ཞིང་ཆེན་ཡོངས་ཀྱི་ཁེ་ལས་པའི་བཞུགས་མོལ་ཚོགས་འདུ་བསྡུས།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

ཟླ2པའི་ཚེས25ཉིན། ཞིང་ཆེན་ཡོངས་ཀྱི་ལུགས་རྙིང་ལོ་སར་རྗེས་ཀྱི་ཚོགས་འདུ་དང་པོ་སྟེ་ཁེ་ལས་པའི་བཞུགས་མོལ་ཚོགས་འདུ་ཟི་ལིང་དུ་བསྡུས། ཚོགས་འདུ་ལས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་དང་ཀྲུང་དབྱང་དཔལ་འབྱོར་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་གཟིགས་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་བཅས་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ནས།   “སྤུས་གསར་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་གཏོང་བ་དང་། དེང་རབས་ཅན་གྱི་ཐོན་ལས་མ་ལག་འཛུགས་པ། མཚོ་སྔོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ”བཅས་བརྗོད་དོན་གཙོ་བོར་བྱས་ནས།     ཞིང་ཆེན་ཡོངས་ཀྱི་གོང་འོག་དང་ཁྱད་པར་དུ་རྒྱ་ཆེའི་ཁེ་ལས་པར་སྐུལ་སློང་བྱས་ཏེ་རྒྱལ་ཁ་འཐོབ་ངེས་ཀྱི་ཡིད་ཆེས་ཀྱིས་གོ་སྐབས་དམ་འཛིན་བྱེད་པ་དང་། འབད་བརྩོན་གྱི་རྣམ་འགྱུར་ཐོག་ནས་གསར་གཏོད་ཡར་བརྩོན་བྱས་ཏེ།  “ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”འགོ་ཡག་པོ་རྩོམ་པ་དང་གོམ་སྟབས་ལེགས་པོར་སྤོ་བར་སྐུལ་འདེད་བཏང་།  ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཝུའུ་ཞའོ་ཅུན་གྱིས་གཏམ་བཤད་པ་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ལུའོ་ཏུང་ཁྲོན་གྱིས་འགོ་འཛིན་བྱས། མགོན་པོ་བཀྲ་ཤིས་དང་ལིའུ་ཆི་ཧྥན་གྲོས་ཚོགས་སུ་ཞུགས།

བཞུགས་མོལ་ཚོགས་འདུའི་སྟེང་། ཀྲུང་གོ་ཚྭ་མཚོའི་བཟོ་ལས་སྡེ་ཚོགས་དང་།     ཀྲུང་གོ་ཀོང་ཧི(མཚོ་སྔོན)ནུས་རྒྱུ་གསར་པའི་དངུལ་གཏོང་ཚད་ཡོད་ཀུང་སི། ཀྲུང་གོ་ཡུལ་སྐོར་སྡེ་ཚོགས་ཚད་ཡོད་ཀུང་སི། ནུབ་རྒྱུད་གཏེར་ལས་སྡེ་ཚོགས། མཚོ་སྔོན་དུས་རབས་ནུས་རྒྱུ་གསར་པའི་ཚན་རྩལ་ཚད་ཡོད་ཀུང་སི། ཞིན་ཧྭ་སྡེ་ཚོགས་གསུམ་པ། ལུང་དབྱང་ཀྲི་ཞན(མཚོ་སྔོན་)མ་རྐང་ཚད་ཡོད་ཀུང་སི། ཟི་ལིང་ཧུའེ་ཧྥུང་ཞིང་ལས་དངུལ་གཏོང་འཛུགས་སྐྲུན་གསར་སྤེལ་ཚད་ཡོད་ཀུང་སི། མཚོ་ཤར་ཧྭ་ཆོན་ཟས་རིགས་ཚད་ཡོད་ཀུང་སི། ཟི་ལིང་ཀྲི་རུའེ་ཁྲང་ཚོང་དོན་ཚད་ཡོད་ཀུང་སི་སོགས་ཁེ་ལས་དང་ཞིང་ཆེན་ཐད་གཏོགས་འབྲེལ་ཡོད་སྡེ་ཁག་གི་འགན་འཁུར་བློ་མཐུན་ཚོས་སྔ་རྗེས་སུ་གཏམ་བཤད་པ་དང་། ཧུར་ཐག་གིས་མཚོ་སྔོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་བློ་འདོན་ཇུས་འབུལ་བྱས། 

ཝུའུ་ཞའོ་ཅུན་གྱིས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཚབ་བྱས་ཏེ་རྒྱ་ཆེའི་ཁེ་ལས་པས་དུས་ཡུན་རིང་པོར་མཚོ་སྔོན་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཐད་བྱས་རྗེས་གལ་ཆེན་བཞག་པར་ཐུགས་རྗེ་ཆེ་ཞུས་པ་དང་། ཚང་མས་མཚོ་སྔོན་ལ་དགའ་བ་དང་མཚོ་སྔོན་དུ་གཞི་ཚུགས་པ། མཚོ་སྔོན་འཛུགས་སྐྲུན་བཅས་བྱེད་པའི་ཐད་བརྩེ་སེམས་ཟབ་མོ་བཅངས་ཡོད་པར་ཁས་ལེན་གང་ལེགས་བྱས། ཁོས་ཁེ་ལས་སྟོབས་ཆེ་ན་མཚོ་སྔོན་སྟོབས་ཆེ་བ་དང་ཐོན་ལས་དར་རྒྱས་བྱུང་ཚེ་མཚོ་སྔོན་དར་རྒྱས་ཡོང་སྲིད། སྤུས་གསར་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་སུ་བཏང་སྟེ། དེང་རབས་ཅན་གྱི་ཐོན་ལས་མ་ལག་འཛུགས་པ་དེ་མཚོ་སྔོན་ལ་མཚོན་ན་གདམ་གསེས་མིན་ལ་དེ་ནི་ངེས་པར་ལན་འདེབས་དགོས་པའི་འདྲི་གཞི་ཞིག་རེད།“ལོ་ལྔའི་འཆར་འགོད་བཅོ་ལྔ་པར”ཁ་ཕྱོགས་ནས།     ཁེ་ལས་ཀྱིས་མཚོ་སྔོན་འཕེལ་རྒྱས་ཀྱི་ལོ་རྒྱུས་ཀྱི་ཕྱོགས་གནས་དང་དུས་རབས་ཀྱི་འགན་འཁྲི་ཡང་དག་པར་ཁོང་དུ་ཆུད་པར་བྱས་ནས། སྤུས་གསར་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་གཏོང་བའི་ཁྲོད་དུ་དཔའ་ངར་ཆེན་པོས་འགན་ཁུར་ལྗིད་མོ་ཁུར་ཏེ།  “ལྗང་མདོག”ཕྱོགས་སུ་བསྐྱོད་པ་དང་།     “གསར་པའི”ཕྱོགས་སུ་ཤུགས་འདོན་པ།     “མཐོ་བའི”ཕྱོགས་སུ་སྙེག་པ།     “ལེགས་པའི”ཕྱོགས་སུ་སྤུས་འདེགས་བྱེད་པ།     “འདྲེས་པའི”ཕྱོགས་སུ་རྒྱ་སྐྱེད་བཅས་བྱས་ཏེ།     སྐྱེ་ཁམས་ཀྱི་རྨང་གཞི་གཏིང་ཟབ་ཏུ་བཏང་ནས་ཐོན་ལས་ཧྲིལ་པོ་ལྗང་མདོག་འཁོར་སྐྱོད་དང་ཐཱན་ཉུང་ཚུལ་སྒྱུར་ཕྱོགས་སུ་སྐུལ་འདེད་གཏོང་དགོས། ལྟེ་བའི་ལག་རྩལ་ལ་མཁྲེགས་གཏོར་བྱས་ཏེ་ཚན་རྩལ་རང་སྟོབས་རང་སྤེལ་ལ་བརྟེན་ནས་སྤུས་གསར་ཐོན་སྐྱེད་ནུས་ཤུགས་ཀྱི་འདེགས་སྐྱོར་དར་སྤེལ་གཏོང་དགོས།     ནུས་རྒྱུ་གཙང་མ་རྒྱ་བསྐྱེད་དེ་ནུས་གསོག་ཐོན་ལས་དང་། རིག་ནུས་གློག་དྲ། ཆིང་ནུས་ཐོན་ལས་སོགས་རྩེར་སོན་ལས་རྣམ་གྱི་འཕེལ་རྒྱས་ཇེ་མགྱོགས་སུ་གཏོང་དགོས། ཁྱད་ལྡན་ཟོང་རྟགས་སྟོབས་ལྡན་དུ་བཏང་སྟེ།   “མཚོ་སྔོན”རྟགས་མའི་ཁྱད་ལྡན་ཐོན་རྫས་ཀྱི་རིན་ཐང་མཐོ་རུ་བཏང་ནས་རྒྱལ་ཡོངས་སུ་སྐད་གྲགས་ཆོད་དུ་འཇུག་དགོས། མཐུན་སྦྱོར་མཉམ་འགུལ་ལ་ཤུགས་བསྣན་ནས་གསར་གཏོད་ཀྱིས་སྣེ་ཁྲིད་དང་། མཐུན་སྦྱོར་ནུས་ཆེ།   ལྗང་མདོག་ཐཱན་ཉུང་། ཁྱད་ཆོས་མངོན་གསལ་གྱི་དེང་རབས་ཅན་གྱི་ཐོན་ལས་མ་ལག་འཛུགས་དགོས་པ་ནན་གྱིས་བསྟན།  

ཝུའུ་ཞའོ་ཅུན་གྱིས་ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གིས་ཁེ་ལས་འཕེལ་རྒྱས་ལ་རྒྱབ་སྐྱོར་དང་སྐུལ་ལྕག སྲུང་སྐྱེལ་བཅས་བྱས་ཏེ་ནུས་ཤུགས་ཡོད་རྒུས་ཚོང་གཉེར་ཁོར་ཡུག་སྔར་ལས་ལེགས་པོ་བསྐྲུན་དགོས་པ་དང་། རྒྱུ་རྐྱེན་གཙོ་བོའི་འདེགས་སྐྱོར་སྔར་ལས་སྟོབས་ལྡན་འདོན་སྤྲོད་བྱ་དགོས་ལ། སྐྱེ་ཁམས་སྔར་ལས་གསར་གཏོད་བྱེད་དགོས་པ་དང་། ཆབ་སྲིད་དང་ཚོང་དོན་གྱི་འབྲེལ་བ་སྔར་ལས་གཙང་མ་བཅས་འཛུགས་དགོས་པའི་བླང་བྱ་བཏོན། རྒྱ་ཆེའི་ཁེ་ལས་པས་ཡིད་ཆེས་ཇེ་བརྟན་དུ་གཏོང་བ་དང་། མཚོ་སྔོན་དུ་གཞི་ཚུགས་པ་དང་ཆོས་ཉིད་དང་བསྟུན་པ། ཕྱོགས་བསྟུན་ལས་སྒྲུབ། ལེགས་པོ་དར་སྤེལ་གཏོང་བ། དགེ་སྒྲུབ་བྱེད་ཕོད་པ། སྒོ་འབྱེད་མཉམ་ལས་བྱེད་པ། མཉམ་རྒྱལ་འཕེལ་རྒྱས་གཏོང་བ།  འགན་འཁྲི་འཁུར་བ།   ཕ་ཡུལ་ལ་བདེ་སྐྱིད་བསྐྲུན་པ། མཚོ་སྔོན་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་ཞབས་འདེགས་ཞུ་བའི་ཁྲོད་འཕེལ་རྒྱས་སྔར་ལས་ཆེ་བ་མངོན་འགྱུར་བྱེད་པ་དང་དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པའི་ཁྲོད་དུ་གྲུབ་འབྲས་སྔར་ལས་ཆེན་པོ་ལེན་དགོས་པའི་བླང་བྱ་བཏོན། 

ལུའོ་ཏུང་ཁྲོན་གྱིས་ཁེ་ལས་འཕེལ་རྒྱས་ཡག་པོ་བྱུང་ན་མཚོ་སྔོན་ད་གཟོད་ཇེ་ལེགས་སུ་འགྲོ་ཐུབ། མཚོ་སྔོན་འཕེལ་རྒྱས་ཡག་པོ་བྱུང་ཚེ་ཁེ་ལས་དེ་བས་ཇེ་ལེགས་སུ་འགྲོ་སྲིད།     ས་གནས་སོ་སོ་དང་སྡེ་ཁག་སོ་སོ། རྒྱ་ཆེའི་ཁེ་ལས་པ་ཚང་མས་བསམ་བློ་དང་བྱ་སྤྱོད་ཚོགས་འདུའི་བཀོད་སྒྲིག་སྟེང་གཅིག་གྱུར་བྱས་ཏེ། ངོས་འཛིན་གཅིག་མཐུན་གྱིས་འཕེལ་རྒྱས་ཀྱི་ཡིད་ཆེས་ཇེ་བརྟན་དུ་གཏོང་བ་དང་།     གསར་གཏོད་ཚུལ་སྒྱུར་གྱིས་ལྟེ་བའི་སྒུལ་ནུས་བསྐྲུན་པ། མུ་ཕྲེང་རྣམ་པའི་མཐུན་སྦྱོར་གྱིས་ཐོན་ལས་ཀྱི་རྨང་གཞི་སྲ་བརྟན་དུ་གཏོང་བ།  འགན་སྲུང་བྱེད་ཤུགས་ཇེ་དྲག་ཏུ་བཏང་ནས་བཀག་རྒྱ་སེལ་བ།    སྲིད་ཚོང་མཉམ་དུ་འཕེལ་རྒྱས་ཀྱིས་སྐྱེ་ཁམས་ཇེ་ལེགས་སུ་གཏོང་བ་བཅས་བྱས་ཏེ།     “ཁེ་ལས་ཀྱིས་བསྒྲུབ་ཕོད་པ་དང་། སྲིད་གཞུང་གིས་རྒྱབ་སྐྱོར་བྱེད་པ། སྲིད་གཞུང་དང་ཁེ་ལས་ཀྱི་སེམས་པ་གཅིག་མཐུན”བཅས་བྱས་ཏེ་འཕེལ་རྒྱས་ཀྱི་འགྲིལ་ཤུགས་གཅིག་བསྡུས་བྱས་ནས། ངར་ཤུགས་གང་ཡོད་དང་འབད་བརྩོན་ཆེན་པོས“ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”འགོ་ཡག་པོ་རྩོམ་པ་དང་གོམ་སྟབས་ལེགས་པོ་སྤོ་བར་སྐུལ་འདེད་གཏོང་དགོས་ཞེས་བསྟན།

ཚོགས་འདུ་བརྙན་རིས་ཀྱི་ལམ་ནས་བསྡུས་པ་དང་། ཞིང་ཆེན་གྱིས་ཚོགས་ར་གཙོ་བོ་བཙུགས་པ་དང་། གྲོང་ཁྱེར་དང་ཁུལ་སོ་སོས་ཡན་ལག་འཚོགས་ར་བཙུགས།     ཝང་ཝེ་ཏུང་དང་ཀྲང་ཅིན་ཀང་། ཚེ་རིང་ཐར། ཀྲུའུ་ཞང་ཧྥུང་། ལིའུ་ཀང་། ལིའུ་ཁྲའོ།     ཝང་ཧའེ་ཧུང་། ཁྲེང་ཅི་ཝེ། ཅིན་ཧྲེང་ཧྲོའུ་བཅས་ཚོགས་ར་གཙོ་བོ་དང་ཡན་ལག་ཚོགས་རར་ཞུགས་ཡོད།

རྩོམ་སྒྲིག་པ། : ཡེ་ཤེས་སྒྲོལ་མ།