བསྟུད་མར་ཉིན་འགའི་རིང་ལ། ཞིང་ཆེན་མེ་གསོད་རོགས་སྐྱོབ་སྤྱི་ཁྱབ་རུ་ཁག་གིས“ཉེན་ཁ་སྔོན་འགོག་དང་། བདེ་འཇགས་སྲུང་སྐྱོབ། དམངས་འཚོ་སྲུང་སྐྱོབ”ལྟེ་བར་བྱས་ཏེ། སྡོད་ཁང་འཛུགས་སྐྲུན་དང་ཚོང་དོན། འཕྲོད་བསྟེན་བདེ་ཐང་། འཕྲལ་བསྟུན་སོགས་སྡེ་ཁག་དང་མཉམ་འབྲེལ་བྱས་ཏེ། མཐོ་རིམ་འཛུགས་སྐྲུན་གྱི་མེ་སྐྱོན་ཉེན་ཁ་ཚབས་ཆེན་གྱི་མངོན་མེད་རྐྱེན་ངན་ཞིབ་བཤེར་བཅོས་སྒྲིག་བྱེད་པར་སྐུལ་འདེད་གཏིང་ཟབ་བཏང་སྟེ། མེ་གསོད་བདེ་འཇགས་འགོག་སྲུང་འཛིང་རགས་ནུས་ཤུགས་ཡོད་རྒུས་ཇེ་བརྟན་དུ་བཏང་ནས། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་རྒྱུ་ནོར་བདེ་འཇགས་དང་སྤྱི་ཚོགས་ཁྱོན་ཡོངས་བརྟན་བརླིང་ལ་འགན་སྲུང་བྱས།
མཐོ་རིམ་གྱིས་འགན་འཁྲི་ནན་དཀྲི་བྱས་ཏེ་གཅིག་གྱུར་འཆར་འགོད་བྱ་དགོས། ཞིང་ཆེན་སྲིད་གཞུང་གིས་བདེ་འཇགས་ཐོན་སྐྱེད་ཆེད་དོན་ཚོགས་འདུ་བསྡུས་ཏེ་འབྲེལ་ཡོད་ལས་དོན་བཀོད་སྒྲིག་བྱས་པ་དང་། ཞིང་ཆེན་བདེ་འཇགས་ཨུ་ཡོན་ལྷན་ཁང་གིས་ཞིབ་བཤེར་བཅོས་སྒྲིག་ཇུས་གཞི་པར་འགྲེམས་བྱས་ནས། ཕྱོགས་སོ་སོའི་འགན་འཁྲི་གསལ་བོ་བྱས་ནས་བདེ་འཇགས་ཐོན་སྐྱེད་ཀྱི་སྐོར་ཞིབ་གཙོ་གནད་ནང་བཅུག ཐིང་རིམ་པའི་འགོ་ཁྲིད་གཞོན་པ6གིས་སྣེ་ཁྲིད་པའི་བྱ་བའི་ཚན་ཆུང་གིས་ཞིང་ཆེན་ཡོངས་ཀྱི་བྱ་བར་ལྟ་སྐུལ་བྱས། ཞིང་ཆེན་མེ་གསོད་རོགས་སྐྱོབ་སྤྱི་ཁྱབ་རུ་ཁག་གིས་ཏང་ཨུའི་གྲོས་ཚོགས་བསྡུས་ནས་གནས་བབ་དབྱེ་ཞིབ་དང་ལས་འགན་བཀོད་སྒྲིག་བྱས་པ་དང་། ཏང་ཨུའི་ཁོངས་མིས་རུ་ཁག་གི་སྣེ་ཁྲིད་ནས་ལྟ་སྐུལ་བྱས་ཏེ། འགན་འཁྲི་རིམ་པ་སོ་སོར་བརྒྱུད་འདྲེན་བྱེད་པར་སྐུལ་འདེད་བཏང་། རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་། འབྲེལ་ཡོད་སྡེ་ཁག མེ་གསོད་རོགས་སྐྱོབ་དཔུང་ཁག་གི་གོང་འོག་མཉམ་འགུལ་དང་། ཆེད་དམིགས་ཇུས་གཞི་བཟོ་བ་དང་བྱེད་ཐབས་ཞིབ་ཕྲ་བཟོས་ནས། མཉམ་འཛིན་མཉམ་སྒྲུབ་ཀྱི་འགྲིལ་ཤུགས་ཆགས་པར་བྱས།
གཙོ་གནད་ཀྱི་ཁ་ཕྱོགས་ལ་དམིགས་ནས་བཅོས་སྐྱོང་བྱེད་དགོས། རིམ་པ་སོ་སོའི་མེ་གསོད་རོགས་སྐྱོབ་རུ་དཔུང་གིས་འབྲེལ་ཡོད་སྡེ་ཁག་ལ་མཉམ་འབྲེལ་བྱས་ནས། ཁོངས་གཏོགས་ཁུལ་གྱི་དོན་དངོས་དང་མཉམ་འབྲེལ་བྱས་ཏེ། ཕྱི་གྱང་ལེགས་སྒྱུར་དང་ནང་རོལ་མཛེས་སྤྲས། མེ་གསོད་སྒྲིག་ཆས་འཛུགས་པ། ཉིན་རྒྱུན་གྱི་དོ་དམ་སོགས་ཁྱབ་ཁོངས་བཞི་ལ་དམ་པོར་དམིགས་ནས། གྲལ་བཤེར་གྱི་གཙོ་གནད་རིགས་སོ་བདུན་དང་མངོན་མེད་རྐྱེན་ངན་རིགས་ཞེ་དྲུག་ལ་དཔྱད་སྡུར་བྱས་པ་དང་། ལས་ཁུངས་ཀྱིས་རང་བཤེར་དང་སྡེ་ཁག་གིས་སྐོང་འཐེན། མཉམ་འབྲེལ་ལྟ་སྐུལ་བཅས་ཀྱི་རྣམ་པར་བརྟེན་ནས། ཕྱོགས་ཡོངས་ནས་མཐོ་རིམ་འཛུགས་སྐྲུན་གྱི་ཁ་གྲངས་དང་བདེ་འཇགས་ཀྱི་གནས་བབ་ཤེས་རྟོགས་གསལ་བོ་བྱེད་དགོས།
དྲིལ་སྒྲོག་གི་རྨང་གཞི་ཇེ་བརྟན་དང་ཇེ་དྲག་ཏུ་བཏང་། ས་ཁུལ་སོ་སོའི་དགུན་དཔྱིད་མེ་སྐྱོན་འགོག་པའི་གནས་ཚུལ་དང་ཟུང་དུ་འབྲེལ་ནས། གཙོ་རྒྱུགས་སྨྱན་བྱད་ཀྱིས་དཔེ་གཞི་བསྒྲགས་པ་དང་བསྟུན་ཏེ། མེ་འགོག་ཤེས་བྱའི་གསབ་སྦྱོང་བྱ་བ་སོགས་སྤེལ་བ་དང་། མེ་གསོད་བདེ་འཇགས་ཤེས་བྱ་ཁྱབ་གདལ་དུ་བཏང་ནས། མང་ཚོགས་ཀྱི་བདེ་འཇགས་འདུ་ཤེས་མཐོར་འདེགས་སུ་བཏང