ཉེ་ཆར། ཞིང་ཆེན་ཏང་ཨུའི་དྲིལ་སྒྲོག་པུའུ་ཡིས《2026ལོའི་རིགས་པའི་གཞུང་ལུགས་སྒྲོག་འགྲེལ་བྱ་བ་ལེགས་པོར་སྒྲུབ་རྒྱུའི་སྐོར་གྱི་བརྡ་ཐོ》པར་འགྲེམས་བྱས་ཏེ། ད་ལོའི་ཞིང་ཆེན་ཡོངས་ཀྱི་རིགས་པའི་གཞུང་ལུགས་སྒྲོག་འགྲེལ་བྱ་བ་ལེགས་པོར་སྒྲུབ་རྒྱུའི་ཐད་བཀོད་སྒྲིག་ཁ་གསལ་བྱས་པ་དང་། རིགས་པའི་གཞུང་ལུགས་སྒྲོག་འགྲེལ་གྱི་ཆེད་དོན་གཙོ་བོ52གཏན་འཁེལ་བྱས་ནས་རིགས་པའི་གཞུང་ལུགས་སྒྲོག་འགྲེལ་གྱི་ནང་དོན་གཙོ་བོ་སྔར་ལས་ཁ་གསལ་དུ་བཏང་།
《བརྡ་ཐོ》ལས་ནན་གྱིས་བསྟན་དོན། 2026ལོ་ནི“ལོ་ལྔའི་འཆར་འགོད་བཅོ་ལྔ་པ”འགོ་ཚུགས་ནས་གསར་གཏོད་བྱེད་པའི་གནད་འགག་གི་སྐབས་ཤིག་ཡིན་ལ། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པའི་འགག་སྒྲོལ་གྱི་ལོ་ཞིག་ཡིན་ཞིང་། ཀྲུང་གོའོ་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གྱི་ལག་ལེན་ལ་སྐུལ་འདེད་གཏོང་བ་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གཞི་རྩའི་ཐོག་མངོན་འགྱུར་བྱེད་པའི་རྨང་གཞི་སྲ་བརྟན་དུ་གཏོང་བའི་འབད་འཐབ་ཀྱི་ལོ་ཞིག་ཀྱང་ཡིན་པས། ཞིང་ཆེན་ཡོངས་ཀྱི་རིགས་པའི་གཞུང་ལུགས་སྒྲོག་འགྲེལ་ཐད་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་དྲིལ་བསྒྲགས་ལག་བསྟར་བྱ་རྒྱུ་དེ་ཆབ་སྲིད་ཀྱི་ལས་འགན་ཨང་དང་པོར་བརྩི་བ་དང་། ཞི་ཅིན་ཕིང་གི་རིག་གནས་དགོངས་པ་དང་། ཞི་ཅིན་ཕིང་གི་དཔལ་འབྱོར་དགོངས་པ། ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པ་སོགས་ཁྱབ་ཁོངས་ཁག་གི་ནང་དོན་གལ་ཆེན་དྲིལ་བསྒྲགས་གཏིང་ཟབ་བྱས་ཏེ་ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་མི་སེམས་སུ་འཇགས་པར་སྐུལ་འདེད་གཏོང་དགོས། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་སོགས་འབྲེལ་ཡོད་ཚོགས་འདུ་གལ་ཆེན་གྱི་དགོངས་དོན་མུ་མཐུད་དུ་དྲིལ་བསྒྲགས་གཏིང་ཟབ་བྱེད་དགོས། ཞིང་ཆེན་ཏང་ཨུའི་ལྟེ་བའི་བྱ་བ་དང་བཀོད་སྒྲིག་བླང་བྱར་དམིགས་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་གཟིགས་ཞིབ་མཛད་སྐབས་གནང་པའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་མཚོ་སྔོན་གྱི་བྱ་བའི་ཐད་བཏོན་པའི་བླང་བྱ་གལ་ཆེན་སྒྲོག་འགྲེལ་གཏིང་ཟབ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཚོ་སྔོན་དུ་གསོན་ཉམས་ལྡན་པའི་ལག་ལེན་དང་གྲུབ་འབྲས་གཡུར་དུ་ཟ་བ་ཐོན་པ། ཞིང་ཆེན་ཏང་ཨུས་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་དང་ཐོན་ལས་ཀྱི་གནས་བཞི་འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་བའི་བཀོད་སྒྲིག་དང་གྲུབ་འབྲས་གསར་པ་སྒྲོག་འགྲེལ་བྱེད་པ། དུས་མཚུངས་སུ་གཞི་རྒྱུ་དམར་པོ་རྒྱུན་འཛིན་དང་། “རིག་གནས་ལྔ”དར་སྤེལ་གཏོང་བ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པ་སོགས་སྒྲོག་འགྲེལ་ཡག་པོ་བྱེད་དགོས།
《བརྡ་ཐོ》ལས་ཞིང་ཆེན་ཡོངས་ཀྱི་ལོ་ཧྲིལ་པོའི་རིགས་པའི་གཞུང་ལུགས་སྒྲོག་འགྲེལ་བྱ་བས་རྩ་འཛུགས་འགོ་ཁྲིད་ལ་ཤུགས་སྣོན་ཏན་ཏིག་བརྒྱབ་སྟེ་ཕྱོགས་སོ་སོའི་སྟོབས་ཤུགས་མཉམ་ཞུགས་བྱེད་པའི་སྒྲོག་འགྲེལ་ཆེན་པོའི་བྱ་བའི་རྣམ་པ་ཧུར་ཐག་གིས་འཛུགས་དགོས་པ་དང་། ལས་བྱེད་པ་དང་མང་ཚོགས་ཀྱིས་ལྟ་འདོད་ཅིང་ཉན་སྤྲོ་བའི་བྱེད་སྟངས་ལ་བརྟེན་ནས་ཚོགས་རིགས་དབྱེ་བ་དང་། མཉམ་འགུལ་ཅན། གནད་འཁེལ་ཅན་བཅས་ཀྱི་སྒྲོག་འགྲེལ་བྱེད་པ་དང་། མཚོ་སྔོན་གྱི་ཡུལ་སྐད་དང་རྒྱ་བོད་སྐད་གཉིས་བཀོལ་སྤྱོད་བྱེད་པ། ཡུན་རིང་གཞི་རིམ་དུ་རྩ་བ་ཚུགས་པ་དང་མང་ཚོགས་ལ་ཞབས་འདེགས་ཞུ་བའི་གཞི་རིམ་གྱི་རིགས་པའི་གཞུང་ལུགས་སྒྲོག་འགྲེལ་གྱི་རྐང་འཛིན་མི་སྣ་ཁག་ཅིག་གསོ་སྐྱོང་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་རིགས་པའི་གཞུང་ལུགས་སྒྲོག་འགྲེལ་སྤུས་རྟགས་སྤུས་འདེགས་ཕན་བསྐྱེད་ཡོང་བར་རོགས་རམ་བྱེད་པ། སྔོན་ཐོན་དཔེ་མཚོན་ཧུར་ཐག་འདེམས་པ་དང་། རྒྱ་ཁྱབ་ཏུ་དྲིལ་བསྒྲགས་བྱས་ནས་གླེང་ཕྱོགས་ཀྱི་རྣམ་པ་ཟབ་མོ་མུ་མཐུད་དུ་བསྐྲུན་དགོས།