན་འགོག་སྐོར་གྱི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ནས། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཏེ། རྒྱལ་ཡོངས་ཀྱི་བརྙན་རིས་གྲོས་ཚོགས་ཀྱི་བཀོད་སྒྲིག་དང་ཞིང་ཆེན་ཏང་ཨུའི་བྱ་བའི་བླང་བྱ་གཞིར་བཟུང་ནས། ཡང་དག་པའི་སྲིད་འབྲས་ལྟ་བ་བརྟན་པོ་འཛུགས་པ་དང་ལག་ལེན་དུ་བསྟར་བ་དང་། མུ་མཐུད་དུ་བདེ་འཇགས་ཐོན་སྐྱེད་བྱ་བར་ཤུགས་སྣོན་པ། ནགས་ཚལ་རྩྭ་ཐང་གི་མེ་ཟོན་འགན་འཁྲི་མཐའ་གཅིག་ཏུ་དངོས་འབེབ་བྱས་ཏེ། ཚད་གཞི་མཐོ་བའི་འགོག་ཟོན་དམ་འཛིན་དང་སྐྱོན་ཆ་འགོག་པའི་བླང་བྱ་ནན་མོ། བྱེད་ཐབས་ནན་མོ་བཏོན་ནས་མངོན་མེད་རྐྱེན་ངན་མེད་པར་བཟོས་ཏེ། དུས་ནམ་ཡང་ལྷོད་གཡེང་གཏན་ནས་མི་བྱེད་པར་བདེ་འཇགས་ཀྱི་ཚད་མཐའ་བརྟན་སྲུང་བྱེད་པ་དང་།  དོན་རྐྱེན་ཚབས་ཆེན་དང་ནགས་ཚལ་རྩྭ་ཐང་དུ་མེ་སྐྱོན་འབྱུང་བར་མཐའ་གཅིག་ཏུ་སྔོན་འགོག་བྱས་ནས། ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་བདེ་འཇགས་ཀྱི་འགན་སྲུང་བརྟན་པོ་འདོན་སྤྲོད་བྱ་དགོས་པ་ནན་གྱིས་བསྟན།

ལུའོ་ཏུང་ཁྲོན་གྱིས་བདེ་འཇགས་ཐོན་སྐྱེད་ཀྱི་དོན་དག་གལ་ཆེན་ཡིན་པས་དུས་ནམ་ཡང་ལྷོད་གཡེང་གཏན་ནས་བྱེད་མི་རུང་། མིག་སྔར། ཁེ་ལས་ལས་ཐོན་སླར་གསོ་བྱེད་པའི་སྒང་ཡིན་ལ་སློབ་གྲྭ་སློབ་འགོ་རྩོམ་པའི་དུས་ཡིན་པ་དང་། ནགས་ཚལ་རྩྭ་ཐང་གི་མེ་ཟོན་སྔོན་འགོག་གི་དུས་གཙོ་བོ་ཡིན་པས། བདེ་འཇགས་ཀྱི་ཉེན་ཁ་སྣ་ཚོགས་མཉམ་འདྲེས་དང་རིམ་བརྩེགས་བྱས་ཡོད། ས་གནས་སོ་སོ་དང་སྡེ་ཁག་སོ་སོས་མིག་སྔར་གྱི་བྱ་བའི་རྙོག་འཛིང་རང་བཞིན་དང་དཀའ་ཚེགས་རང་བཞིན་ལ་ངོས་འཛིན་གསལ་བོ་བྱས་ཏེ། དུས་ནམ་ཡང་བློ་བདེ་ལ་མི་འབབ་པའི་འགན་འཁྲིའི་འདུ་ཤེས་དང་བྱ་བ་ཚང་མ་སེམས་སུ་གདེང་ཚོད་ཡོད་པའི་བྱ་སྤྱོད་ལ་བརྟེན་ནས། བདེ་འཇགས་དང་ཐོན་སྐྱེད་ཀྱི་རྩ་བཅོས་འགག་སྒྲོལ་དང་ནགས་ཚལ་རྩྭ་ཐང་གི་མེ་སྐྱོན་གྱི་མངོན་མེད་རྐྱེན་ངན་ཚབས་ཆེན་དང་འགུལ་རྣམ་གཙང་སེལ་གྱི་བྱ་སྤྱོད་ལ་སྐུལ་འདེད་གཏིང་ཟབ་བཏང་སྟེ། ནུས་ཤུགས་ཡོད་རྒུས་ཉེན་ཁ་སྔོན་འགོག་དང་བདེ་འཇགས་སྲུང་སྐྱོབ། བརྟན་བརླིང་ལ་སྐུལ་འདེད་བཅས་བྱེད་དགོས་ཞེས་བསྟན།     

ལུའོ་ཏུང་ཁྲོན་གྱིས་མིག་རྒྱང་མི་དམངས་མང་ཚོགས་ཀྱི་ཕྱོགས་སུ་བསྲིངས་ཏེ། རྣམ་པ་ཆེ་བའི་ཚོང་ལས་ཕྱོགས་བསྡུས་གནས་དང་། རྒན་གསོ་ཕན་བདེ་ཁང་སོགས་མི་སྣ་མང་པོ་འདུས་པའི་གནས་དང་།  དེ་མིན་ཐོག་བརྩེགས་མཐོན་པོའི་འཛུགས་སྐྲུན། སྡོད་ཁང་གི་འོག་ཏུ་ཚོང་ཁང་ཡོད་པའི་གནས། སྣ་མང་གཅིག་འདུས་ཀྱི་གནས་ཡུལ་སོགས་གཙོ་གནད་ཀྱི་གནས་ལ་དོ་སྣང་ཆེན་པོ་བྱས་ཏེ།     སྒྲིག་འགལ་གྱིས་མེ་དང་གློག་སྤྱོད་པ་དང་།  མེ་ཟོན་བགྲོད་ལམ་བཀོལ་སྤྱོད་བྱས་ཡོད་པ། གློག་འཁོར་སོགས་སྒྲིག་འགལ་གྱིས་ཁྱིམ་ཚང་དུ་བཞག་ཡོད་པ་སོགས་ཀྱི་གནད་དོན་ལ་ཞིབ་བཤེར་ནན་མོ་བྱེད་དགོས་པ་དང་། ཤོག་སྦག་གི“གཏན་འགོག་ལྔ་དང་ངེས་པར་གསུམ་གྱི”བྱེད་ཐབས་ནན་མོ་དོན་འཁྱོལ་བྱས་ཏེ།     ནུས་ཤུགས་ཡོད་རྒུས་མང་ཚོགས་ཉེ་འགྲམ་གྱི་བདེ་འཇགས་ཉེན་ཁ་དང་མངོན་མེད་རྐྱེན་ངན་སེལ་དགོས། བགྲོད་ལམ་འགྲིམ་འགྲུལ་དང་། རིག་རྩལ་ཡུལ་སྐོར། ཨར་ལས་བཟོ་སྐྲུན།    ཉེན་ཆེའི་རྫས་འགྱུར་དངོས་རྫས། བཟོ་ཚོང་སོགས་གཙོ་གནད་ལས་རིགས་དང་མངའ་ཁོངས་ལ་དམིགས་ནས། ཕྱོགས་ཡོངས་ནས་མངོན་མེད་རྐྱེན་ངན་ཞིབ་བཤེར་བཅོས་སྒྲིག་བྱས་ཏེ། འགོག་ཟོན་གྱི་བྱེད་ཐབས་སྣ་ཚོགས་ཞིབ་ཅིང་ཕྲ་བའི་སྒོ་ནས་དོན་འཁྱོལ་བྱེད་པ་དང་། ལས་རིགས་ཀྱི་བདེ་འཇགས་གནས་བབ་བརྟན་པོ་ཡོང་བར་ཁག་ཐེག་བྱེད་དགོས། སྔོན་འགོག་གཙོར་འཛིན་འབུར་དུ་ཐོན་པར་བྱས་ནས། ནགས་དཔོན་ལམ་ལུགས་ཀྱི་སྣེ་ཁྲིད་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ་དང་།     ལྟ་ཞིབ་ཚད་ལེན་དང་སྔོན་ཚུད་ཉེན་བརྡར་ཤུགས་བསྣན་ཏེ། ཕྱི་རོལ་གྱི་མེ་ཁུངས་དོ་དམ་ནན་མོ་བྱེད་པ་དང་། མངོན་མེད་རྐྱེན་ངན་ཞིབ་བཤེར་གཏིང་ཟབ་བྱེད་པ་བཅས་བྱས་ཏེ་རི་བཀག་གནས་དང་། ནགས་ཚལ་སྲུང་བ།     མི་ལ་བལྟ་བ།     མེ་དོ་དམ་བཅས་ཏན་ཏིག་བྱས་ཏེ། ནགས་ཚལ་རྩྭ་ཐང་གི་མེ་འགོག་གི་འགོག་སྲུང་འཛིང་རགས་དམ་པོར་བསྐྲུན་དགོས་པ་ནན་གྱིས་བསྟན།  

ལུའོ་ཏུང་ཁྲོན་གྱིས་ས་གནས་སོ་སོ་དང་སྡེ་ཁག་སོ་སོས“ཏང་སྲིད་འགན་འཁྲི་གཅིག་མཐུན་དང་། ལས་གནས་གཅིག་ལ་འགན་འཁྲི་གཉིས། མཉམ་འཛིན་མཉམ་སྒྲུབ། ལས་འཛོལ་འགན་ཤོར་དང“དོ་དམ་གསུམ་དང་ངེས་པར་གསུམ”གྱི་བླང་བྱ་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཏེ།   ཁེ་ལས་ཀྱིས་ལས་མི་ཡོངས་ཀྱི་བདེ་འཇགས་ཐོན་སྐྱེད་འགན་འཁྲིའི་ལམ་ལུགས་དོན་འཁྱོལ་བྱེད་པར་གཟབ་ནན་སྒོས་སྐུལ་འདེད་བཏང་སྟེ། གཞི་རིམ་གྱི་བདེ་འཇགས་རྨང་གཞི་སྲ་བརྟན་དུ་གཏོང་བ་དང་།    ལས་རེས་དང་ལས་གནས་བརྟན་སྲུང་གི་ལམ་ལུགས་གཟབ་ནན་གྱིས་ལག་བསྟར་བྱས་ཏེ། གློ་བུར་དུ་བྱུང་བའི་ལས་འཛོལ་ཐག་གཅོད་ལ་ཁ་གཏད་ཡག་པོ་འཇལ་ནས། རྒྱལ་ཡོངས་ཀྱི་ཚོགས་ཆེན་གཉིས་རྒྱལ་ཁའི་ངང་འཚོག་པར་བདེ་འཇགས་དང་བརྟན་བརླིང་གི་ཁོར་ཡུག་བསྐྲུན་དགོས་པའི་བླང་བྱ་བཏོན།

ཀྲང་ཅིན་ཀང་གིས་འགོ་འཛིན་བྱས།

རྩོམ་སྒྲིག་པ། : ཨ་གཡང་སྐྱིད།