《ཞི་ཅིན་ཕིང་གི་སྲིད་འབྲས་ལྟ་བ་ཡང་དག་འཛུགས་པ་དང་ལག་བསྟར་བྱ་རྒྱུའི་སྐོར་གྱི་རྣམ་བཤད་གནད་བསྡུས》དཔེ་སྐྲུན་འགྲེམས་སྤེལ་བྱས།

ཡོང་ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ།

ཀྲུང་གུང་ཀྲུང་དབྱང་ཏང་གི་ལོ་རྒྱུས་དང་ཚད་ལྡན་ཡིག་ཆ་ཞིབ་འཇུག་ཁང་གིས་རྩོམ་སྒྲིག་བྱས་པའི《ཞི་ཅིན་ཕིང་གི་སྲིད་འབྲས་ལྟ་བ་ཡང་དག་འཛུགས་པ་དང་ལག་བསྟར་བྱ་རྒྱུའི་སྐོར་གྱི་རྣམ་བཤད་གནད་བསྡུས》ཞེས་པའི་དཔེ་དེབ་ཉེ་ཆར་ཀྲུང་དབྱང་ཚད་ལྡན་ཡིག་ཆ་དཔེ་སྐྲུན་ཁང་གིས་དཔེ་སྐྲུན་བྱས་ནས་རྒྱལ་ཡོངས་སུ་འགྲེམས་སྤེལ་བྱས།

གུང་ཁྲན་ཏང་མིས་བྱ་གཞག་སྒྲུབ་པ་དང་སྲིད་འབྲས་བསྐྲུན་པ་ནི་མི་དམངས་ལ་བདེ་སྐྱིད་བསྐྲུན་ཆེད་ཡིན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་ལ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་སྲིད་འབྲས་ལྟ་བའི་གནད་དོན་ལ་ཚད་མཐོའི་མཐོང་ཆེན་གནང་ཡོད། བློ་མཐུན་ཞི་ཅིན་ཕིང་གིས་སྲིད་འབྲས་ལྟ་བ་ཡང་དག་འཛུགས་པ་དང་ལག་ཏུ་བསྟར་བར་དམིགས་ནས་རྒྱས་བཤད་གལ་ཆེན་རབ་དང་རིམ་པ་གནང་བའི་བརྗོད་དོན་རྒྱ་ཆེ་ཞིང་གཏིང་ཟབ་པ་དང་ནང་དོན་ཕུན་སུམ་ཚོགས་ལ། བསམ་བློ་གཏིང་ཟབ་པས། རིམ་པ་སོ་སོའི་ཏང་རྩ་འཛུགས་དང་ཏང་ཡོན། ལས་བྱེད་པ་བཅས་ཀྱིས“གཏན་ཕབ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ་དང་། “སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་ལེགས་པར་སྒྲུབ་པར་སློབ་གསོ་དང་ཁྲིད་སྟོན་བྱས་ཏེ། སྤྱི་དོན་དུ་ཏང་འཛུགས་པ་དང་དམངས་དོན་དུ་བདེ་སྐྱིད་བསྐྲུན་པ། ཚན་རིག་དང་མཐུན་པའི་ཇུས་ཐག་གཅོད་པ། དམ་པ་དོན་གཉེར་བཅས་བྱས་ནས། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་སྔར་ལས་བློ་ཐག་ཆོད་པོས་ལག་བསྟར་དོན་འཁྱོལ་ནུས་ལྡན་བྱེད་པ་དང་། ལག་ལེན་དང་མི་དམངས། ལོ་རྒྱུས་བཅས་ཀྱི་ཞིབ་བཤེར་ཐེག་ཐུབ་པའི་དངོས་འབྲས་བསྐྲུན་ནས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་རྣམ་པ་གསར་པ་ཟམ་མི་ཆད་པར་གཏོད་པར་དོན་སྙིང་ཧ་ཅང་གལ་ཆེན་ལྡན།

《རྣམ་བཤད་གནད་བསྡུས》དེ་ཆེད་དོན7ལ་དབྱེ་ཡོད་པ་དང་། ཁྱོན་སྡོམ་རྒྱས་བཤད་དུམ་མཚམས253ཡོད་པ་དེ2012ལོའི་ཟླ11པ་ནས2026ལོའི་ཟླ་དང་པོའི་བར་གྱི་བློ་མཐུན་ཞི་ཅིན་ཕིང་གི་སྙན་ཞུ་དང་གསུང་བཤད། འཕྲིན་ལན། མཛུབ་སྟོན། མཆན་བཀོད་མཛུབ་སྟོན་སོགས་ཚད་ལྡན་ཡིག་ཆ་གལ་ཆེན150ལྷག་བསྡུས་པ་ཡིན། དེ་ལས་རྣམ་བཤད་ཁ་ཤས་ནི་ཐེངས་དང་པོར་ཡོངས་བསྒྲགས་བྱས་པ་རེད།

རྩོམ་སྒྲིག་པ། : ཁོན་ཐར་འཚོ།